མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་ཕུ་དང་ཞི་ཅིན་ཕིན་གྱི་ཐོག་མའི་ཐུག་འཕྲད་ག་དུས་ཡིན་ནམ། 

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་ཕུ་མཆོག་གི་ལས་ཁུར་དམ་བཅའི་མཛད་སྒོའི་སྟེང་རྒྱ་ནག་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིན་མགྲོན་འབོད་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་དམིགས་བསལ་ཡ་ལན་གང་ཡང་སྤྲད་མི་འདུག

U.S. President Donald Trump and China’s President Xi Jinping shake hands ahead of their bilateral meeting during the G20 leaders summit in Osaka, Japan, June 29, 2019. REUTERS/Kevin Lamarque/File Photo: Reuters

འདི་ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་སླར་ཡང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་པ་ལྟར། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༢༠ ཉིན་འདེམས་ཐོན་སྲིད་འཛིན་མཆོག་གིས་དངོས་སུ་ཨ་རིའི་སྲིད་འཛིན་ཐེངས་ ༤༧ པའི་ལས་ཁུར་དམ་བཅའ་གཞག་རྒྱུ་ཡིན་སྟབས། ལས་ཁུར་དམ་བཅའི་མཛད་སྒོའི་སྟེང་རྒྱ་ནག་གཞུང་གི་མགོ་འཁྲིད་ཞི་ཅིན་ཕིན་གཙོས་རྒྱལ་ཁབ་མང་པོ་ཞིག་གི་གནད་ཡོད་མི་སྣ་མགྲོན་འབོད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་དམིགས་བསལ་ཡ་ལན་གང་ཡང་སྤྲད་མེད་པའི་གནས་ཚུལ་འཐོན་མུས་ཡིན་འདུག

ད་ལྟ་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདེམས་ཐོན་སྲིད་འཛིན་ཊོམ་ཕུ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡༡ གི་ཟླ་མགོ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་ཁོང་གི་ལས་ཁུར་དམ་བཅའི་མཛད་སྒོར་ཡོང་བའི་མགྲོན་འབོད་བྱས་ཡོད་ཀྱང་། རྒྱ་ནག་གི་མགོ་ཁྲིད་ཞི་ཡིས་ད་ལྟའང་ཡ་ལན་གང་ཡང་བྱས་མེད་པའི་ཁར། ད་ལྟ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་པས་ཀྱང་དགོས་ངེས་དང་ཁ་གསལ་གྱི་བརྡ་ལན་གང་ཡང་སྤྲད་མེད་སྐོར་གསལ་འདུག་ལ། རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་དག་གིས་ཀྱང་གནད་དོན་དེའི་ཐད་གསལ་ཁ་གང་ཡང་བཏོན་མེད་པ་རེད། འོན་ཀྱང་། འདེམས་ཐོན་སྲིད་འཛིན་ཊོམ་ཕུ་མཆོག་གི་མགྲིན་ཚབ་པ་ཀ་རོ་ལ་ཡེན་(Karoline Leavitt) གྱིས། ད་ལྟ་རྒྱལ་ཁབ་མང་དག་གི་མགོ་ཁྲིད་ཚོས་སྐུ་ཞབས་ཊོམ་ཕུ་མཆོག་ལ་ཐུག་འཕྲད་བྱ་རྒྱུ་གྲ་སྒྲིག་བྱེད་མུས་ཡིན། དེ་ནི་ཊོམ་ཕུས་སླར་ཡང་སྲིད་འཛིན་གྱི་ལས་ཁུར་ཞུས་ནས། ཨ་རི་བརྒྱུད་འཛམ་གླིང་ལ་ཞི་བདེ་ཡི་འཚོ་བ་ཞིག་བསྐྲུན་པ་ཤེས་ཀྱི་ཡོད་པས་རེད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡༡ པའི་ཟླ་དཀྱིལ་དུ་ལྷོ་ཨ་མེ་རི་ཁའི་པེ་རུ་(Peru) རྒྱལ་ཁབ་ཏུ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཚོང་དོན་མཉམ་ལས་(APEC) སྟེང་ཨ་རིའི་ལས་ཐོག་སྲིད་འཛིན་བྷའེ་ཌན་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་གཉིས་ཀྱི་ཆེས་མཐའ་མཇུག་གི་ཐུག་འཕྲད་བྱས་ཡོད་ཅིང་། སྐབས་དེར་ཞི་ཅིན་ཕིན་གྱིས་ཨ་རྒྱ་གཉིས་ཀྱི་ཚོང་དོན་མཉམ་ལས་དང་། བརྟན་བརླིང་དང་། ཞི་བདེ་སོགས་ལ་དམིགས་ནས་ཨ་རྒྱ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོར་དམིགས་ནས་མུ་མཐུད་མཉམ་འབྲེལ་ལས་དོན་སྤེལ་རྒྱུ་ཡིན་པའི་ཁར། ཨ་རིའི་སྐབས་ ༤༧ པའི་འདེམས་ཐོན་སྲིད་འཛིན་ཊོམ་ཕུ་དང་ལྷན་མཉམ་འབྲེལ་གྱི་ལས་དོན་སྔར་ལྷག་སྤེལ་རྒྱུ་ཡིན་ལུགས་བཤད་ཡོད་ལ། ཟླ་སྔ་མའི་ཕྱི་ཚེས་ ༨ ཉིན་ཞི་ཡིས་སྐུ་ཞབས་ཊོམ་ཕུ་ཨ་རིའི་སྲིད་འཛིན་ཐེངས་༤༧ པར་འདེམས་ཐོན་བྱུང་བར་འཚམས་འདྲི་ཡང་བྱས་ཡོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཊོམ་ཕུ་མཆོག་གིས་རྩིས་ལོ་ ༢༠༢༡ ལོའི་ཨ་རིའི་སྔོན་རྩིས་ཁྲིམས་འཆར་ཁག་ལ་མཚན་རྟགས་བསྐྱོན་པ་དང་བསྟུན། ཨ་རིའི་སྔོན་རྩིས་ཀྱི་ཁོངས་སུ་མཉམ་སྦྱར་ཡོད་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དངོས་སུ་ཨ་རིའི་ཁྲིམས་སུ་གྱུར།  ཤོག་ངོས་ ༢༡ ཅན་གྱི་ཁྲིམས་ཡིག་དེའི་ནང་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་མགོན་པོ་གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་འདེམས་སྲོལ་སྔར་རྒྱུན་བཞིན་བོད་མི་དང་། མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་གཞིར་བཟུང་བྱ་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱས་མི་ཆོག་པ་དང་། རྒྱ་ནག་གི་མགོ་ཁྲིད་སུ་ཞིག་གིས་༧གོང་ས་མཆོག་གི་ཡང་སྲིད་བསྐོ་བཞག་གི་བྱ་སྤྱོད་སྤེལ་ཚེ། ཨ་རིའི་གཞུང་ནས་ཁོ་ཚོའི་རྒྱུ་དངོས་དང་ཨ་རིར་ཡོང་རྒྱུ་བཀག་འགོག་བྱ་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དང་བོད་མི་ཚོས་༧གོང་ས་མཆོག་གི་ཡང་སྲིད་འདེམས་སྒྲུག་གི་རང་དབང་སྲུང་སྐྱོབ་སླད་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་རྒྱབ་སྐྱོར་འཐོབ་ཐབས་བྱ་རྒྱུ་ཡིན་པ་རེད།

ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད། དམངས་གཙོ་ཚོགས་པའི་འོས་མི་ཀཱ་མ་ལ་ཧེ་རེ་སིར་འོས་གྲངས་ ༢༢༦ དང་། སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཊོམ་ཕུ་ལ་འོས་གྲངས་ ༢༩༥ ཐོབ་སྟེ། ཊོམ་ཕུ་སྐབས་ ༤༧ པའི་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཞིང་། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༢༠ ཉིན་དངོས་སུ་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུ་གཏན་ཁེལ་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese