མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་ཕྱུག་ལགས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ཉིན་གྲངས་ ༡༥ རིང་བཀག་ཉར་བྱས་འདུག (བསྐྱར་བཅོས)

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ཉིན་གྲངས་ ༡༥ རིང་འདྲི་རྩད་བཀག་ཉར་བྱས་འདུག

བོད་སྐད་ཡིག་གི་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས།

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྒེར་གྱི་དྲ་ལམ་དུ་ཉེ་སྔོན་ཁོང་བསྐྱར་དུ་འཛིན་བཟུང་བཀག་ཉར་བྱས་པའི་འབྲེལ་ཡོད་ཡིག་ཆ་གསུམ་སྤེལ་འདུག་ལ། ཡིག་ཆའི་ནང་དུ་གསལ་བ་ལྟར་ན། ཕྱི་ལོ་ ༢༠༢༤ ཟླ་ ༦ ནས་བཟུང་ཁོང་གིས་མགྱོགས་འཕྲིན་དང་འཁྱུག་དབྱིངས་སོགས་ཀྱི་ནང་ཐེངས་མང་སྲིད་གཞུང་ལ་བསྙད་འདོགས་དང་འཁྱོག་བརྗོད། སྲིད་གཞུང་གི་ཐག་གཅོད་ལ་ངེས་བཟུང་མེད་པའི་གཏམ་བརྗོད་སྤེལ་ཏེ། དྲ་ལམ་དང་སྤྱི་ཚོགས་ཀྱི་སྒྲིག་གཞིར་རྙོག་ཟིང་ཚབས་ཆེན་བསླངས་ཡོད་པར་བརྟེན། སྐྱེ་རྒུ་མདོ་གྲོང་ཁྱེར་སྲིད་འཛིན་བཀག་ཉར་ཁང་དུ་ཕྱི་ཟླ་ ༡༠ ཚེས་ ༢༠ ནས་ཕྱི་ཟླ་ ༡༡ ཚེས་ ༤ བར་བཀག་ཉར་བྱ་རྒྱུ་ཡིན་ཞེས་བྲིས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོར་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། རྒྱ་ནག་ཉེན་རྟོག་པས་བཀྲ་ཤིས་དབང་ཕྱུག་ལགས་སྒ་སྐྱེ་རྒུ་མདོའི་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བཙན་འཁྲིད་བྱས་རྗེས་གོ་ཐོས་མེད་པར་གྱུར་ཡོད་པ་དང་། ཁོང་ལ་སྲིད་འཛིན་བཀག་ཉར་གྱི་ཉེས་ཆད་བཅད་ཡོད་སྐོར་བརྗོད་བྱུང་། ད་དུང་རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ནས་བཀྲ་ཤིས་དབང་ཕྱུག་ལགས་ལ་སྲིད་གཞུང་གི་བོད་སྐད་ཡིག་དང་འབྲེལ་བའི་ལས་དོན་ལ་ཇུས་གཏོགས་བྱེད་མི་ཆོག་པའི་ཉེན་བརྡ་ཡང་བཏང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་གཏུག་གནང་ཡོད་པ་མ་ཟད། པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་འགྲེལ་བརྗོད་བྱས་ཏེ་ཕྱིར་བསྒྲགས་བྱས་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་གསང་བའི་ཐོག་ནས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༤ བར་ནང་མིར་ཤེས་རྟོགས་བྱུང་བཅུག་མེད་པ་མ་ཟད། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་བཞག་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག བཀྲ་ཤིས་དབང་ཕྱུག་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་བཅད་དེ་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ཚེས་ ༡༤ ཉིན་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་འགྲོ་འདུག་ལ་རང་དབང་མེད་པ་མ་ཟད། ཡང་ནས་བསྐྱར་དུ་བཀག་སྐྱིལ་དང་འདྲི་རྩད་གཅར་རྡུང་བཏང་ཡོད་པ་རེད།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༩ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese