མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་དབྱིན་ཡུལ་བོད་རིགས་རྣམས་ལ་བཀའ་སློབ་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་ཕྱི་རྒྱལ་གྱི་བོད་པའི་ཕ་མ་རྣམས་ཀྱིས་བྱིས་པ་གཟའ་འཇུག་སློབ་གྲྭར་བསྐྱལ་བ་ཙམ་མིན་པར་ནམ་རྒྱུན་བྱིས་པ་དང་མཉམ་དུ་བོད་སྐད་བཤད་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་དབྱིན་ཡུལ་བོད་རིགས་རྣམས་བཀའ་སློབ་ལམ་སྟོན་གནང་། དྲ་ལམ་ཐད་གཏོང་ནས་པར་བླངས།

ཉེ་ལམ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ། དབྱིན་ཡུལ་ས་གནས་བོད་རིགས་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་སྐོར་བཀའ་སློབ་སྩལ་ཡོད་ཅིང་། སྐབས་དེར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱི་གཙོས་ས་གནས་བོད་རིགས་སེར་སྐྱ་མི་མང་དང་། ཕྱི་རྒྱལ་གྱི་དད་ལྡན་པ་སོགས་འཛོམས་ཡོད་འདུག

༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས། ཕྱི་ལོ་ ༢༠༡༩ ལོར་ང་རང་འདིར་བཅར་བ་ཡིན། བོད་རིགས་རྣམས་དང་ལྷན་དུ་ཐེངས་ཁ་ཤས་འཛོམས་པའི་གོ་སྐབས་བྱུང་། བོད་རིགས་རྣམས་དང་མཉམ་དུ་མཇལ་འཛོམས་བྱུང་ཐུབ་པར་ཧ་ཅང་དགའ་བོ་བྱུང་། བོད་རིགས་རྣམས་རྒྱལ་ཁབ་འདྲ་མིན་དང་ས་ཁུལ་འདྲ་མིན་དུ་གནས་སྡོད་བྱེད་བཞིན་ཡོད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་དེང་དུས་ཤེས་ཡོན་གྱི་གོ་སྐབས་དང་། ལས་ཀ  འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་འཛོམས་པོ་ཆགས་ཡོད། བོད་པ་རྣམས་ལུང་པ་དང་ས་གནས་འདྲ་མིན་དུ་གནས་ཡོད་ན་ཡང་།  གཙོ་བོ་བོད་པ་ཡིན་པའི་འདུ་ཤེས་མ་དོར་བ་བྱ་རྒྱུ་གལ་ཆེན་པོ་རེད། ཚེ་སྔོན་མའི་ལས་དང་བསོད་ནམས་ཀྱིས་བོད་མི་རིགས་ཀྱི་སྐྱེ་བ་ཞིག་བླངས་བ་རེད། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་དྲི་མ་མེད་པ་མཇལ་བའི་གོ་སྐབས་བྱུང་ཡོད། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྟ་བུའི་བླ་ན་མེད་པའི་དབུ་ཁྲིད་ཞིག་གི་ལམ་སྟོན་འོག་གནས་རྒྱུ་བྱུང་བ་རེད། དེ་ནི་ཧ་ཅང་གི་གོ་སྐབས་བཟང་པོ་དང་སྐལ་བ་བཟང་པོ་ཆགས་ཡོད། དེ་དག་ངོ་འཕྲོད་པའི་ཐོག་བོད་པ་ཡིན་པའི་འདུ་ཤེས་བརྟེན་པོ་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རྒྱུན་དུ་བཀའ་སློབ་ཕེབས་ཀྱི་ཡོད་པ་བཞིན། ང་ཚོ་བོད་པ་རྣམས་བཙན་བྱོལ་དུ་ཡོང་དོན་ནི་བོད་པའི་ནང་ཁུལ་མ་འཆམ་པར་ཡོང་བ་ཞིག་མ་རེད་ལ། བོད་ནང་དུ་ང་ཚོ་མུ་གེ་ཐེབས་ཏེ་ཟ་རྒྱུ་འཐུང་རྒྱུ་མེད་པའང་མ་རེད། ང་ཚོ་བཙན་བྱོལ་དུ་ཡོང་བའི་དམིགས་ཡུལ་ནི་རང་ཉིད་ཀྱི་རྒྱལ་ཁབ་ནང་དུ་ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་པའི་རང་དབང་མེད་པ་དང་། གནས་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པའི་རྐྱེན་གྱིས་རེད། དེར་བརྟེན་ང་ཚོའི་ཐོག་མའི་དམིགས་ཡུལ་བཞིན་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུད་འཛིན་བྱ་རྒྱུ་ལས་འགན་གཙོ་བོ་ཞིག་ཆགས་ཡོད། མི་སྒེར་གྱི་འཚོ་བ་དང་གནས་སྟངས་འགྲིག་པ་ཙམ་གྱིས་འདོད་པ་ཚིམས་ནས་མ་བསྡད་པར་རང་གི་མི་རིགས་ལ་ལ་རྒྱ་ཞིག་ཡོད་པའི་ཐོག་རིག་གཞུང་སོགས་རྒྱུད་འཛིན་གྱི་ལས་འགན་འཁུར་དགོས། བཙན་བྱོལ་བོད་པ་འདྲ་འདྲ་ནང་ནས་མི་འདྲ་བ་ཞིག་ཡིན་ཟེར་གྱི་ཡོད་པ་ལྟར། རིག་གཞུང་ལྟེ་གནས་ཁང་རྣམས་ཀྱང་ཚགས་ཚུད་ཡག་པོ་བྱུང་ཡོད། ཅེས་གསུངས་སོང་།

༧གླིང་རིན་པོ་ཆེ་མཆོག་ནས། ཕྱི་རྒྱལ་རྒྱལ་ཁབ་ཁག་ཏུ་རྒྱ་གར་བཞིན་བཙན་བྱོལ་གྱི་ཤེས་ཡོན་སྡེ་ཚན་ཁང་ཟུར་དུ་མེད་པར་བརྟེན། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་ཆག་འགྲོ་བའི་ཉེན་ཁ་ཞིག་ཆགས་ཀྱི་འདུག རྒྱ་གར་དང་ཕྱི་རྒྱལ་གྱི་བོད་ཕྲུག་རྣམས་ཀྱི་བསམ་བློ་འཁོར་སྟངས་མི་འདྲ་བ་ཆགས་ཡོད། ང་ཚོས་ཀྱང་གནས་སྟངས་དེའི་ཐོག་རིག་པ་གསར་བ་བཏང་སྟེ་རང་ཉིད་ཀྱི་སྐད་ཡིག་མི་ཉམས་རྒྱུད་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། བོད་མི་རིགས་ཀྱི་སྐད་ཡིག་ཡག་པོ་གནས་པར་བོད་སྐད་བཤད་ཤེས་དགོས་ཀྱི་འདུག་པས། བྱིས་པ་ཆུང་ཆུང་ཡིན་དུས་ནས་བོད་སྐད་བསླབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱིམ་ཚང་ནང་དུ་བྱིས་པ་དང་མཉམ་དུ་བོད་སྐད་ཐོག་ནས་རྒྱུན་ལྡན་སྐད་ཆ་བཤད་ཚེ། བྱིས་པ་རྣམས་ཀྱིས་ཀྱང་རང་བཞིན་གྱི་བོད་སྐད་བཤད་ཐུབ་པ་མ་གཏོགས། གཟའ་འཇུག་སློབ་གྲྭར་འགྲོ་རུ་བཅུག་ཀྱང་རྒྱུན་ལྡན་བོད་སྐད་བེད་སྤྱོད་མེད་ན་དཀའ་ངལ་ཞིག་ཆགས་ཡོད། ཕ་མ་ཚང་མས་བུ་ཕྲུག་ལ་ལོ་གཉིས་ནས་བཅོ་ལྔའི་བར་དུ་བོད་སྐད་ཤེས་པ་བྱ་དགོས། ང་ཚོས་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་ཕ་མ་རྣམས་ཀྱིས་བོད་སྐད་བསླབ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་བཞིན་རིན་པོ་ཆེ་མཆོག་ནས། མ་འོངས་བར་བོད་མི་རིགས་མུ་མཐུད་གནས་དང་མི་གནས་ནི་གཙོ་བོ་མི་རབས་གཞོན་པར་འབྲེལ་བ་ཆགས་ཡོད། མི་རབས་རྒན་པ་རྣམས་འཇིག་རྟེན་ཆོས་ཉིད་ཀྱི་དབང་གིས་རྫོགས་འགྲོ་བཞིན་ཡོད་པས། མ་འོངས་བའི་ལོ་བཅུ་དང་བཅོ་ལྔའི་རྗེས་སུ་ད་ལྟའི་བྱིས་པ་ཆུང་ཆུང་རྣམས་ཀྱི་འགན་འཁུར་ཆགས་དུས། ཁོང་ཚོར་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་ཉམས་མྱོང་མེད་དུས་ཧ་ཅང་ཁག་པོ་ཆགས་ཀྱི་རེད། ཚང་མས་མཁྱེན་གསལ་ལྟར་རྒྱ་གཞུང་གིས་བོད་ནང་དུ་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་དམ་དྲག་བྱེད་ཀྱི་ཡོད་ལ། རང་ཉིད་ཀྱི་བསམ་བློར་འཁོར་བའི་སྐད་ཆ་དེ་ཁ་ནས་བཤད་པའི་རང་དབང་མེད། བཙན་བྱོལ་ནང་གི་བོད་མི་ཚོས་ཁ་ཡོད་ལག་ཡོག་ཐོག་བོད་ནང་གི་བོད་མི་ཚོའི་ཐོག་ཕན་ཐོགས་བྱ་རྒྱུ་ཁག་པོ་རེད་དེ། བཙན་བྱོལ་ནང་གི་བོད་མི་ཚོས་བྱེད་ཐུབ་པ་ནི་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་དེ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese