མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ནད་ཡམས་གསར་པ་ཞིག་མཆེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེན་ཕྱིན་ཏེ་ལོ་ངོ་ལྔ་ཕྱིན་པའི་རྗེས་སུ་རྒྱ་ནག་ནང་གློ་བའི་གཉན་ཚད་ཀྱི་ནད་འབུ་གསར་པ་ཞིག་ཁྱབ་གདལ་ཤུགས་ཆེན་ཕྱིན་ནས་གློ་ནད་དང་ཏོག་དབྱིབས་ནད་ཡམས་ལྟ་བུའི་ནད་རྟགས་འཐོན་གྱིན་ཡོད་འདུག

Chinese authorities are now piloting a monitoring system for respiratory diseases.

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་གློ་ཚད་ནད་ཡམས་དེ་ཁྱབ་གདལ་ཤུགས་ཆེན་འགྲོ་མུས་ཡིན་པས་རྒྱལ་ཡོངས་ཛ་དྲག་གི་ཉེན་བརྡ་བཏང་ཡོད་ཀྱང་། ད་ལྟའི་ཆར་ནད་ཡམས་དེའི་འབྱུང་ཁུངས་དང་ནད་འབུ་སོགས་ར་སྤྲོད་ཐུབ་ཀྱི་མེད་ཅིང་། ནད་གཞི་ཕོག་པའི་མིའི་ཁྲོད་ཆམ་རིམས་(rhinovirus) དང་གློ་ཚད་ (metapneumovirus) ཀྱི་ནད་རྟགས་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་དང་འདྲ་མཚུངས་ཀྱི་ཁྱབ་བརྡལ་ཆེ་བའི་ནད་གཞི་ཞིག་ཡིན་པ་རེད་ལ། ད་ལྟ་རྒྱ་ནག་གི་འཕྲོད་བསྟེན་ཆེད་ལས་པ་དག་གིས་དོ་སྣང་ནན་པོ་བྱེད་མུས་ཡིན་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། རྒྱ་ནག་སྨན་ཁང་ཁག་ཏུ་ནད་པས་ཁེངས་ཡོད་པ་མ་ཟད། དྲ་ལམ་བཀོལ་སྤྱོད་བྱེད་མཁན་ཁག་ཅིག་གིས་ཚད་རིམས་ (Influenza) དང་། གློ་ཚད་ (Human Metapneumovirus)། ལོ་ན་རྒན་པར་ཕོག་སླ་བའི་གློ་བའི་གཉན་ཚད་ (Mycoplasma pneumoniae)། ཏོག་དབྱིབས་ནད་ཡམས་སོགས་ནད་འབུ་རིགས་འདྲ་མིན་ཁྱབ་གདལ་འགྲོ་མུས་ཡིན་ལུགས་རྗོད་ཀྱིན་འདུག

སྤྱི་ཚོགས་དྲ་ལམ་ཨེག་སི་ (X) སྟེང་དེ་འབྲེལ་གནས་ཚུལ་ཐོན་པའི་ནང་། ད་ལྟ་རྒྱ་ནག་ནང་ཆམ་རིམས་དང་ཚ་བ་རྒྱས་པ། དེ་བཞིན་གློ་ཚད་དང་ཏོག་དབྱིབས་ནད་ཡམས་ (Covid-19) ཀྱི་ནད་རིམས་སྣ་མང་སྔ་གཞུག་ཏུ་ཁྱབ་གདལ་ཕྱིན་ཏེ་སྨན་ཁང་དང་། རོ་ཁང་སོགས་ནད་པས་ཁེངས་ཡོད་ཅིང་། དམིགས་བསལ་གྱིས་བྱིས་པའི་སྨན་ཁང་དུ་དབུགས་འབྱིན་རྔུབ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་པའི་གློ་བའི་གཉན་ཚད་སོགས་་ནད་རྟགས་འཐོན་མཁན་ཇེ་མང་དུ་ཕྱིན་ཏེ་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་སྐོར་སོགས་བཀོད་འདུག

གཞན་ཡང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་ནད་རིགས་སྔོན་འགོག་ཚན་པས། དགུན་ཁའི་དུས་སུ་གློ་ཚད་དང་། དབུགས་འབྱིན་རྔུབ་བྱེད་པར་དཀའ་ངལ་ཆེ་བའི་ནད་རིགས་ཁག་ཅིག་ཁྱབ་གདལ་ཆེན་པོ་འགྲོ་ཉེན་ཡོད་པ་དང་། ད་ལྟའི་ཆར་གློ་ཚད་ཀྱི་འབྱུང་ཁུངས་གང་ཡིན་ཤེས་རྟོགས་བྱུང་མེད་པས་ལྟ་རྟོག་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག དེ་སྔ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱེད་མགོ་བཙུགས་པའི་སྐབས་སུ་སྔོན་འགོག་དང་འབྲེལ་བའི་གྲ་སྒྲིག་གི་ཚད་གཞི་ཧ་ཅང་དམའ་བོ་ཡིན་ཡང་། ད་ལན་རྒྱ་ནག་གཞུང་གིས་ནད་རིགས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་ཡར་རྒྱས་གཏོང་བར་དམིགས་ནས་སྔོན་འགོག་ཚན་པ་ཆེད་འཛུགས་བྱས་ཡོད་ཚུལ་བསྒྲགས་འདུག

རྒྱ་ནག་རྒྱལ་ཡོངས་ནད་རིགས་སྔོན་འགོག་དང་ཚོད་འཛིན་དོ་དམ་ཚན་པས་ (The National Disease Control and Prevention Administration) ནད་རིགས་དེ་དང་འབྲེལ་ནས་བརྟག་དཔྱད་རིམ་པས་བྱས་ཏེ། དེ་འབྲེལ་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ལམ་ཇི་ཡོད་ཁུངས་སྐྱེལ་ར་སྤྲོད་བྱ་རྒྱུ་ཡིན་འདུག་ལ། རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ནས་ ༢༢ བར་གློ་བའི་གཉན་ཚད་དང་འབྲེལ་བའི་ནད་རིགས་འཐོན་མཁན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་སྐོར་བསྒྲགས་འདུག དེ་འབྲེལ་རྒྱ་ནག་གཞུང་གི་དཔོན་རིགས་ (Kan Biao) ཟེར་བས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། དགུན་དུས་དང་དཔྱིད་ཀའི་དུས་སུ་རྒྱ་ནག་ནང་དབུགས་འབྱིན་རྔུབ་བྱེད་པར་དཀའ་ངལ་འཕྲད་ཉེན་ཡོད་ཅིང་། ནད་རིགས་དེ་དང་འབྲེལ་ནས་ཞིབ་འཇུག་ཚད་ལྡན་བྱས་མེད་ཀྱང། འདི་ལོའི་ནད་པའི་གྲངས་འབོར་དེ་སྤྱི་ཡོངས་ནས་ན་ནིང་ལས་ཉུང་བ་ཡོད་ཚུལ་སོགས་བརྗོད་འདུག

ཉེ་ལམ་གློ་ཚད་དང་དབུགས་འབྱིན་རྔུབ་ཀྱི་ནད་རིགས་དང་འབྲེལ་ནས་རྟོག་ཞིབ་བྱས་པ་བརྒྱུད།ལོ་ ༡༤ མན་གྱི་བྱིས་པ་ཚོའི་ནང་དུ་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་འཕྲད་པ་སོགས་གློ་ཚད་དང་ནད་རྟགས་འཐོན་མཁན་གྱི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་ལ། དམིགས་བསལ་གྱིས་རྒྱ་ནག་བྱང་ཕྱོགས་ཀྱི་ཞིང་ཆེན་ཁག་ཏུ་ནད་གཞི་དེ་ཁྱབ་གདལ་ཆེན་པོ་འགྲོ་བཞིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese