མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་འདུག  

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་དགུན་དུས་གྲོས་ཚོགས་དང་བསྟུན་བོད་ཀྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དྲུག་གིས་གྲུབ་པའི་བོད་དོན་ཞུ་གཏུག་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ལྡི་ལི་ཁུལ་དུ་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག

བོད་ཀྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དྲུག་གི་སྐུ་ཚབ་ཀྱིས་གྲུབ་པའི་ཚོགས་ཆུང་ཞིག་གིས་ལྡི་ལི་རུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་བསྐུར། ༢༠༢༤།༡༡།༢༨

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གྲོས་ཚོགས་གོང་འོག་གཉིས་དགུན་དུས་ཀྱི་གྲོས་ཚོགས་འཚོག་མུས་ཡིན་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༩ བར་བོད་ཀྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དྲུག་སྟེ།  དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་བཅས་ཀྱིས་གྲུབ་པའི་ཚོགས་ཆུང་ཞིག་གིས་དགོས་འདུན་ཚན་གསུམ་གྱི་ཐོག་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག་ལ། དེ་རིང་ཕྱི་ཚེས་ ༢༨ བར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་ ༧ ལྷག་གི་གྲོས་ཚོགས་འཐུས་མི་ ༢༡ ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག

དེའི་ཐད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལན་བོད་དོན་ཞུ་གཏུག་མཐུན་ཚོགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མུས་ཡིན། ཞུ་གཏུག་དེ་ཐོག་མ་བདུན་འདིའི་རེས་གཟའ་ཟླ་བ་ནས་མགོ་བཙུགས་ཡོད་ཅིང་། དེ་རིང་ཕྱི་ཚེས་ ༢༨ བར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་བདུན་གྱི་འཐུས་མི་ ༢༡ དང་མཇལ་འཕྲད་དང་རྒྱ་གར་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུ་ཡོད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས། ད་ལན་གྱི་ཞུ་གཏུག་སྐབས་བོད་དེ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་རྒྱབ་སྐྱོར་དང་རྒྱ་གར་གྲོས་ཚོགས་སུ་བོད་དོན་གླེང་སློང་དང་། ལྷག་པར་གྲོས་ཚོགས་འཐུས་མི་དག་གིས་བོད་དང་རྒྱ་གར་གྱི་མཐའ་མཚམས་ཡིན་པ་ལས་རྒྱ་དཀར་ནག་གི་མཐའ་མཚམས་མིན་པའི་ཐད་ལ་གླེང་སློང་དགོས་པ། དེ་བཞིན་སང་ལོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་གཏོང་གི་ཡོད་སྟབས། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་རྗེས་དང་། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་སྤེལ་གྱི་སླད་དུ་ངལ་བ་འཛད་མེད་བསྐྱོན་པར་རྒྱ་གར་གྲོས་ཚོགས་སུ་གླེང་སློང་དང་ངོས་འཛིན་དགོས་པ། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་བབ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བའི་སྲིད་ཇུས་ཐད་སེམས་འཚབ་ཆེན་པོས་གླེང་སློང་དང་། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་བོད་དོན་ཞུ་གཏུག་མུ་མཐུད་དུ་བྱེད་མུས་ཡིན། ཞེས་བརྗོད་བྱུང་། 

བོད་དོན་ཞུ་གཏུག་གི་ཚོགས་ཆུང་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣའི་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐབས་བྱ་རྒྱུ་ཡིན་པའི་མུར།  ད་ལན་རྒྱ་གར་གྱི་དགུན་དུས་ཀྱི་གྲོས་ཚོགས་ཚོགས་དུས་དང་བསྟུན་བོད་དོན་ཞུ་གཏུག་གི་ལས་འགུལ་ཐོག་མ་དེ་སྤེལ་མུས་ཡིན་པའི་ཁར། ད་ལན་གྱི་ཞུ་གཏུག་ལས་འགུལ་དེའི་ཁྲོད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཁོར་ཡུག་རིག་པའི་འབུམ་རམས་པ་བློ་བཟང་དབྱངས་འཛོམས་ལགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་ཆོས་ཉིད་སྒྲོལ་མ་ལགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་དཔལ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་ལེགས་ལྡན་ལགས། འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་དགྲ་འདུལ་ལགས་བཅས་ཀྱིས་མཉམ་ཞུགས་གནང་གི་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

ཆུ་ཚོད་ ༣ སྔོན་ལ།
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༨།༢༡
Mobile App

ཕྱི་ལོ་ ༢༠༢༥ ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཞུགས་མཁན་མང་ཤོས་སུ་གྱུར།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་དང་བོད་དང་བོད་མིའི་མགྲིན་ཚབ་པ་ཞེས་པའི་ཕྱག་དེབ།
བསམ་ཚུལ།

ཆབ་སྲིད་ཀྱི་འདུན་པ་མེད་པ་ལ་ཐུག་ཡོད།

ཆུ་ཚོད་ ༦ སྔོན་ལ།
སྲིད་སྐྱོང་མཆོག་ནས་སྐྱབས་རྗེ་ཏཱ་ཡི་སི་ཏི་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས།
Mobile App

སྲིད་སྐྱོང་མཆོག་གིས་ད་ལྟ་བར་དུ་བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་དེ་རུབ་སྡོད་གཞིས་ཆགས་ལ་བརྟེན་ནས་བྱུང་བ་རེད་ཅེས་གསུངས་འདུག

ཆུ་ཚོད་ ༦ སྔོན་ལ།
ནེའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པས་ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་བཞིན་པ། ༢༠༢༥།༨།༢༠
Mobile App

ཆུ་ཚོད་ཉེར་བཞིའི་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག  

ཆུ་ཚོད་ ༨ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese