མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་མཉམ་རུབ་ལས་གཞི།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

མཉམ་རུབ། Nyamrub

བོད་ཀྱི་སྐད་དང་ཡི་གེ་གཉིས་བརྡ་འཕྲིན་དུས་རབས་ཀྱི་འགྲོས་དང་མཐུན་པར་རྒྱུན་འཛིན་བྱེད་པར་དྲ་ཐོག་ལ་བེད་སྤྱོད་བྱེད་ཐུབ་པ་ཙམ་གྱིས་མི་ཆོག་པར། མིས་བཟོས་རིག་ནུས་ཀྱི་འཇིག་རྟེན་ལ་གོམ་པ་ཅི་དགར་སྤོ་ཐུབ་པ་ཞིག་བྱ་དགོས་པ་ཡིན། ལས་དོན་འདི་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་ཡིན་སྟབས་མི་ཉུང་ཤས་ཤིག་གིས་དུས་ཡུན་ཐུང་ངུའི་ནང་ལ་སྒྲུབ་ཐུབ་པ་ཞིག་ག་ལ་ཡིན། འོན་ཀྱང་བོད་ཀྱི་སྐད་དང་ཡི་གེ་ཤེས་མཁན་གྱི་སྐྱེ་བོ་འཛམ་གླིང་ཤར་ནུབ་གང་ན་སུ་ཡོད་ཚང་མ་མཉམ་རུབ་ཀྱིས་བསྒྲུབས་ན། དུས་ཡུན་ཐུང་ངུའི་ནང་ལ་བདེ་བླག་ཏུ་སྒྲུབ་མི་ཐུབ་པ་ཞིག་ཀྱང་གཏན་ནས་མིན་པར་བརྟེན། ང་ཚོས་འདིར་བོད་ཀྱི་སྐད་དང་ཡི་གེ་ཤེས་མཁན་ཚང་མས་ལྷན་ཅིག་ཏུ་སྟབས་བདེ་པོའི་ངང་ལས་དོན་བསྒྲུབ་ས་“མཉམ་རུབ་”ཅེས་པའི་ཐུན་མོང་གི་དྲ་རྒྱའི་སྡིངས་ཆ་ཞིག་བསྐྲུན་ཡོད། དྲ་རྒྱ་འདིའི་ཐོག་ལ་ཡི་གེ་བསྒྱུར་རྒྱུ་དང་། བཀླག་རྒྱུ། ཉན་རྒྱུ། བྲི་རྒྱུ། ཞུ་དག་བཅས་སྡེ་ཚན་བཞི་ཡོད་པ་དང་། ཁྱེད་རང་གིས་སྡིངས་ཆ་འདིའི་སྒང་ནས་གོང་བརྗོད་ཀྱི་སྡེ་ཚན་དེ་དག་ལས་གང་ཞིག་སྒྲུབ་ཐུབ་པ་དེ་གདམ་གསེས་ཀྱིས་ཆ་ཤས་ལེན་ཆོག

སྒྱུར།

གལ་སྲིད་ཁྱེད་རང་ལོ་ཙཱའི་ལས་རིགས་ལ་དོ་སྣང་ཡོད་ཚེ། སྒྱུར་ཅེས་པའི་རེའུ་མིག་ཏུ་དབྱིན་ཡིག་ནས་བོད་ཡིག་ཏུ་ཚིག་གྲུབ་འདྲ་མིན་སྣ་ཚོགས་བསྒྱུར་རྒྱུ་ཡོད། ཁྱེད་ཀྱིས་སྐར་མ་ཁ་ཤས་ཤིག་བཏང་ནས་ཚིག་གྲུབ་གཅིག་ཙམ་ལས་མ་བསྒྱུར་ནའང་། དེ་ནི་ཁྱེད་ཀྱི་ངོས་ནས་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཀྱི་ལས་ཀ་མགོ་མཇུག་ཚང་བ་ཞིག་བསྒྲུབས་པ་ཡིན།

ཀློགས།

གལ་སྲིད་ཁྱེད་རང་ཡི་གེ་ཀློག་རྒྱུར་དོ་སྣང་ཡོད་ཚེ། བཀའ་སློབ་དང་གསར་འགྱུར་སོགས་ཡི་གེ་འདྲ་མིན་བཀླག་རྒྱུ་ཡོད་པས། ཁྱེད་ཀྱིས་ཀློགས་ཞེས་པའི་རེའུ་མིག་ཏུ་ཤར་བའི་ཚིག་གྲུབ་ཅིག་བཀླགས་ཚར་རྗེས་ “འགྲིག་”ཅེས་པར་མནན་ཙམ་བྱས་ཚེ། བཀླགས་ཟིན་པའི་སྒྲ་དེ་ང་ཚོ་ལ་ཐད་ཀར་འབྱོར་གྱི་ཡོད།

ཉོན།

གལ་སྲིད་ཁྱེད་རང་དཔེ་ཁྲིད་དང་། ཁ་བརྡ་སོགས་ལ་ཉན་རྒྱུར་དོ་སྣང་ཡོད་ཚེ། ཁྱེད་ཀྱིས་ཉོན་ཅེས་པའི་རེའུ་མིག་ཏུ་ཡོད་པའི་དཔེ་ཁྲིད་སོགས་ལ་མཉན་ནས། དེའི་སྒྲ་རྣམས་ཇི་མ་ཇི་བཞིན་ཡི་གེར་ཕབ་རྗེས་“འགྲིག་”ཅེས་པར་མནན་ནས་ང་ཚོར་བསྐུར་ཆོག

བྲིས།

གལ་སྲིད་ཁྱེད་རང་ཡིག་འབེབས་བྱ་རྒྱུར་དོ་སྣང་ཡོད་ཚེ། བྲིས་ཞེས་པའི་རེའུ་མིག་ནང་གི་པར་རིས་ཀྱི་ཡི་གེ་རྣམས་ཇི་མ་ཇི་བཞིན་གཤམ་དུ་ཕབ་བཤུས་བྱས་ནས་“འགྲིག་”ཅེས་པར་མནན་ཙམ་བྱས་ན། ཁྱེད་ཀྱིས་ཕབ་བཤུས་བྱས་ཟིན་པའི་ཡི་གེ་རྣམས་ང་ཚོར་འབྱོར་ངེས་ཡིན། པར་རིས་ནང་གི་དབུ་མེད་ཀྱི་ཡི་གེ་ལ་  བཀྲིས་  ལེཌ་  བཀྲིན་ ཞེས་པ་ལྟ་བུ་བསྐུངས་ཡིག་གི་རིགས་ཡོད་ཚེ། དབུ་ཅན་ལ། བཀྲ་ཤིས། ལེགས། བཀའ་དྲིན་ཞེས་ཕབ་བཤུས་བྱ་དགོས་པ་ལས། བཀྲིས། ལེཊ། བཀྲིན་ཞེས་འབྲི་མི་རུང་།

ཞུ་དག

ཞུ་དག་རེའུ་མིག་ཏུ་སྐད་དང་ཡི་གེ་གཉིས་ཀ་ཕན་ཚུན་ཏག་ཏག་བསྡད་ཡོད་མེད་བལྟ་དགོས། གལ་སྲིད་སྐད་དང་ཡི་གེ་གཉིས་ཀ་ཕན་ཚུན་ཏག་ཏག་བསྡད་ཡོད་ཚེ། “འགྲིག་”རྟགས་བརྒྱག་དགོས་པ་དང་། སྐད་གསལ་པོ་མེད་པའི་དབང་གིས་སྐད་དང་ཡི་གེ་གཉིས་ཀ་ཕན་ཚུན་ཏག་ཏག་བསྡད་ཡོད་མེད་གསལ་པོར་མ་ཤེས་ཚེ། “མཆོང་”ཞེས་པར་མནན་ནས་ཞུ་དག་གསར་པ་གཞན་པ་ཞིག་འགོ་འཛུགས་ཆོག སྐད་དང་ཡི་གེ་གཉིས་ཀ་ཕན་ཚུན་ཏག་ཏག་བསྡད་མེད་ན། “ནོར་”རྟགས་བརྒྱག་དགོས།

འཛུལ་ཞུགས་བྱེད་སྟངས།

ཁྱེད་རང་གིས་མཉམ་རུབ་བྱེད་སྐབས། དྲ་ངོས་ཀྱི་(Register/login)ཞེས་པར་ཐོ་འགོད་བྱས་ནས་མཉམ་རུབ་བྱེད་སྟངས་ཤིག་དང་། ཡང་(Participate now)ཞེས་ཐོ་འགོད་བྱེད་མི་དགོས་པར་མཉམ་རུབ་བྱེད་སྟངས་ཤིག་བཅས་རིགས་གཉིས་ཡོད། ཐོ་འགོད་བྱས་ནས་མཉམ་རུབ་བྱས་ན། (Leaderboard)ཞེས་པའི་རེའུ་མིག་ཏུ་ཁྱེད་ཀྱིས་མཉམ་རུབ་བྱས་པར་དྲ་ཐོག་ནས་རང་འགུལ་གྱིས་སྐར་མ་སྤྲོད་ཀྱི་ཡོད་པ་དང་། སོ་སོ་རང་ཉིད་ལ་སྐར་མ་ག་ཚོད་ཐོབ་ཡོད་པ་ཐད་ཀར་ལྟ་ཐུབ་ཅིང་། ལོ་གཅིག་འཁོར་མཚམས་མཉམ་རུབ་བྱེད་མཁན་རྣམ་པའི་ནང་ནས་སྐར་མ་མང་བ་འཐོབ་མཁན་རྩེ་ཕུད་གསུམ་ལ་ང་ཚོས་ཐུགས་རྗེ་ལེགས་འབུལ་རེ་ཡང་འབུལ་རྒྱུ་ཡིན། ལས་དོན་འདི་ལ་མཉམ་རུབ་བྱེད་སྐབས་ཐོ་འགོད་བྱེད་མིན་ནི་མཉམ་རུབ་བྱེད་མཁན་སོ་སོའི་འདོད་མོས་ལྟར་ཡིན་པ་ལས་ངེས་པར་དུ་ཐོ་འགོད་བྱས་ནས་མཉམ་རུབ་བྱ་དགོས་པ་ཞིག་མིན།

མཐའ་དོན་ཁྱེད་ཀྱི་ངོས་ནས་རང་གི་ཚེ་སྲོག་ལྟ་བུའི་དུས་ཚོད་བེད་སྤྱད་དེ་བོད་ཀྱི་སྐད་དང་ཡི་གེ་ལ་ཞབས་འདེགས་ཞུས་པའི་དགེ་རྩ་ནི་ཇི་སྲིད་བོད་ཀྱི་སྐད་དང་ཡི་གེ་མ་འཇིག་བར་དུ་གནས་རྒྱུ་ཡིན་པ་སྨོས་མ་དགོས་པར་བརྟེན། འདི་ནི་ཁྱོད་དང་ང་ཡི་ངོས་ནས་བོད་ཀྱི་སྐད་དང་ཡི་གེ་ལ་གཅེས་སྤྲས་བྱེད་སྟངས་དང་ཞབས་འདེགས་ཞུ་སྟངས་བླ་ན་མེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese