མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་གི་གྲངས་འབོར་དང་དམིགས་བསལ་དགོས་མཁོ་ཅན་གྱི་གནད་དོན་ཐོག་བགྲོ་གླེང་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དོན་བགྲོ་གླེང་སྟེང་རྒྱ་གར་དང་བོད་མིའི་ཤེས་ཡོན་ཆེད་ལས་བ་རྣམས་ཀྱིས་གྲོས་གཞི་དོན་ཚན་ལྔའི་ཐོག་བགྲོ་གླེང་གནང་འདུག

བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དོན་བགྲོ་གླེང་། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༤།༡༢།༠༥

ཁ་སང་དང་དེ་རིང་ཉིན་གྲངས་གཉིས་རིང་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེའི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག  བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དོན་བགྲོ་གླེང་ཞེས་པ་ཞིག་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་།ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཚོགས་ཀྱི་ངེས་སྟོན་པ་ཟུར་པ་སྐུ་ཞབས་ཁིར་ཤི་ན་ཀུ་མཱར་ལགས། (Centre for Learning) ཞེས་པའི་བསྟི་གནས་ཁང་གི་དགེ་རྒན་ཀ་མ་ལཱ་མུ་ཀུན་ད་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ངེས་སྟོན་པ་ཟུར་པ་ཀརྨ་ཆུང་བདག་ལགས། ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་གཙུག་ལག་སློབ་དཔོན་ལ་ཏི་ཀཱ་གུབ་ཏཱ་ལགས། (iTeach School) ཞེས་པའི་སློབ་གྲྭའི་འགན་འཛིན་ནེ་ཧཱ་བི་ད་ཡ་ལགས། (CETE) ཚོགས་པའི་ཚོགས་གཙོ་པད་མ་སང་པ་ནི་ལགས། དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་ཟུར་པ་འབྲུག་ཚེ་རིང་ལགས། དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་ངག་དབང་ལྷ་མོ་ལགས། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་སོགས་མཉམ་ཞུགས་གནང་འདུག

འདི་གའི་གསར་འགོད་པས་ཐེངས་འདིའི་བགྲོ་གླེང་སྐོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་ཆེད་དོན་བགྲོ་གླེང་ཐོག་རྒྱ་གར་གྱི་ཤེས་ཡོན་ཆེད་ལས་མཁས་པ་དང་། བོད་པའི་ཤེས་ཡོན་གྱི་ཆེད་ལས་པ་དང་ཉམས་མྱོང་ཅན་གྱི་མི་སྣ་གདན་འདྲེན་ཞུས་ཏེ། ཁོང་རྣམས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་རྒྱབ་ལྗོངས་ཤེས་པའི་ཉམས་མྱོང་ཐོག་གྲོས་བསྡུར་སྦྱངས་བཤད་གནང་ཡོད་པ་མ་ཟད། ཐེངས་འདིར་ཆེད་ལས་བ་རྣམས་ཀྱིས་གྲོས་གཞི་དོན་ཚན་ལྔའི་ཐོག་བགྲོ་གླེང་བྱས་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་བསམ་འཆར་གང་འཚམ་འབྱོར་གྱི་རེད། བསམ་འཆར་འདིའི་ཐོག་ནས་ཤེས་རིག་ལས་ཁུངས་ཀྱི་མ་འོངས་བའི་ལོ་ལྔ་དང་བཅུའི་འཆར་གཞི་ཡོང་གི་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནད་དོན་གཙོ་བོ་གང་གི་སྐོར་ལ་མཁས་པའི་བགྲོ་གླེང་གནང་ཡོད་དྲིས་པར་ཁོང་གིས། ཐེངས་འདིར་བགྲོ་གླེང་གཙོ་བོ་ཤེས་ཡོན་གྱི་སྤུས་ཚད་ཆེད་དུ་རེད། ད་ལྟ་ང་ཚོས་གདོང་ལེན་བྱེད་དགོས་པའི་གནད་དོན་གཅིག་ནི་བཙན་བྱོལ་དུ་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དེ་རེད། སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པས་ཤེས་ཡོན་གནས་ཚད་ཐོག་ཤུགས་རྒྱག་པ་དགོས་པ་རེད། ཡོན་ཤེས་སྤུས་ཚད་ཡར་རྒྱས་གཏོང་པར་དགེ་རྒན་གྱི་སློབ་ཁྲིད་ཡར་རྒྱས་དང་། འགན་སྐྱོང་ཚགས་ཚུད། ཕ་མ་མཉམ་ཞུགས་ཀྱི་གནད་དོན་སོགས་ལ་བགྲོ་གླེང་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དོན་བགྲོ་གླེང་། དུས་བབ་ཀྱི་པར། ༢༠༢༤།༡༢།༠༦

བགྲོ་གླེང་འདི་བརྒྱུད་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་ལེགས་བཅོས་ག་རེ་གཏོང་འཆར་ཡོད་མེད་དྲིས་བར་ཁོང་གིས། ད་ལྟ་རང་ལེགས་བཅོས་གཏོང་བའི་འཆར་གཞི་གང་ཡོད་མེད་ཞུ་ཚོད་ཐིག་གི་མི་འདུག ཐེངས་འདིའི་བགྲོ་གླེང་གི་ཉིན་གྲངས་གཉིས་རིང་བསམ་འཆར་གང་འཚམ་འབྱོར་གྱི་རེད། བསམ་འཆར་འདི་དག་ཕྱོགས་སྒྲིག་བྱས་ཏེ་མ་འོངས་བར་ཆེད་ལས་མི་སྣ་དང་ཚོགས་པ་ཁག་ལ་འབྲེལ་བ་ཞུས་ནས་ལས་འཆར་དང་ལག་ལེན་གྱི་ངོ་བོ་ཡོང་གི་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

འདི་གའི་གསར་འགོད་པས་བཙན་བྱོལ་བོད་མིའི་ཤེས་ཡོན་ལེགས་བཅོས་གཏོང་ཕྱོགས་སྐོར་བོད་ཁྱིམ་ཤེས་ཡོན་འགན་འཛིན་ཟུར་བ་འབྲུག་ཚེ་རིང་ལགས་སུ་དྲིས་པར་ཁོང་གིས། ང་རང་སྒེར་གྱི་ངོས་ནས་བསམ་བློ་བཏང་ཚེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་གཏོང་རྒྱུ་བཤད་མ་དགོས་པ་ཞིག་རེད། ཕ་མ་དང་དགེ་རྒན་བར་གྱི་འབྲེལ་ལམ་བཟང་པོ་ཉར་སྟེ།དུས་དང་རྣམ་པ་ཀུན་དུ་བྱིས་པ་རྣམས་ལ་འཛིན་གྲྭ་དང་ཁྱིམ་ཚང་ནས་བོད་ཀྱི་སྐད་ཡིག་གི་དབྱིངས་བསླེབས་འཇུག་དགོས། གལ་ཆེ་ཤོས་ཤིག་ནི་དགེ་རྒན་གྱི་སློབ་ཁྲིད་ཀྱི་ཐབས་ལམ་རེད། བྱིས་པའི་སེམས་ཁམས་དང་བསྟུན་ནས་ཤེས་ཡོན་གྱི་གནས་ཚད་དེ་སྤྲོད་ཐུབ་དགོས་པ་རེད། དེ་བཞིན་དགེ་རྒན་རྣམས་སློབ་ཕྲུག་གསོ་སྐྱོང་བྱེད་པར་ཐང་མི་ཆད་པའི་སེམས་ཤུགས་ཤིག་དགོས་ཀྱི་འདུག དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་གི་སྤྲོ་བ་ཡོད་པ་བཟོ་ཐུབ་དགོས་ཀྱི་འདུག ངས་ཀྱང་དགེ་རྒན་བྱས་པའི་ཉམས་མྱོང་ནང་བྱིས་པའི་ནུས་པ་ཕྱི་རུ་འདོན་དུ་འཇུག་ཐུབ་དགོས།ཞེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་དབུ་འབྱེད་མཛད་སྒོའི་སྐབས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགེ་རྒན་རྣམས་ནས་སློབ་ཕྲུག་གི་རྒྱུད་ལ་ཤེས་ཡོན་གྱི་སྤྲོ་སྣང་སྤེལ་རྒྱུར་འབད་དགོས་པ་དང་། ལྷག་པར་སློབ་ཕྲུག་སོ་སོའི་ཁམས་དང་མོས་པ་གཞིར་བཟུང་སློབ་སྟོན་གནང་ཐབས་ལ་འབད་རྩོལ་གནང་དགོས་པ། འགྲོ་བ་མིའི་འཕྲལ་ཕུགས་ཀྱི་ཕན་བདེའི་གཞི་རྩར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་ལུང་རྟོགས་ཀྱི་བསྟན་པ་བོད་ཕྲུག་རྣམས་ཀྱིས་རྒྱུན་འཛིན་དར་འཕེལ་གཏང་རྒྱུར་འགན་ཁུར་དགོས་སྐོར་གསུངས་འདུག

ཐེངས་འདིའི་བགྲོ་གླེང་ཐོག་གཞི་རྩའི་ཤེས་ཡོན་དང་གྲངས་རྩིས་རིག་པ་གོང་མཐོར་གཏོང་ཐབས་དང་། འཛིན་གྲྭའི་སློབ་ཁྲིད་དང་སློབ་གྲྭའི་མགོ་ཁྲིད་ནུས་རྩལ། བོད་སློབ་ཁག་ཏུ་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ལ་དུས་བསྟུན་འགྱུར་བཅོས་ཇི་དགོས། བོད་སློབ་ཁག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་གནས་ཚད་གོང་མཐོར་གཏོང་ཐབས། བོད་སློབ་ཁག་གི་དམིགས་བསལ་དགོས་མཁོ་ཅན་ཚོའི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་བཅས་གྲོས་གཞི་དོན་ཚན་ལྔའི་ཐོག་བགྲོ་གླེང་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese