མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གཞུང་གིས་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་བར་ངོས་ལེན་མེད་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གཞུང་གིས་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་གི་ཡོད་པ་ཤེས་རྟོགས་མེད་ལ་ངོས་ལེན་ཀྱང་མེད་ཅེས་བརྗོད་ཡོད་ཟེར་ནས་བལ་ཡུལ་གྱི་གསར་ལམ་ཁག་གིས་བསྒྲགས་འདུག

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ། དྲ་ལམ་གྱི་པར།

ད་ལྟའི་ཆར་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་གཏན་ཁེལ་ཡོད་མེད་ཀྱི་གནས་ཚུལ་མང་དག་ཅིག་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་འུར་བསྒྲགས་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་ལ། ཁ་སང་བལ་ཡུལ་གྱི་ཀ་ཐི་མན་ཌི་ཆ་འཕྲིན་ཕོ་ཉའི་གནས་ཚུལ་ནང་། བལ་ཡུལ་གྱི་སྲིད་བློན་ཤར་མཱ་གཙོས་ཕྱི་སྲིད་བློན་ཆེན་སོགས་ཀྱིས། རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་གི་ཡོད་པའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པས་བདེན་པ་མིན་པ་དང་། བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་བར་མོས་མཐུན་མེད་སྐོར་བརྗོད་ཡོད་ཅིང་། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཀྱང་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་གི་མེད་པའི་ལན་འདེབས་བྱས་ཡོད་པ་སོགས་གསལ་འདུག

འོན་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༡༥ བར་རྒྱ་ནག་ལྷོ་རྒྱ་མཚོའི་ནང་པའི་ལྷན་ཚོགས་(Nanhai Buddhism Round Table) ཞེས་པ་ཞིག་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌིར་ཡོད་པའི་གཡག་དྲེད་གསོལ་མགྲོན་ཁང་  (Hotel Yak and Yeti) དང་གནས་མཆོག་ལུམ་བི་ནི་རུ་བསྡུ་ཡི་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་ཞིང་། ཁ་སང་ཕྱི་ཚེས་ ༡༢ ཉིན་ཚོགས་འདུ་དེའི་ཆེད་དང་ཡང་དམིགས་བསལ་སྐུ་མགྲོན་གཞན་གྱི་ཆེད་དུ་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡེ་ཧྲིན་ (Yin Shun) གྱིས་སྣེ་འཁྲིད་པའི་མི་བཅུ་འཛོམས་པའི་སྐུ་ཚབ་ཅིག་བལ་ཡུལ་གྱི་རྒྱལ་སར་འབྱོར་རྗེས། ལུམ་བི་ནིར་གྲ་སྒྲིག་བྱེད་པར་ཕྱིན་ཡོད། ཅེས་ཀ་ཐི་མན་ཌི་ཆ་འཕྲིན་ཕོ་ཉས་བརྗོད་འདུག

གནད་དོན་དེའི་ཐད་བལ་ཡུལ་འགྲིམ་འགྲུལ་བློན་ཆེན་ལས་ཁུངས་ཀྱི་གནད་ཡོད་མི་སྣས། སྤྱིར་ན་པཎ་ཆེན་བླ་མ་སྐོར་སྲུང་བ་དང་ལྷན་ཐད་ཀར་པེ་ཅིན་ནས་ལུམ་བི་ནིར་འབྱོར་གྱི་ཡོད་ཀྱང་། རེས་གཟའ་ལྷག་པའི་ཕྱི་དྲོ་བར་པེ་ཅིན་ནས་དམིགས་བསལ་མཁའ་གྲུ་གང་ཡང་འདིར་འབྱོར་མ་སོང་། མཁའ་ལམ་དེ་ནས་ཤར་སྐྱོད་བྱེད་མཁན་གྱི་མཁའ་གྲུ་མང་པོ་ཞིག་ཀྱང་འཕུར་སྐྱོད་བྱས་བཅུག་མེད་པ་རེད། ཅེས་བརྗོད་འདུག་ལ། བལ་ཡུལ་ནང་སྲིད་བློན་ཆེན་ལས་ཁུངས་ཀྱི་ཆེས་མཐོ་མི་སྣ་ཞིག་གིས། ང་ཚོས་ཐོ་ཁོངས་སུ་ཁོའི་མིང་རྙེད་མ་སོང་། ཁོ་ལ་མིང་དང་ཐོངས་མཆན་མང་པོ་ཡོད་སྲིད་པས། ང་ཚོས་དོགས་ཟོན་དང་དོགས་པ་བྱས་པ་ཡིན། ཞེས་དང་། ལུམ་བི་ནི་ཡར་སྐྱེད་ཐེབས་རྩ་( Lumbini Development Trust) ཁང་གི་འགན་འཛིན་གཞོན་པ་ལ་ཀལ་བླ་མ་(Lyarkal Lama) ཟེར་བས་རྒྱལ་མཚན་ནོར་བུ་ནི་རྒྱ་ནག་གི་གནད་ཡོད་དཔོན་རིགས་ཤིག་སྟེ་སྲིད་འཛིན་གཞོན་པ་ལྟ་བུ་ཞིག་ཡིན་པས་ང་ཚོས་ཁོའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཐབས་བྲལ་བ་ཞིག་རེད། ཅེས་བརྗོད་འདུག 

ཡང་གསར་འགོད་པས། བོད་མི་ཞིག་གིས་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་ཐོ་རངས་ཏེ། མཚན་དཀྱིལ་ཆུ་ཚོད་ ༡།༢༠ སྟེང་སྤེལ་བའི་བརྙན་ཞིག་ལས། རྒྱལ་མཚན་ནོར་བུ་ཐོ་རངས་ལ་སི་ཁྲོན་ཕྱོགས་ཀྱི་བོད་པའི་དགོན་པ་ཞིག་ཏུ་སེར་སྐྱ་མི་མང་དང་ལྷན་དུ་བསྐོར་ར་རྒྱག་གི་ཡོད་པའི་བརྙན་ཞིག་མཐོང་རྒྱུ་འདུག་མོད། འོན་ཀྱང་། བརྙན་དེ་ག་དུས་བླངས་ཡོད་མེད་དང་རྒྱལ་མཚན་ནོར་བུ་དོན་དངོས་ཐོག་སྔོན་མ་ཞིག་ནས་དགོན་པ་དེར་ཕྱིན་པ་ཡིན་ནམ། ཡང་ན་ཁ་སང་ཕྱིན་པ་གང་ཡིན་གསལ་ཁ་མི་འདུག

ཡང་བལ་ཡུལ་ཆ་འཕྲིན་ཕོ་ཉའི་གནས་ཚུལ་ནང་། བལ་ཡུལ་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མི་སྣས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བལ་ཡུལ་ནང་ཕེབས་འཇུག་གི་མེད་པ་ལྟར། རྒྱ་ནག་གི་པཎ་ཆེན་ཡང་བལ་ཡུལ་དུ་ཡོང་གི་འཇུག་རྒྱུ་མིན། ཞེས་དང་། རྒྱ་ནག་གིས་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་བསྐྱོད་ཐུབ་ཐབས་ཐེངས་མང་བྱས་ནའང་བལ་ཡུལ་གཞུང་གིས་ངོས་ལེན་བྱས་མེད་ཚུལ་དང་། ༧གོང་ས་མཆོག་དང་བཙན་བྱོལ་བོད་མི་རྣམས་ལ་ནུབ་ཕྱོགས་པའི་རྒྱབ་སྐྱོར་ཡོད་སྐོར་སོགས་བརྗོད་འདུག

སྤྱིར་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཐད་ཀར་གནམ་གྲུ་བརྒྱུད་བལ་ཡུལ་གྱི་སྟོན་པའི་འཁྲུངས་གནས་ལུམ་བི་ནི་དང་། དེ་ནས་བལ་ཡུལ་ཀ་ཐི་མན་ཌུ་རུ་འགྲོ་འཆར་ཡོད་པའི་ཁར། ཁོང་དང་ལྷན་རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བདེ་སྲུང་མི་སྣ་དང་། གྲྭ་བ་གྲངས་ ༢༢༧ བཅས་སོགས་ཡོད་པ་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་བསྒྲགས་ཤིང་། ད་ལྟ་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུ་མིན་པ་དང་བལ་ཡུལ་གཞུང་གིས་ངོས་ལེན་མེད་པའང་བསྒྲགས་བཞིན་འདུག་ལ། ད་དུང་རྒྱལ་མཚན་ནོར་བུ་བལ་ཡུལ་དུ་ཡོང་རྒྱུར་གོ་སྒྲིག་བྱེད་མཁན་ནི་ལུམ་བི་ནི་ཡར་སྐྱེད་ཐེབས་རྩ་( Lumbini Development Trust) ཁང་གི་འགན་འཛིན་གཞོན་པ་ལ་ཀལ་བླ་མ་(Lyarkal Lama) ཟེར་བ་ཁོ་ཡིན་ཞིང་། ཁོ་ནི་ཡུལ་ཁྲིམས་དང་འགལ་བའི་ནང་པའི་གྲྭ་བ་ཞིག་ཡིན་པ་སོགས་བརྗོད་འདུག

ད་ལན་རྒྱལ་མཚན་ནོར་བུའི་བལ་ཡུལ་གྱི་གཞུང་འབྲེལ་སྐོར་སྐྱོད་དང་འབྲེལ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབྱིན་བོད་གཉིས་ཀྱི་ཐོག་ནས་ངོ་རྒོལ་བསྒྲགས་གཏམ་སྤེལ་བ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་སོགས་ཀྱང་ངོ་རྒོལ་བྱས་འདུག

རྒྱལ་མཚན་ནོར་བུའི་འགྲོ་སྐྱོད་ཐད་རྒྱ་ནག་གིས་གསང་རྒྱ་དང་དོགས་ཟོན་ཤུགས་ཆེན་བྱེད་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༩ ཟླ་ ༥ རྒྱལ་མཚན་ནོར་བུ་ལགས་ཐེ་ལན་ཌིའི་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕྱིན་ནས། ཡུལ་དེའི་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོ་བོར་གྱུར་བའི་ནང་པའི་བྱེད་སྒོ་ཁག་སོགས་ཀྱི་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་ཟླ་གཅིག་གི་རྗེས་སུ་མ་གཏོགས་ཕྱི་བསྒྲགས་བྱས་མེད་ལ། ད་རེས་ཀྱང་སྔོན་མ་ནང་བཞིན་གྱི་གནས་སྟངས་བྱུང་མི་སྲིད་པ་མ་རེད།

ཕྱི་ལོ་ ༡༩༩༥ ཟླ་བ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་བ་ ༡༢ ནང་གདན་ས་བཀྲ་ཤིས་ལྷུན་པོའི་གཡས་གཡོན་དུ་དམག་མི་ལྔ་བརྒྱ་ལྷག་བཏང་ནས་ཉེན་སྲུང་བཙན་པོའི་ངང་ཁྲི་འདོན་བྱས་ཡོད་འདུག ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན་རྒྱལ་མཚན་ནོར་བུ་ཐོག་མར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཤིང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱས་ཡོད། ད་ལྟ་ཁོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡང་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese