མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འཚམས་འཕྲིན་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྣམ་གཉིས་ནས་སྐུ་ཞབས་མའེ་ཁི་ཇོན་སོན་མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་གནང་འདུག

བཀའ་སྤྱི་གཉིས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འཚམས་འཕྲིན་གནང་། བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས་པའི་པར། ༢༠༢༥།༡།༡༠

ཁ་སང་ཕྱི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་མའེ་ཁི་ཇོན་སོན་ (Mike Johnson) མཆོག་བསྐྱར་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་གསར་དུ་བདམས་ཐོན་བྱུང་བ་དང་། ཚོགས་གཙོའི་དམ་འབུལ་ཞུས་པར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དེ་འབྲེལ་ཚོགས་གཙོ་མཆོག་གི་འཚམས་འཕྲིན་ནང་། ཨ་རིའི་རྒྱལ་ཁབ་ནི་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གླེང་སློང་གནང་མཁན་ཞིག་ཀྱང་ཆགས་ཀྱི་ཡོད། དེ་ལྟར་རྒྱབ་སྐྱོར་གནང་བའི་ཐོག་ནས་ཨ་རིའི་རྒྱལ་ཁབ་ནི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཆེ་མཐོང་བཅས་སྲུང་སྐྱོབ་གོང་འཕེལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མཚོན་གྱི་ཡོད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་སྐུ་ཉིད་ནས་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། སྐུ་ཉིད་ཀྱིས་ཚོགས་གཙོའི་ལས་ཡུན་རིང་ཨ་རིའི་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བ་དང་། དེ་བཞིན་འཛམ་གླིང་ནང་ཞི་བདེ་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གང་ལེགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྐུ་ཉིད་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་བཅུ་ཕྲག་མང་པོའི་རིང་ལ་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་རྩ་དོན་ལ་གཡོ་འགུལ་མེད་པའི་རྒྱབ་སྐྱོར་གནང་གི་ཡོད་པ་དང་། གྲོས་ཚོགས་ཕྱོགས་གཉིས་ཀྱི་ཁས་ལེན་བརྟན་པོ་འདིས་ཨ་རིའི་ཕུགས་རྒྱང་རིང་བའི་སྲིད་བྱུས་འོག་ནས་བོད་དོན་ལ་རྒྱབ་སྐྱོར་ཡུན་རིང་བརྟན་གནས་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། སྐུ་ཉིད་ཀྱི་ཚོགས་གཙོའི་འོག་ང་ཚོས་གྲོས་མོལ་གྱི་ལམ་ནས་དབུ་མའི་ལམ་ལ་གཞི་བཅོལ་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གལ་ཆེའི་ལས་དོན་མུ་མཐུད་སྤེལ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། ཅེས་གསུངས་འདུག

མཇུག་ཏུ། སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུས་པ་དང་། ཨ་རིའི་གྲོས་ཚོགས་ནས་བོད་མི་མང་ལ་རྒྱུན་རིང་རྒྱབ་སྐྱོར་གནང་བའི་གལ་ཆེའི་རང་བཞིན་གསལ་སྟོན་གནང་བ་དང་སྦྲགས། ཨ་རིའི་གྲོས་ཚོགས་དང་བོད་མི་མང་དབར་ཡུན་རིང་གནས་པའི་འབྲེལ་ལམ་སྲ་བརྟན་ཡོང་སླད་ཚོགས་གཙོ་སྐུ་ཞབས་མའེ་ཁི་ཇོན་སོན་མཆོག་ལ་དངོས་སུ་མཇལ་འཕྲད་གནང་རྒྱུའི་ཐུགས་འདུན་ཞུས་ཡོད་ཅེས་གསུངས་འདུག

ཨ་རིའི་བདམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་ཕུ་མཆོག་གིས་སྐུ་ཞབས་མའེ་ཁི་ཇོན་སོན་ལགས་སུ། ཚོགས་གཙོ་མའེ་ཁི་ཇོན་སོན་མཆོག་ལ་གྲོས་ཚོགས་ནང་སྔར་བྱུང་མ་མྱོང་བའི་ཡིད་ཆེས་འོས་ཤོག་ཐོབ་པར་འཚམས་འདྲི་ཞུ། མའེ་ཁི་ནི་ཚོགས་གཙོ་རླབས་ཆེན་ཞིག་ཡིན་པས། ང་ཚོའི་རྒྱལ་ཁབ་ལ་ཁེ་ཕན་ཡོང་གི་རེད། ཨ་རིའི་མི་མང་གིས་འདས་པའི་ལོ་ངོ་བཞིའི་རིང་མགོ་ཁྲིད་དང་སྟོབས་ཤུགས། སྤྱི་མཐུན་གྱི་ཚོར་ཤེས་སོགས་ལ་རེ་སྒུག་བྱས་ཏེ། ད་ལྟ་གཞི་ནས་ཁོང་ཚོས་ཤེས་རྟོགས་ཐུབ་ཡོད་པ་ནི། མི་རིང་བར་ཨ་རི་སྔར་ལས་ལྷག་པའི་རླབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུ་ཡིན་པ་དེ་ཡིན། ཞེས་བརྗོད་འདུག

ད་ལན་ནི་སྐུ་ཞབས་མའེ་ཁི་ཇོན་སོན་ (Mike Johnson) མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བ་ཐེངས་གཉིས་པ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཀེ་བིན་ (Kevin Owen McCarthy) གྲོས་ཚོགས་ནང་འོས་བསྡུ་བྱས་ཏེ་ཕྱིར་ཕུད་བཏང་རྗེས། ཟླ་དེའི་ཕྱི་ཚེས་ ༢༧ ཉིན་སྐུ་ཞབས་མའེ་ཁི་ཇོན་སོན་མཆོག་གྲོས་ཚོགས་འོག་མའི་ཚོགས་གཙོར་ཐེངས་དང་པོ་བདམས། ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ བར་ཨ་རིའི་མངའ་སྡེ་ལོའུ་ཟེན་ནཱའི་(Louisiana) གྲོས་ཚོགས་འོག་མའི་འཐུས་མི་གནང་། ཕྱི་ལོ་ ༢༠༡༧ ལོ་ནས་ལོའུ་ཟེན་ནཱའི་གྲོས་ཚོགས་གོང་མའི་འཐུས་མིར་གྱུར་བ་ནས། ད་སྔ་མུ་མཐུད་ཨ་རིའི་གྲོས་ཚོགས་སུ་སྤྱི་མཐུན་ཚོགས་པའི་འཐུས་མིའི་ངོ་བོའི་ཐོག་ནས་གྲོས་ཚོགས་མའི་ཚོགས་གཙོ་གནང་བཞིན་པ་ཡིན་ལ། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཁོང་གིས་ཚོགས་གཙོའི་དམ་བཅའ་ཕུལ་བ་དང་ལྷན། ཨ་རིའི་གྲོས་ཚོགས་སྐབས་ ༡༡༩ བའི་འཐུས་མི་ཡོངས་ནས་དམ་འབུལ་ཞུས་ཡོད། ཁོང་ད་ལྟ་དགུང་ལོ་ ༥༢ དང་ཨ་རིའི་གྲོས་ཚོགས་སྐབས་ ༡༡༩ པའི་ཚོགས་གཙོ་བཅས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese