མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སངས་རྒྱས་ཟ་བ་ཞེས་པའི་བོད་འགྱུར་དཔེ་དེབ་ཅིག་དབུ་འབྱེད་བྱས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་འགྲོ་བ་མིིའི་རིགས་བྱུང་བའི་ལོ་རྒྱུས་ཁྲོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་འདི་འདྲ་བོད་པ་མ་གཏོགས་བྱུང་མྱོང་མེད། ཅེས་བརྗོད་སོང་།

ཁ་སང་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གོ་སྒྲིག་འོག ཨ་རིའི་གསར་འགོད་པ་གྲགས་ཅན་བྷ་བྷི་ར་སྒྲེ་མེག་ལགས་ཀྱིས་བརྩམས་པའི་སངས་རྒྱས་ཟ་བ་ཞེས་པའི་བོད་འགྱུར་མའི་དཔེ་དེབ་ཅིག་དབུ་འབྱེད་བྱས་ཡོད་ཅིང་། མཛད་སྒོའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས། སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས། དེ་བཞིན་བཀའ་སྤྱི་ཟུར་པ་དང་ཉམས་ཞིབ་པ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་འཛོམས་སོང་།

སངས་རྒྱས་ཟ་བའི་དཔེ་དེབ་བོད་སྒྱུར་བ་བདེ་པོ་འཚོ་ལགས་ཀྱིས། བྷ་བྷི་ར་སྒྲེ་མེག་ལགས་ནི་གསར་འགོད་པ་དཀྱུས་མ་ཞིག་མ་ཡིན་པར། ཁོང་མོས་རྒྱལ་སྤྱིའི་གོ་རྟོགས་མེད་པའི་ས་ཁུལ་ཁག་གི་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་པ་མ་ཟད། ཡུ་རོབ་དང་ཨེ་ཤ་ཡའི་ནང་སྲིད་གཞུང་གི་བཙན་གནོན་འོག་ཡོད་པའི་མི་མང་གི་དཀའ་སྡུག་ལ་བཅར་འདྲི་བྱས་ཡོད་པའི་ཆེད་དེབ་གསུམ་བརྩམས་ཡོད་པའི་ཁྲོད།  ཕྱི་ལོ་ ༡༩༩༢ ལོ་ནས་ ༡༩༩༥ ལོ་བར་ཡུ་རོབ་བྷོ་སི་ནི་ཡ་རྒྱལ་ཁབ་ནང་མི་མང་གི་དཀའ་སྡུག་སྐོར་ལོ་གྷ་ཝི་ན་སྲང་ལམ་ཞེས་པའི་དཔེ་དེབ་ཅིག་དང་།  ཕྱི་ལོ་ ༢༠༠༡ ལོར་ལྷོ་བྱང་ཀོ་རི་ཡའི་མི་མང་གི་དཀའ་སྡུག་སྐོར་ལ་ཡིད་སྨོན་འཆོར་དགོས་ས་གང་ཡང་མེད་ཅེས་པའི་དཔེ་དེབ་དང་། ཕྱི་ལོ་ ༢༠༠༧ ལོ་ནས་རྒྱ་ནག་གི་ཨི་ལོམ་ཕིག་རྩེད་འགྲན་དང་། ས་བྱི་ལོའི་ཞི་རྒོལ་ཆེན་མོ། བོད་ནང་གི་རང་ལུས་མེར་བསྲེགས་བཅས་ཀྱི་སྐོར་སངས་རྒྱས་ཟ་བ་ཞེས་པའི་དཔེ་དེབ་བརྩམས་ཡོད་སྐོར་དང་། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སུ་སངས་རྒྱས་ཟ་བ་ཞེས་པའི་དཔེ་དེབ་དེ་ཀློག་པའི་གོ་སྐབས་བྱུང་བ་མ་ཟད།  དཔེ་དེབ་ཀྱིས་རང་ཉིད་ལ་ཚོར་ཤུགས་ཆེན་པོ་སྤྲད་དེ་མིག་ཆུ་བཞུར་མྱོང་ཡོད་སྐོར་དང་། དགེན་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་བོད་སྒྱུར་བྱས་ན་ལེགས་པའི་སྐུལ་འདེད་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་མོ་རང་གི་ནུ་བོས་རང་ལུས་མེར་བསྲེགས་བཏང་བ་དང་། སྤོ་ལགས་ཀྱང་རྒྱ་གཞུང་གིས་མེ་མདས་བསད་ཡོད་སྟབས། རང་ཉིད་སྒེར་གྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པས་དཔེ་དེབ་འདི་བོད་སྒྱུར་བྱེད་པའི་མགོ་ཚུགས་པ་ཞིག་ཡིན་སྐོར་སོགས་བརྗོད་སོང་།

སངས་རྒྱས་ཟ་བའི་དཔེ་དེབ་ཀྱི་པར་སྐྲུན་སྐོར་ལ་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་ལགས་ཀྱིས། ཕྱི་ལོ་ ༢༠༠༩ ལོར་བོད་ནང་རང་ལུས་མེར་བསྲེགས་བྱུང་རྗེས་གནད་དོན་དེ་ཚོར་བ་ཆེན་པོ་ཞིག་ཡོད་ཀྱང་། ད་ལྟ་གསར་འགྱུར་བརྒྱུད་ལམ་དང་ཡིག་ཐོག་ནས་འཚོལ་དགོས་པའི་ཕྱིར་དྲན་ཙམ་ཞིག་ཆགས་ཡོང་གི་ཡོད་པའི་སྐབས་འདིར། སངས་རྒྱས་ཟ་བ་ཞེས་པའི་དཔེ་དེབ་འདི་དཔར་འགྲེམས་ཐུབ་པ་བྱུང་བར་སྤོབས་པ་དང་དགའ་བ་སྐྱེ་དགོས་པ་ཞིག་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་དུས་རྒྱུན་རང་ལུས་མེར་སྲེག་གནང་མཁན་རྣམས་ནི་སེམས་ཁམས་མི་བདེ་བ་དང་བཟའ་ཚང་གི་དཀའ་རྙོག་ཡོད་མཁན། ཕྱི་ཕྱོགས་ནས་བརྒྱུད་སྐུལ་བྱས་པ་སོགས་ལ་བརྟེན་ནས་བྱུང་ཡོད་སྐོར་གྱི་འཁྱོག་བརྗོད་བྱེད་ཀྱི་ཡོད་ཀྱང་། དཔེ་དེབ་འདིའི་ནང་གསར་འགོད་པ་གྲགས་ཅན་བྷ་བྷི་ར་སྒྲེ་མེག་ལགས་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ནི་མི་རབས་ནས་མི་རབས་བརྒྱུད་ཡོང་བའི་ལོ་རྒྱུས་ཀྱི་རྨ་ཁ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་དང་གཅིག དེ་བཞིན་རང་ལུས་མེར་བསྲེགས་གནང་རྗེས་ནང་མི་དང་སྡེ་བ། གྲོགས་གྲོགས་མོ། ཐ་ན་རང་སྲེག་སྐབས་ཁྲོམ་སྲང་དུ་འགྲོ་བཞིན་པ་རྣམས་ལའང་གང་བྱུང་གཅར་རྡུང་འདྲི་རྩད་དང་འཛིན་བཟུང་བཀག་ཉར་བྱས་པ་སོགས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱོང་གི་ཡོད་པ་རྣམས་དཔེ་དེབ་འདིའི་ནང་ཡུལ་དངོས་ཀྱི་མིའི་མྱོང་བ་དངོས་གཞི་ལ་བཞག་ནས་ཁ་གསལ་བྲིས་ཡོད་པ་དེ་ནི་གལ་གནད་ཆེན་པོ་ཡིན་སྐོར་བརྗོད་སོང་།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས། དཔེ་དེབ་འདིའི་འབྲི་སྟངས་ནི་དངོས་ཡོད་ཀྱི་གནས་སྟངས་ཡིན་པ་གང་ཞིག་ལ་བོད་ནང་གི་མིའི་མིང་དངོས་སུ་བཤད་མེད། དངོས་སུ་བྱུང་བའི་གནས་སྟངས་ཞིབ་ཕྲ་བྲིས་འདུག དེ་དག་མཚམས་རེར་སྒྲུང་གི་རྣམ་པའི་ཐོག་ནས་བྲིས་འདུག ཀློག་པ་པོར་མཚོན་ན་སྒྲུང་གི་རྣམ་པའི་ཐོག་བྲིས་པ་ཀློག་སྤྲོ་བོ་ཡོང་གི་ཡོད། རྩོམ་པ་པོ་དབྱིན་ཡིག་ཐོག་ཚིག་སྦྱོར་ཧ་ཅང་མཁས་པོ་ཡོད་པས། རྒྱ་ཡིག་ཐོག་ནས་བཀླག་ཀྱང་ཚིག་སྦྱོར་ཧ་ཅང་སྙན་པོ་འདུག དེབ་འདིའི་ནང་བོད་ནང་གི་ས་ཆ་གཅིག་གི་གནས་སྟངས་བྲིས་ཡོད་ཀྱང་། འདི་ནི་བོད་ཡོངས་རྫོགས་ལ་བྱུང་བའི་གནས་སྟངས་ཤིག་རེད། རྒྱ་གཞུང་གིས་དྲག་གནོན་འོག་བོད་མི་མང་གི་སྡུག་བསྔལ་དང་ངོ་རྒོལ་བྱས་པའི་གནས་ཚུལ་ཞིབ་ཚགས་ཀྱིས་འབྲི་གལ་ཆེན་པོ་རེད། ཅེས་བརྗོད་སོང་། 

མཇུག་ཏུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ང་རང་ཐའེ་ཝན་དོན་གཅོད་དུ་བསྡད་པའི་སྐབས་སུ་རང་ལུས་མེར་བསྲེགས་སྐོར་ལ་རྒྱ་མི་དང་གསར་འགོད་པའི་དྲི་བ་མང་པོར་ལན་འདེབས་བྱས་མྱོང་ཡོད་པས། དེའི་སྐོར་ང་རང་ཉམས་མྱོང་ཤུགས་ཆེན་པོ་ཡོད་བསམ་སྟེ་སྐད་ཆ་བཤད་པར་སྐད་བཏང་པར་ཁས་ལེན་ཞུས་པ་ཡིན། ཡིན་ནའང་དཔེ་དེབ་འདི་ནི་རང་ལུས་མེར་བསྲེགས་སྐོར་ཙམ་མ་རེད། འདི་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ཀྱི་དཔེ་དེབ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་འདུག སྤྱིར་བོད་ཀྱི་དེང་རབས་ལོ་རྒྱུས་བཤད་དུས་བཙན་བྱོལ་གྱི་ལོ་རྒྱུས་གཙོ་བོ་བཤད་ཀྱི་འདུག དཔེ་དེབ་འདིའི་ནང་གཙོ་བོ་བོད་ནང་གི་ལོ་རྒྱུས་བྲིས་འདུག ནམ་རྒྱུན་ང་ཚོས་ལོ་རྒྱུས་ཟེར་དུས་རྒྱལ་པོ་དང་། བློན་པོ། དམག་དཔོན་རྣམས་ཀྱི་ལོ་རྒྱུས་མ་གཏོགས་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་ལ་རྒྱལ་པོ་དང་བློན་པོ་སོགས་མེད་པས་མི་མང་གཅིག་པོ་ལྷག་བསྡད་ཡོད། དམག་དཔོན་དང་དཔོན་པོ་སོགས་ཡོད་ན་རྒྱ་གཞུང་དབང་བསྒྱུར་འོག་མི་མང་དཀྱུས་མ་བཞིན་སྡུག་པོ་བཏང་ཡོད། དེའི་སྐབས་སུ་བོད་ཀྱི་ལོ་རྒྱུས་ཁོང་ཚོར་ཐུག་བསྡད་པ་ཞིག་ཆགས་ཡོད། དཔེ་དེབ་འདི་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཆགས་ཡོད་པ་མ་ཟད། འདིའི་ནང་གི་གནད་དོན་ཁ་རྒྱུན་དུ་བསྡད་པ་མ་གཏོགས་ཡིག་ཐོག་ཏུ་མེད་པ་མང་པོ་བྲིས་འདུག ཅེས་དང་། སྔོན་མ་ལོ་རྒྱུས་བཤད་དུས་བོད་ཀྱི་དཔོན་པོ་དང་བླ་མ་རྣམས་ཀྱིས་མ་འཇོན་ཚེ། བོད་ཀྱི་མ་འཇོན་པའི་རྣམ་པ་ཞིག་མཐོང་གི་ཡོད་ཀྱང་། དཔེ་དེབ་འདིའི་ནང་བོད་ཀྱི་མི་མང་གིས་རྒྱ་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་སྟོན་བྱས་ཡོད་འདུག ཅེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese