མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ཞེས་པའི་བོད་འགྱུར་དཔེ་དེབ་ཅིག་དབུ་འབྱེད་བྱས།

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་འཛུམ་མདངས་དང་སྤྲོ་སྣང་གི་རྒྱབ་ཏུ་ལུས་པའི་ལྐོག་གྱུར་གྱི་སྐྱོ་གར་དང་བོད་ཀྱི་ལོ་རྒྱུས་ཀྱི་ཆག་འཇིག་དག་སྒྲུང་གཏམ་གྱི་ཁྲོད་དུ་གསལ་སྟོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ཞེས་པའི་ཞེས་པའི་བོད་འགྱུར་དཔེ་དེབ་ཅིག་དབུ་འབྱེད་བྱས། བོད་ཀྱི་དཔེ་མཛོད་ཀྱི་ཐད་གཏོང་ནས་བླངས། ༢༠༢༤།༡༡།༢༠

དེ་རིང་བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་ན་གཞོན་རྩོམ་པ་པོ་བུད་མེད་ཚེ་རིང་གཡང་འཛོམས་ལགས་ཀྱིས་བརྩམས་ཤིང་། ལོ་ཙཱ་བ་བྱམས་པ་བསྟན་འཛིན་ལགས་ཀྱིས་བོད་བསྒྱུར་བྱས་པའི་འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ (We Measure the Earth with Our Bodies) ཞེས་པའི་དེབ་དེ་དབུ་འབྱེད་བྱས་ཡོད་པ་མ་ཟད། སྐབས་དེར་རྩོམ་པ་པོ་ཚེ་རིང་གཡང་འཛོམས་ལགས་ཀྱིས། བརྩམས་སྒྲུང་ཁྲོད་ལོ་རྒྱུས་ཀྱི་སྐྱོ་གར་གྱི་ཆ་ཤས་རེ་རེ་དཔེར་བླངས་ཏེ། རང་དབང་ལྡན་པའི་བསམ་བློའི་འཆར་སྣང་གི་ཁྲོད་ན་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་དང་དོན་རྐྱེན་བཞེངས་སྐྲུན་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་བྱུང་།

 སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ངས་ཐོག་མར་དཔེ་དེབ་འདི་ཀློག་སྐབས། དེ་དངོས་སྒྲུང་ཡིན་ནམ་རྟོག་སྒྲུང་ཡིན་ནམ་སྙམ་པའི་དྲི་བ་ཞིག་སླེབས་སོང་། ཞིབ་ཀྱིས་ཀློག་དུས་དཔེ་དེབ་འདིའི་ཁྲོད་རྟོག་སྒྲུང་དང་དངོས་སྒྲུང་གཉིས་ཐག་འཐག་པ་བཞིན་མཉམ་དུ་བསྲེས་ནས་བྲིས་ཡོད་པའི་ཁར། འབྲི་ལུགས་ཀྱི་ཆ་ནས་སྒྲུང་གཏམ་ཁྲོད་རྩོམ་པ་པོས་མི་སྣ་དག་རྟོག་བཏགས་ཀྱིས་བཟོས་བཞག་པ་ཞིག་ཡིན་འདུག་ལ། སྒྲུང་གཏམ་དེ་དངོས་གནས་ཧ་ལས་པའི་ཡག་པོ་བྲིས་འདུག་པས། བོད་པ་ཞིག་གིས་རྟོག་སྒྲུང་འདི་འདྲ་ཞིག་བྲིས་པར་དངོས་གནས་དགའ་པོ་བྱུང་། ཞེས་དང་། ཚེ་རིང་གཡང་འཛོམས་ལགས་ཀྱིས་བརྩམས་སྒྲུང་འབྲི་སྐབས་ཀྱི་མི་སྣ་བཞེངས་སྐྲུན་དང་དོན་རྐྱེན་གྱི་དཀྱོག་མཚམས་གསལ་སྟོན་བྱེད་སྟངས་སོགས་ཀྱི་ཐད་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་ཁར། སྒྲུང་གཏམ་དེའི་ཁྲོད་བོད་མི་དག་གི་དགའ་སྤྲོ་དང་འཛུམ་མདངས་ཀྱི་གསེབ་ཏུ་ལུས་པའི་ལྐོག་གྱུར་གྱི་སྐྱོ་གར་དང་མི་རིགས་ཤིག་གི་ཆག་འཇིག་གི་གནས་བབ་དག་རྣམ་པ་མང་པོ་ཞིག་གི་ཐོག་ནས་གསལ་སྟོན་བྱས་ཐུབ་ཡོད་པའི་སྐོར་དང་། བོད་མི་རིགས་འདི་འགྱེལ་ས་ནས་ཡར་ལངས་དགོས་ན། ངེས་པར་དུ་ཤེས་ཡོན་ལ་བརྟེན་ནས་འཛམ་གླིང་གི་མཐོ་སར་འགྲེང་དགོས་པས། ཤེས་རིག་གི་ཐོག་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ན་གཞོན་རྩོམ་པ་པོ་བུད་མེད་ཚེ་རིང་གཡང་འཛོམས་ལགས་ཀྱིས། ངས་དཔེ་དེབ་འདི་འབྲི་སྐབས་མི་སྣ་སྐད་གྲགས་ཅན་སོགས་གང་ལའང་གཞི་བཞག་ནས་བྲིས་པ་ཞིག་མིན་པར། རང་གི་ཕ་མ་དང་སྤུན་ཉེ་སོགས་བོད་མི་དཀྱུས་མ་དག་གི་མི་ཚེ་ལ་གཞི་བཞག་ནས་བྲིས་པ་ཡིན། འཛམ་གླིང་མི་མང་གིས་བོད་མི་དཀྱུས་མ་དག་གི་མི་ཚེའི་ལོ་རྒྱུས་དེ་སྣང་མེད་དུ་འཇོག་གི་ཡོད་ཀྱང་། ང་ལ་མཚོན་ན་ཁོང་ཅག་གི་མི་ཚེའི་ལོ་རྒྱུས་དེ་ཧ་ཅང་གལ་ཆེན་པོ་ཡིན། བརྩམས་སྒྲུང་གི་བརྗོད་སྙིང་གཙོ་བོ་ནི་མིའི་མི་ཚེ་ནི་ཆེས་དོན་སྙིང་ལྡན་པ་ཞིག་ཡིན་སྟབས། མི་ཚེ་དེར་ཞིབ་ཚགས་ཀྱིས་དོ་སྣང་གིས། རྟོག་སྒྲུང་ཁྲོད་ཀྱི་མི་སྣ་དེ་དག་གི་ཁོག་ཏུ་ཞུགས་ནས་ཁོང་ཅག་གི་བསམ་བློ་དང་། དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་མང་དག་ཅིག་གསལ་སྟོན་བྱ་རྒྱུ་དེ་ཡིན། དེ་བས་བོད་མི་ཞིག་ཡིན་ན་རང་རང་གི་དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་དང་འདྲེས་པའི་སྒྲུང་གཏམ་མང་པོ་ཞིག་རྒྱལ་སྤྱིའི་མང་ཚོགས་ཀྱི་མིག་ལམ་དུ་འདྲེན་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ཡང་ཁོང་མོས། བརྩམས་སྒྲུང་ཁྲོད་ལོ་རྒྱུས་ཀྱི་སྐྱོ་གར་གྱི་ཆ་ཤས་རེ་རེ་དཔེར་བླངས་ཏེ། རང་དབང་ལྡན་པའི་བསམ་བློའི་འཆར་སྣང་གི་ཁྲོད་ན་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་དང་དོན་རྐྱེན་བཞེངས་སྐྲུན་བྱ་རྒྱུ་གལ་ཆེན་ཡིན་པས། བོད་མི་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་དང་འབྲེལ་བའི་རྟོག་སྒྲུང་འབྲི་སྐབས། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པའི་གཉའ་གནོན་གྱི་ལོ་ཟླ་དག་གསལ་སྟོན་བྱ་དགོས་ཀྱང་།  ཁག་ཅིག་གིས་བོད་མིའི་གདོང་གི་འཛུམ་མདངས་དང་སྤྲོ་སྣང་ལྡན་པའི་བོད་མིའི་སེམས་ཁམས་གསལ་སྟོན་བྱེད་ཐབས་བྱེད་ཀྱི་འདུག་ཀྱང་། བོད་མིའི་འཛུམ་མདངས་དང་སྤྲོ་སྣང་གི་རྒྱབ་ཏུ་ལུས་པའི་ལྐོག་གྱུར་གྱི་སྐྱོ་གར་དང་བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་དག་སྒྲུང་གཏམ་གྱི་ཁྲོད་དུ་གསལ་སྟོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

བོད་ཀྱི་ན་གཞོན་རྩོམ་པ་པོ་ཚེ་རིང་གཡང་འཛོམས་ལགས་ཀྱི་བརྩམས་ཆོས་འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ཞེས་པའི་ནང་། ཕྱི་ལོ་ ༡༩༦༠ ལོར་བོད་ཀྱི་ནང་མི་ཞིག་གི་འཚོ་བའི་གནས་བབ་མཚོན་ཐབས་བྱས་ཡོད་ཅིང་། སྐྱབས་བཅོལ་ནང་མི་དེས་བོད་ནས་རང་ཁྱིམ་བཞག་སྟེ་བལ་ཡུལ་གྱི་སྐྱབས་བཅོལ་གཞིས་སྒར་དང་། དེ་ནས་ཁེ་ན་ཌར་གནས་སྤོར་བྱས་སྐོར་སོགས་བྲིས་ཡོད་ལ། བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་བཙན་བྱོལ་བོད་མི་ཞིག་གི་ངེས་གཏན་མེད་པའི་དཀའ་སྡུག་གི་འཚོ་བ་གསལ་སྟོན་བྱས་ཡོད་ལ། རྒྱལ་ཁབ་དང་ཕ་ས་ཕ་ཡུལ་གཞན་ལག་ཏུ་ཤོར་བའི་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་ན་ཟུག་རེ་རེ་འབྲི་ཐབས་བྱས་ཡོད།

ལྡི་ལིའི་ཨིན་དྷི་ར་པར་ས་ཊ་བུད་མེད་མཐོ་སློབ་ (Indraprastha College for Women ) ཏུ་དབྱིན་ཡིག་སློབ་དཔོན་ཆེན་པོའི་ལས་གནས་གཉེར་མྱོང་མཁན། ད་ལྟ་ཁེ་ན་ཌར་གནས་སྡོད་རྩོམ་པ་པོ་དང་སྙན་ངག་མ་སྐལ་བཟང་དབྱངས་འཛོམས་ལགས་ཀྱིས་བྲིས་པའི་ཚེ་རིང་གཡང་འཛོམས་ཀྱི་བརྩམས་ཆོས་དང་འབྲེལ་བའི་དཔྱད་བརྗོད་ནང་།  འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ཞེས་པའི་བརྩམས་ཆོས་འདི་ནི་བོད་མིས་བྲིས་པའི་དབྱིན་རྩོམ་ཇེ་མང་དུ་འགྲོ་བཞིན་པའི་སྡེ་ལ་ཁ་སྣོན་ཁྱད་པར་བ་ཞིག་རེད། སྒྲུང་ནི་སྒྲུང་ཙམ་ཞིག་གཏན་ནས་མིན་པར། དེས་ཁྱེད་ལ་དོན་དག་མང་པོ་ཞིག་ཚོར་ཐུབ་པ་དང་། མཐོང་བ། ཐོས་འཇུག་པའི་ནུས་པ་ཡོད་པ་མ་ཟད། ཁྱེད་རང་རྒྱ་ཆེ་བའི་འཛམ་གླིང་འདིར་གཅིག་པུ་མིན་པ་ཡང་ཤེས་སུ་བཅུག་ཡོད་ལ།  རྩོམ་རིག་གི་སྡིངས་ཆའི་སྟེང་བོད་པའི་མིང་འོག་ཏུ་དམར་རྟགས་རྒྱག་བཞིན་ཧ་ལམ་ཕྱི་མི་ཡིན་པའི་རྣམ་པ་སྟོན་བཞིན་པའི་སྐབས་སུ། སྒྲུང་རྩོམ་འདིའི་ནང་བོད་པའི་མིང་མི་འདྲ་བ་མང་པོ་མཐོང་ཐུབ་པ་ནི་སེམས་འགུལ་ཐེབས་པ་ཞིག་རེད། ཅེས་དང་། འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ནི་མདོར་བསྡུས་ན་ང་ཚོར་བཤུ་གཞོག་ཇི་འདྲ་བྱེད་མིན་མ་ལྟོས་པར་སྟོབས་ཆེན་དགྲ་བོར་ཁ་གཏད་ནས་མུ་མཐུད་རང་དབང་འཐབ་རྩོད་བྱེད་པའི་མིའི་རིགས་ཀྱི་འཚོ་གནས་དང་རེ་འདུན་གྱི་སྙིང་སྟོབས་འགྱུར་བ་མེད་པ་དེ་གསལ་པོ་མཚོན་པར་བྱས་པའི་བརྩམས་ཆོས་ཤིག་ཡིན། ཞེས་བརྗོད་ཡོད་འདུག

རྩོམ་པ་པོ་ཚེ་རིང་གཡང་འཛོམས་ལགས་ནི་བལ་ཡུལ་དུ་སྐྱེས་འཚར་བྱས་ཡོད་ཅིང་། ཕྱིས་སུ་ཁེ་ན་ཌར་གནས་སྤོས་བྱས་ཏེ། གསར་རྩོམ་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་རིག་གནས་རབ་འབྱམས་པའི་ལག་ཁྱེར་བླངས། ཁོང་མོས་ཁོ་ལུམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་ (Columbia University) ནས་སྒྱུ་རྩལ་རྩོམ་རིག་ (Master of Fine Arts) ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་།  ཁོང་མོའི་བརྩམས་ཆོས་འཛམ་གླིང་གཉིས་ཀྱི་སྲུབས་ཀར་འཁྱམས་པའི་རྣམ་ཤེས་ལ་རྩོམ་པ་པོ་དང་སྙན་ངག་པ་མང་པོ་ཞིག་གིས་གདེང་འཇོག་མི་ཉུང་བ་ཞིག་གནངས་དང་གནང་མུས་ཡིན་འདུག་ལ།  ཕྱི་ལོ་ ༢༠༢༣ ལོར་རྟོག་སྒྲུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་ཡོད་པའི་ཁར། ད་ལྟ་དཔེ་དེབ་དེ་འཛམ་གླིང་གི་སྐད་ཡིག་བཞིའི་ནང་བསྒྱུར་ཚར་ཡོད་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese