མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་པན་རྒྱལ་ཁབ་ནང་མི་རྒྱུ་གཉིས་ལ་རང་བྱུང་གོད་ཆག་གི་དཀའ་ངལ་འཕྲད་མུས་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་ཀྱི་སི་པན་རྒྱལ་ཁབ་ནང་དྲག་ཆར་དང་ཆུ་ལོག་རྒྱུག་སྟེ་ཉུང་མཐར་མི་གྲངས་ ༡༥༨ ལྷག་རྐྱེན་འདས་དང་མི་མང་པོ་གར་སོར་ཆ་མེད་དུ་གྱུར་ཡོད་པས། ད་ལྟ་དམག་མི་ ༡༢༠༠ ལྷག་གིས་མྱུར་སྐྱོབ་བྱེད་མུས་ཡིན་འདུག

Damaged cars are seen along a road affected by torrential rains that caused flooding, on the outskirts of Valencia, Spain, October 31. REUTERS/Eva Manez Purchase Licensing Rights

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཡུ་རོབ་རྒྱལ་ཁབ་སི་པན་ནང་བདུན་ཕྲག་གཅིག་རིང་ཆར་བ་ཤུགས་ཆེན་བབས་རྐྱེན། སི་པན་ནང་མི་རྒྱུ་གཉིས་ལ་རང་བྱུང་གོད་ཆག་གི་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། སི་པན་ལྷོ་ཤར་ཁུལ་དུ་དྲག་ཆར་དང་ཆུ་ལོག་རྒྱུག་སྟེ་ཉུང་མཐར་མི་གྲངས་ ༡༥༨ རྐྱེན་འདས་དང་། མི་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག དེའི་ཁྲོད་དུ་ཝ་ལེན་ཤི་ཡ་ཁུལ་གྱི་མི་གྲངས་ ༡༥༥ རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། ཧེ་ཕོ་ཐར་མི་ཡ་ཁུལ་དུ་དབྱིན་ཡུལ་ནས་ཡིན་པའི་ལོ་ ༧༡ ཅན་གྱི་རྒན་པོ་ཞིག་རྐྱེན་འདས་སུ་གྱུར། གྲོང་ཁྱེར་གྱི་གཞུང་ལམ་དང་ཁང་པ་སོགས་ཆུས་བསྐོར་ཡོད་སྟབས། གནས་སྐབས་རིང་སློབ་གྲྭ་དང་འགྲིམ་འགྲུལ་སོགས་སྒོ་བརྒྱབ་ཡོད་འདུག་ལ། དེ་བཞིན་སི་ཕན་གྱི་མུར་ཤི་ཡ་དང་། མཱ་ལཱ་གྷ། ཨན་ཌ་ལུ་ཤི་ཡ་སོགས་ཉེ་འགྲམ་གྱི་ས་ཁུལ་ཁག་ཏུའང་དེ་མཚུངས་དཀའ་ངལ་འཕྲད་བཞིན་ཡོད་ཅིང་།  ད་ལྟ་དམག་མི་ ༡༢༠༠ ལྷག་གིས་མྱུར་སྐྱོབ་བྱེད་མུས་ཡིན་འདུག

སི་པན་གྱི་ནང་སྲིད་བློན་ཆེན་ཨན་གྷལ་ཝེ་ཁི་ཌིར་ཌོ་རེ་སི་ལགས་ཀྱིས། ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ནས་བཟུང་དྲག་ཆར་འབབ་མགོ་ཚུགས་ཡོད་པ་དང་། ད་ལྟ་བར་ཉུང་མཐར་མི་གྲངས་ ༡༥༨ རྐྱེན་འདས་ཕྱིན་ཡོད་པའི་ཁྲོད། ཝི་ལེན་ཤི་ཡ་ཁུལ་དུ་མི་གྲངས་ ༡༥༥ རྐྱེན་འདས་ཕྱིན་ཡོད། ཆུ་ལོག་གིས་གྲོང་སྡེ་དང་ལམ་ཁ་མང་པོ་གཏོར་བཤིག་བཏང་ཡོད་པ་མ་ཟད། ས་ཆ་གཙང་བཟོ་བྱེད་པར་གློག་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག དེ་བཞིན་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པས། དེ་དག་གི་གྲངས་ཀ་གསལ་བོ་ཤེས་ཀྱི་མི་འདུག  ང་ཚོས་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། གར་སོང་ཆ་མེད་དུ་གྱུར་བ་རྣམས་ད་དུང་རྙེད་ཐུབ་ཀྱི་མི་འདུག ང་ཚོས་ཁོང་ཚོ་གསོན་པོ་གནས་པར་རེ་བ་རྒྱག་རྒྱུ་མི་འདུག ཅེས་བརྗོད་འདུག

ཁ་སང་སི་པེན་གྱི་སྲིད་བློན་པེ་ཌི་རོ་སན་ཆེ་སི་མཆོག་ཝ་ལེན་སི་ཡ་རུ་གཟིགས་སྐོར་གནང་སྐབས། ཆུ་ལོག་གིས་གནོད་སྐྱོན་ཕོག་པའི་ས་ཁུལ་ཁག་ལ་སི་པན་གཞུང་ནས་རྒྱབ་སྐྱོར་ཆ་ཚང་གནང་རྒྱུའི་ཁས་ལེན་བྱས་ཡོད་ཅིང་།  ཁོང་གིས་ད་དུང་ཆུ་ལོག་གི་གནས་སྟངས་བརྟན་པོ་བྱུང་མེད་པས། མི་མང་རྣམས་ཁྱིམ་དུ་སྡོད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། གལ་ཆེ་ཤོས་ནི་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་མྱུར་དུ་འཚོལ་རྒྱུ་དེ་ཡིན།  གོད་ཆག་ཕོག་པའི་ས་ཁུལ་ཆེད་མྱུར་སྐྱོབ་དང་བསྐྱར་བཟོ་མཐུན་རྐྱེན་སྦྱོར་རྒྱུ་ཡིན། ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་ཨུར་སུ་ལ་ཝོན་ཌེར་ལེ་ཡེན་དང་བཀའ་མོལ་བྱུང་སྟེ། ཡུ་རོབ་མཐུན་ཚོགས་ཀྱི་རོགས་སྐྱོབ་ཀྱི་ཞལ་བཞེས་ཐོབ་པ་མ་ཟད། མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་ཀྱང་དགོས་ངེས་མཁོ་སྤྲོད་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ཁོར་ཡུག་ཉམས་ཞིབ་པ་ཚོས་སི་པན་ནང་དྲག་ཆར་འབབ་པའི་རྒྱུ་རྐྱེན་གཙོ་བོ་ནི་གྷོ་ཊ་ཧྥི་རི་ཡ་(gota fria)ཞེས་པའི་རང་བྱུང་གི་གནམ་གཤིས་འགྱུར་ལྡོག་ཅིག་ཡིན་པ་ངོས་འཛིན་བྱས་ཡོད་པ་དང་།  དེ་ནི་སི་པན་ནང་སྟོན་ཁ་དང་དགུན་ཁའི་དུས་སུ་རླུང་གྲང་མོས་རྒྱ་མཚོའི་མཐའ་སྐོར་གྱི་ཆུ་དྲོན་མོའི་སྟེང་དུ་བབས་པ་ལས་བྱུང་བ་ཞིག་ཡིན་པར་བརྗོད་འདུག

ཚན་རིག་པ་ཚོས་བྷི་བྷི་སི་གསར་ཁང་ལ་བརྗོད་པ་ལྟར་ན། འཛམ་གླིང་གི་དྲོད་ཚད་འཕེལ་བའི་རྐྱེན་གྱིས་སྤྲིན་པས་ཆར་པ་མང་བོ་འཁྱེར་གྱི་ཡོད། བཟོ་ལས་དུས་རབས་མགོ་ཚུགས་པ་ནས་བཟུང་། འཛམ་གླིང་གི་དྲོད་ཚད་ ༡.༡ ཙམ་འཕར་ཡོད། གལ་སྲིད་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་རླངས་གཟུགས་ཕྱིར་འབུད་ཚད་ཉུང་དུ་གཏོང་མ་ཐུབ་ཚེ། འཛམ་གླིང་གི་དྲོད་ཚད་མུ་མཐུད་དུ་འཕར་རྒྱུ་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༡ ལོར་འཇར་མན་ནང་ཆུ་ལོག་ཆེན་པོ་ཞིག་རྒྱུག་སྟེ་མི་གྲངས་ ༡༨༥ ལྷག་རྐྱེན་འདས་བྱུང་ཡོད་པ་དང་།  ཕྱི་ལོ་ ༡༩༧༠ ལོར་རོ་མེ་ནི་ཡའི་ནང་མི་གྲངས་ ༢༠༩  རྐྱེན་འདས་བྱུང་། ཕྱི་ལོ་ ༡༩༦༧ ལོར་པོར་ཅུ་གྷལ་ནང་ཆུ་ལོག་གི་རྐྱེན་གྱིས་མི་གྲངས་ ༥༠༠ ཙམ་རྐྱེན་འདས་ཕྱིན་འདུག ཕྱི་ལོ་ ༡༩༥༩ ལོར་སི་པན་གྱི་གྲོང་ཚོ་རི་བ་ཌེལ་ལ་གོར་ནང་ཆུ་ལོག་གི་རྐྱེན་གྱིས་མི་གྲངས་ ༡༤༤ རྐྱེན་འདས་སུ་གྱུར།  དེ་ནི་རང་བྱུང་གི་གོད་ཆག་ཅིག་མིན་པར་བེ་ག་ཌེ་ཊེ་རའི་ཆུ་མཛོད་ཀྱི་ཆུ་རགས་ཞིག་རལ་དུ་ཕྱིན་པའི་རྐྱེན་གྱིས་རེད་འདུག དེ་བཞིན་ཕྱི་ལོ་ ༡༩༥༧ ལོར་ཝ་ལེན་སི་ཡ་གྲོང་ཁྱེར་ནང་ཆུ་ལོག་གི་རྐྱེན་གྱིས་མི་གྲངས་ ༡༠ ལྷག་རྐྱེན་འདས་སུ་གྱུར།  གྲོང་ཁྱེར་དེའི་ནང་ཆུ་ལོག་མི་ཡོང་བའི་ཆེད་དུ་ཏུ་རི་ཡ་གཙང་པོའི་ཆུ་རགས་གསར་བཟོ་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese