མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཐོ་སློབ་ཏུ་བོད་ཀྱི་བདུན་ཕྲག་ཅེས་པ་ཞིག་སྲུང་གཙི་གནང་གི་འདུག  

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་ཉམས་ཞིབ་ལྟེ་གནས་ཁང་ཞིག་སྒོ་འབྱེད་བྱས་ཏེ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་འཚོག་བཞིན་འདུག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་ཉམས་ཞིབ་ལྟེ་གནས་ཁང་ཞིག་སྒོ་འབྱེད་བྱས་ཏེ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་འཚོག་བཞིན་འདུག ༢༠༢༤།༡༢།༠༢ འབྲེལ་ཡོད་ཀྱི་པར།

རྒྱ་གར་ལྷོ་ཕྱོགས་ཀྱི་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས། དེ་རིང་ཕྱི་ཚེས་ ༢ ནས་ ༧ བར་ཉིན་གྲངས་དྲུག་རིང་བོད་ཀྱི་བདུན་ཕྲག་ཅེས་པའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་ཆེད་དུ་དམིགས་པའི་ལས་གཞི་ཞིག་སྤེལ་བཞིན་འདུག  དེ་རིང་དང་སང་ཉིན་གཉིས་ལ་མཐོ་སློབ་ཀྱི་ཆེད་སྦྱོང་སྡེ་ཚན་གྱི་གོ་སྒྲིག་འོག སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་ཞིང་། ཚོགས་འདུའི་ཐོག་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་འབྲེལ་མཐུད་པ་སློབ་དཔོན་ཀ་རི་གྷར་ཀེ་ར་ཨེ(C.S Karigar)། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། དེ་བཞིན་བོད་ཀྱི་མཐོ་སློབ་ཁག་གི་སློབ་དཔོན་དང་འབུམ་རམས་པ། ཉམས་ཞིབ་པ་སོགས་ཚོགས་ཞུགས་པ་ ༩༠ ལྷག་འཛོམས་འདུག  

དབུ་འབྱེད་མཛད་སྒོའི་ཐོག་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་ཀྱིས། དེ་རིང་གི་མཛད་སྒོ་འདི་ནི་བོད་ཀྱི་བདུན་ཕྲག་དང་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་གཉིས་ཀྱི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཆགས་ཡོད། དེ་བཞིན་ངེད་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་འབུམ་རམས་པའི་ལས་གཞི་མགོ་བཙུགས་ནས་ལོ་ལྔ་ཙམ་འགྲོ་མུས་ཡིན་ལ། ན་ནིང་ལོར་འབུམ་རམས་པའི་སློབ་མ་ཐོག་མ་དེའང་ཐོན་ཡོད་པས།  ང་ཚོས་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་གྱིས་ཉམས་ཞིབ་ཀྱི་སློབ་སྦྱོང་ཞིག་འབུལ་མུས་ཡིན་སྟབས། ཉམས་ཞིབ་ཀྱི་ལྟེ་གནས་ཁང་ཞིག་ཀྱང་དབུ་འབྱེད་བྱེད་པའི་ཉིན་མོ་ཆགས་ཀྱི་ཡོད། ཉམས་ཞིབ་ལྟེ་གནས་ཁང་དེའང་སྔོན་མ་འབུམ་རམས་པའི་ལས་གཞི་མགོ་འཛུགས་སྐབས། ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་དགོངས་གཞི་བཞིན་ཉམས་ཞིབ་པའི་ལྟེ་གནས་ཁང་ཞིག་ལོགས་སུ་བཙུགས་པ་ཞིག་ཆགས་ཀྱི་ཡོད། ལྟེ་གནས་ཁང་དེར་བོད་ཀྱི་ཉམས་ཞིབ་པ་གང་མང་བསྡུས་ཐབས་ཀྱིས་དེང་རབས་ཀྱི་ཉམས་ཞིབ་ཀྱི་ཐབས་ལམ་སོགས་བརྒྱུད་ནས་ཉམས་ཞིབ་པའི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུའི་རེ་བ་བཅང་གི་ཡོད། ཅེས་དང་། ད་ལན་བོད་ཀྱི་བདུན་ཕྲག་གི་ལས་གཞིའི་ཁོངས་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དེ་ཐོག་མ་ཆགས་ཡོད་ཅིང་། དེ་ནི་བོད་ཀྱི་སྐད་ཡིག་དར་སྤེལ་དང་། རྒྱུན་འཛིན། དེ་བཞིན་ཉམས་ཞིབ་ཀྱི་ཐབས་ལམ་གང་མང་བརྒྱུད། སྐད་ཡིག་རྒྱུན་འཛིན་གྱི་གནས་བབ་ཇེ་ཆེར་གཏོང་ཐབས་དང་། སླད་མར་ཡང་ཉམས་ཞིབ་པ་རྣམས་ཀྱིས་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་གང་ལེགས་ཡོང་ཐབས་གཙོ་བོར་དམིགས་པ་ཡིན་སྐོར་སོགས་བརྗོད་སོང་། 

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས། ངས་དེ་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་བྱས་པའི་ཚོགས་འདུ་དེ་ཧ་ཅང་གལ་གནད་ཅན་ཞིག་ཏུ་མཐོང་གི་ཡོད། ངས་ཚོགས་འདུ་འདི་གལ་ཆེན་ཡིན་ཚུལ་སྐོར་དང་འབྲེལ་ནས་རྒྱ་གར་ནང་བོད་ཀྱི་ཤེས་ཡོན་འཕེལ་རིམ་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ཞུས་ན། རྒྱ་གར་ནང་བོད་ཀྱི་ཤེས་རིག་དར་སྤེལ་གྱི་རིམ་པ་གཉིས་ཡོད་ཅིང་། རིམ་པ་དང་པོ་ནི་ཕྱི་ལོ་ ༡༨༣༠ ནས་ ༡༩༤༧ ལོ་བར་ཏེ་དབྱིན་ཇི་བཙན་རྒྱལ་ཆེན་པོས་རྒྱ་གར་ལ་དབང་བསྒྱུར་བྱེད་པའི་དུས་སྐབས་ལ་ཁེལ་ཡོད། དུས་རབས་བཅུ་དགུ་བར་བོད་ནི་ནུབ་ཕྱོགས་རྒྱལ་ཁབ་ཅིག་གིས་གོ་ཐོས་མེད་པའི་ས་གནས་གསར་པ་ཞིག་ཡིན་པ་རེད། དུས་རབས་བཅུ་དགུ་པའི་མགོ་སྟོད་དུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་བོད་ཀྱི་ས་བབ་ཆགས་ཚུལ་དང་། རིག་གཞུང་རྟོག་ཞིབ་ཀྱི་ལས་གཞི་ཞིག་ཐོག་མར་བརྩམས་པ་རེད། བོད་ཀྱི་ཆེས་ཐོག་མའི་ཉམས་ཞིབ་པའམ་བོད་རིག་པ་བ་དག་ནི་སྐུ་ཚབ་ཚོགས་ཆུང་ངམ་གསང་ཉུལ་བ། ཆོས་སྤེལ་བ་བཅས་ཡིན་ཞིང་། ཁོང་ཅག་ནི་བོད་རིག་པ་རྒྱ་གར་དུ་ཐོག་མར་སྤེལ་མཁན་དག་ཡིན། རྒྱ་གར་ནང་བོད་རིག་པའི་རིམ་པ་གཉིས་པ་ནི་རྒྱ་གར་རང་བཙན་ཐོབ་ཚར་བའི་རྗེས་ཏེ། ཕྱི་ལོ་ ༡༩༥༧ ཏེ་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་སྐབས། རྒྱ་གར་སྲིད་བློན་ནེ་རུ་ཡིས་བ་ཀུ་ལ་རིན་པོ་ཆེ་བོད་དུ་མངགས་ནས་བོད་ནང་གི་གནས་བབ་རྟོག་ཞིབ་སོགས་བྱེད་བཅུག་པ་རེད། ཅེས་བརྗོད་སོང་། དེ་སྔ་བོད་མི་རྣམས་བཙན་བྱོལ་དུ་ཡོང་རྗེས་རྒྱ་གར་གྱི་མཐོ་རིམ་སློབ་གཉེར་ཁང་མང་དག་ཅིག་ཏུ་བོད་རིག་པ་བཙུགས་ཡོད་ཀྱང་ཕྱིས་སུ་མེད་པ་ཆགས་རེད། ད་ལན་གྱི་བདུན་ཕྲག་གཅིག་གི་ལས་རིམ་འདི་ནི་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་བརྒྱུད་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱ་གར་གྱི་སྤྱི་ཚོགས་སོགས་སུ་གོ་རྟོགས་སྤེལ་བའི་གོ་སྐབས་དམིགས་བསལ་ཞིག་ཡིན་སྐོར་སོགས་བརྗོད་སོང་།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་ཉམས་ཞིབ་ལྟེ་གནས་ཁང་ཞིག་སྒོ་འབྱེད་བྱས་ཏེ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་འཚོག་བཞིན་འདུག ༢༠༢༤།༡༢།༠༢ འབྲེལ་ཡོད་ཀྱི་པར།

དེ་བཞིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེད་སྦྱོང་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ཀྱིས། བོད་ཀྱི་མི་རབས་རྒན་པ་རྣམས་ཀྱིས་བོད་ཀྱི་རིག་གཞུང་ཐོག་རྨང་གཞི་བཏིང་བར་དུས་ཚོད་མང་པོ་བཏང་ཡོད་ཅིང་། མི་རབས་གཞོན་པ་རྣམས་ཀྱིས་སྐད་ཡིག་འདྲ་མིན་དང་བརྗོད་གཞི་སྣ་མང་ཐོག་ཏུ་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་བྱས་ཏེ། བོད་ཀྱི་ནང་ཆོས་དང་། རིག་གཞུང་། ཡུལ་སྲོལ། གོམས་གཤིས་སོགས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསྐྱལ་རྒྱུ་འོས་འགན་ཆགས་ཡོད་ལ། ཕ་མེས་ནས་བརྒྱུད་པའི་ཡ་རབས་བཟང་སྤྱོད་དེ་འཛམ་གླིང་ཐོག་ངོམས་སུ་རུང་བ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་བཞིན་འཛམ་གླིང་མི་མང་ལ་ཞབས་ཕྱི་བསྒྲུབ་ཐུབ་པ་ཞིག་ཡིན་པས། ཐེངས་འདིའི་ཤེས་རིག་གི་སྡིངས་ཆ་བརྒྱུད་ནས་ཚོགས་བཅར་བ་རྣམས་ཀྱིས་རྣམ་དཔྱོད་ཀྱི་རྩལ་ངོམས་ཏེ། བོད་ཀྱི་ཤེས་རིག་གི་མ་འོངས་པའི་བགྲོད་ལམ་ལ་སྔར་ལས་ལྷག་པའི་འོད་སྟོང་འབར་བའི་མདུན་ལམ་ཞིག་བསྐྲུན་རྒྱུ་གལ་ཆེན་ཡིན་པའི་སྐོར་བརྗོད་སོང་།

  དེ་རིང་བོད་རིག་པའི་ཚོགས་འདུ་དེའི་ཐོག་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་བོད་ཀྱི་བརྡ་སྤྲོད་ཁོ་ནར་གསལ་བའི་ཡི་གེའི་རྟགས་ཀྱི་གཞུང་ལུགས་གཞན་དང་། དགེ་བཤེས་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང༌ལགས་ཀྱིས་ནང་བསྟན་སྐད་བརྡ་རིག་པ་དང་སྒྲ་རྟོག་ཡུལ་ལ་འཇུག་ཚུལ་བར་གྱི་འབྲེལ་བ། འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་བོད་སྐད་ཀྱི་གྲུབ་ཆ་གཙོ་བོ་ཡི་གེ་བཅུ་གླེང་བ། འབུམ་རམས་པ་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་བོད་ཀྱི་བཙོན་མའི་བརྩམས་ཆོས་ཀྱི་བྱུང་བ་དང་གནས་བབ་བསྐྱར་ཞིབ། ཨཱཅཱརྱ་ཨག་ལོ་ལགས་ཀྱིས་བཀའ་དྲུང་ཤེལ་དཀར་གླིང་པ་མི་འགྱུར་ལྷུན་གྲུབ་ཀྱི་ལྷ་ས་དྲན་གླུ་དང་རང་ཚུལ་བརྗོད་པའི་ཀ་བཤད་ཀྱི་གཙོས་པའི་ཁོང་གི་བརྩམས་ཆོས་སྐོར་གླེང་བ། མཁན་པོ་དཀོན་མཆོག་ཐུབ་བསྟན་ལགས་ཀྱིས་ལ་དྭགས་ཀྱི་ཐོག་མའི་མི་རིགས་འཕེལ་རིམ་དང་རིག་གཞུང་ལ་ཤུགས་རྐྱེན་ཐེབས་ཚུལ་རགས་བསྡུས་དཔྱད་པ། འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་དུས་རབས་བཅོ་ལྔ་ནས་བཅོ་བརྒྱད་བར་དུ་མཚོ་ཁར་གནས་སྡོད་བྱས་པའི་སོག་པོའི་གནས་བབ་ལ་ལྟ་བ། དགེ་བཤེས་ཁྲི་གཡུང་དྲུང་ལགས་ཀྱིས་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོན་དང་འབྲེལ་བའི་ཡིག་ཆ་ངོས་འཛིན། ལོ་རྒྱུས་སློབ་དཔོན་ལ་སྟོད་ནོར་བུ་ལགས་ཀྱིས་སོ་བློན་དབའ་གསལ་སྣང་གི་མཛད་རྗེས་གླེང་བ། འབུམ་རམས་པ་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང༌ལགས་ཀྱིས་ལེགས་སྦྱར་དང་པཱ་ལི་སོགས་ནས་བསྒྱུར་བའི་བོད་སྐད་དུ་བཀའ་བསྟན་ཇི་ཡོད་སྐོར། དགེ་བཤེས་ལྷ་རམས་པ་ཉི་མ་དབང་ཕྱུག་གིས་ཕྱྭ་བ་ཆོས་སེང་གེས་གསར་གཏོད་བྱས་པའི་རྩོད་སྒྲུབ་རིག་པ་གཞུང་ལུགས་ཞིབ་འཇུག་གི་དཔྱད་ཐབས་སུ་བཀོད་པའི་ཕན་ནུས་གླེང་བ་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་འདུག

སང་ཉིན་ཕྱི་ཚེས་ ༣ ཉིན་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་ལི་ཡུལ་སོགས་ཨེ་ཤི་ཡ་དབུས་མའི་ཡུལ་ཁག་ནས་ཤཱཀྱ་ཐུབ་པའི་བསྟན་པ་བོད་ཡུལ་དུ་དར་ཁྱབ་བྱུང་སྐོར་དང་། འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་མན་ཇུ་གོང་མས་༧རྒྱལ་དབང་སྐུ་ཕྲེང་འགར་ཕུལ་བའི་གསེར་ཐམ་གྱི་གནས་བབ་ལ་དཔྱད་པ། བཀྲ་ཤིས་དོན་གྲུབ་ལགས་ཀྱིས་མངོན་ཆུང་དུ་ལྷག་པའི་སློབ་དཔོན་སེང་གེ་ཞབས་འབྲིང་པའི་སྐྱེས་རབས་ངོ་སྤྲོད་དང་མ་དཔེ་བསྐྱར་གསོའི་བརྒྱུད་རིམ་ལ་རོབ་ཙམ་དཔྱད་པ། ལོ་རྒྱུས་སློབ་དཔོན་ཡེ་ཤེས་བསམ་གྲུབ་ལགས་ཀྱིས་མི་ལོ་བཞི་བཅུ་ལྷག་ཙམ་རིང་སྟག་ལུང་དགོན་དང་སྡེ་འབངས་བཅས་པ་གཞུང་བཞེས་མཛད་པའི་རྒྱབ་ལྗོངས་དང་སྐབས་དེའི་གནས་བབ་སྐོར་སོགས་ཀྱི་བརྗོད་གཞི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག  

ཐེངས་འདིའི་བོད་ཀྱི་བདུན་ཕྲག་གི་ལས་རིམ་ཁྲོད། བོད་ཀྱི་སྨན་རྩིས་ཁང་གིས་བོད་ཀྱི་གསོ་བ་རིག་པ་དང་སྨན་གཞུང་གི་འགྲེམས་སྟོན་དང་གཏམ་བཤད་ཀྱི་ལས་རིམ། དེ་བཞིན་བོད་ཀྱི་དུས་ཐུང་གློག་བརྙན་གཟིགས་འབུལ་དང་དཔྱད་གླེང་། བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་དང་རྒྱ་གར་གྱི་འབྲེལ་ལམ་ཐད་ཀྱི་འགྲེམས་སྟོན། བོད་ཀྱི་ཐུན་མོང་མ་ཡིན་པའི་རྩམ་པ་བཟོ་སྟངས་དང་ཁྱད་ཆོས་སོགས་སྐོར་གྱི་འགྲེམས་སྟོན། བོད་ཀྱི་ཟས་རིགས་ཀྱི་དུས་སྟོན། བོད་ཀྱི་རིག་གཞུང་དུས་སྟོན། དཀྱིལ་འཁོར་བཞེངས་སྟངས་སོགས་འགྲེམས་སྟོན་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།  རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 2 སྔོན།

    མཁས་དབང་བེ་རི་སྐུ་མཆེད་མིན་འདུག་པས་གང་བྱས་སོང་བ་ཡིན་ནམ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese