མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་གཉིས་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གཉིས་གསར་འདེམས་བྱུང་བར་འཚམས་འདྲི་གནང་འདུག

ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་པ་གཉིས་ལ་འཚམས་འདྲི་གནང་།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ (Eriko Yamatani) ལགས་དང་། དྲུང་ཆེར་སྐུ་ཞབས་ཧི་རོ་ཤི་ཡ་མ་དྷ་ (Hiroshi Yamada)རྣམ་གཉིས་བདམས་ཐོན་བྱུང་བར་འཚམས་འདྲི་གནང་།

འཚམས་འདྲིའི་ནང་སྲིད་སྐྱོང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ།  ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ (Eriko Yamatani) ལགས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང་བར་འཚམས་འདྲི་ཞུ་རྒྱུ་ཡིན། ཉི་ཧོང་སྐུ་ཚབ་དོན་གཅོད་བརྒྱུད་ཁྱེད་ཀྱི་དབུ་ཁྲིད་དང་། བོད་དོན་ཞུ་གཏུག་ཐོག་སྐུ་ལས་གནང་བཞིན་པ་ནི་སེམས་འགུལ་ཐེབས་འོས་པ་ཞིག་ཡིན། ཁྱེད་ཀྱིས་ཡུན་རིང་སྲིད་དབང་རིང་ལུགས་ཀྱི་གཉའ་གནོན་ཐོག་ངོ་རྒོལ་གསལ་པོ་དང་། བདེན་པ་བརྗོད་ཐུབ་པའི་སྙིང་སྟོབས་བཅས་ནི་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་མིག་དཔེ་བཟང་པོ་ཞིག་ཡིན། འདས་པའི་ལོ་མང་རིང་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཉི་ཧོང་ནང་བོད་དོན་ལ་རྒྱབ་སྐྱོར་དང་། གོ་རྟོགས་སྤེལ་བའི་གལ་ཆེའི་ལས་དོན་མང་དག་གནང་ཡོད་པ་དང་། ད་ཆ་ཁྱེད་ཀྱི་དབུ་ཁྲིད་འོག་དེ་ལྟར་མཇལ་རྒྱུ་བྱུང་བ་ནི་བློ་སྤོབས་སྐྱེས་འོས་པ་ཞིག་ཡིན། ཞེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༢༥ ཟླ་ ༦ ནང་ཉི་ཧོང་དུ་ཚོགས་གཏན་འཁེལ་བའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་སྐབས་ཁྱེད་ཀྱི་མཉམ་ལས་དང་རྒྱབ་སྐྱོར་མུ་མཐུད་ཐོབ་པའི་རེ་བ་ཡོད། ཚོགས་ཆེན་འདི་ནི་གྲོས་ཚོགས་འཐུས་མི་རྣམས་མཉམ་མཛོམས་ཀྱིས་བོད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་སྡིངས་ཆ་ཞིག་ཡིན་པ་དང་། ཚོགས་ཆེན་འདི་ལམ་ལྷོངས་ཡོང་བར་ཁྱེད་ཀྱི་དབུ་ཁྲིད་ལམ་སྟོན་གལ་ཆེན་པོ་ཆགས་ཡོད། ཅེས་དང་། མཇུག་ཏུ་ཁྱེད་ཀྱི་ཚོགས་གཙོའི་ལས་ཡུན་རིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ལྷན་དུ་དྲང་བདེན་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་ཆེད་ནུས་པ་མཉམ་སྤུངས་ཀྱིས་བསྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

དེ་བཞིན་སྲིད་མཆོག་གིས་སྐུ་ཞབས་ཧི་རོ་ཤི་ཡ་མ་དྷ་ལགས་ལ་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཡིག་ཏུ་བདམས་ཐོན་བྱུང་པར་འཚམས་འདྲི་གནང་བའི་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ།  སྐུ་ཉིད་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པའི་དྲུང་ཡིག་བསྐོ་བཞག་གནང་བར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཞབས་ཡ་མ་དྷ་ལགས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གསར་འདེམས་བྱུང་བར་བོད་ཀྱི་ཐབས་རྩོད་དང་། ལྷག་པར་ད་ལྟའི་གནད་འགག་ཆེ་བའི་དུས་སྐབས་འདིར་ཉི་ཧོང་གྲོས་ཚོགས་ངོས་ནས་རྒྱབ་སྐྱོར་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་པ་དང་། དེ་བཞིན་སྐུ་ཞབས་ཧི་རོ་ཤི་ཡ་མ་དྷ་ལགས་ཀྱིས་ལོ་མང་རིང་ཉི་ཧོང་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་དང་། ཐུགས་ཁུར་གནང་བ་སོགས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༦ ནང་ཉི་ཧོང་དུ་ཚོགས་གཏན་འཁེལ་བའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་སྐབས་མུ་མཐུད་རྒྱབ་སྐྱོར་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་དང་། མཇུག་ཏུ་ཁྱེད་ཀྱི་དབུ་ཁྲིད་ལམ་སྟོན་འོག་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཉི་ཧོང་དུ་བོད་ཀྱི་མགྲིན་ཚབ་བྱེད་ཐུབ་པའི་ཡིད་ཆེས་ཡོད། ཅེས་གསུངས་འདུག

ལྕམ་སྐུ་ཨེ་རི་ཀོ་ཡ་མ་ཏ་ནི་ལགས་ནི་ཕྱི་ལོ་ ༡༩༥༠ ལོར་ཉི་ཧོང་ཌོ་ཀོ་(Tokyo)དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༧༣ ལོར་ཌོག་ཀོ་ཡི་ཤུ་ཆོས་ལུགས་ཀྱི་གཙུག་ལག་སློབ་གཉེར་ཁང་ (the University of the Sacred Heart) ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༥ ལོ་ནས་ཉི་ཧོང་ཉིན་རེའི་ཚགས་པར་གྱི་(Sankei Living Shimbun )སྤྱི་ཁྱབ་རྩོམ་སྒྲིག་པའི་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༩ ལོར་དམངས་གཙོ་སྤྱི་ཚོགས་རིང་ལུགས་ཚོགས་པའི་གྲོས་ཚོགས་འཐུས་མི་རུ་ལངས། ཕྱི་ལོ་ ༢༠༠༠ ནས་ ༢༠༠༣ ཉི་ཧོང་གྲོས་ཚོགས་འཐུས་མི་གནང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༧ བར་ཤེས་རིག་བློན་ཆེན་གྱི་སློབ་སྟོན་པ་གནང་། ཕྱི་ལོ་ ༢༠༡༤ རྒྱལ་ཁབ་ནུས་སྟོབས་འཛུགས་སྐྲུན་དང་། ཉི་ཧོང་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་སྤྱི་ཁྱབ་པ་སོགས་ཀྱི་ཕྱག་ལས་གནང་། དེ་བཞིན་ཧི་རོ་ཤི་ཡ་མ་དྷ་ལགས་ནི་ཕྱི་ལོ་ ༡༩༥༨ ལོར་ཉི་ཧོང་གི་ཆབ་སྲིད་པའི་ཁྱིམ་རྒྱུད་ཞིག་ཏུ་སྐྱེས་ཤིང་། ཌོག་ཀོ་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་ཐོག་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༠ ལོར་ཉི་ཧོང་གསར་གཏོད་སྲིད་དོན་ཚོགས་པའི་(Spirit of Japan Party) ཚོགས་གཙོ་གནང་། ཕྱི་ལོ་ ༢༠༡༦ གུ་ཡངས་དམངས་གཙོ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese