མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གར་སོང་ཆ་མེད་དུ་གྱུར་བའི་བོད་མི་དགུའི་གནས་ཚུལ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་རྒྱ་ནག་གཞུང་གིས་བོད་ནང་ནས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་དགུའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་བཏོན་འདུག

གར་སོང་ཆ་མེད་དུ་གྱུར་བའི་བོད་མི་དགུའི་གནས་ཚུལ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་དཔྱོད་པ་དྲུག་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ལས་དོན་ཞིབ་འཇུག་ཚོགས་ཆུང་གསུམ་གྱི་སྐུ་ཚབ་བཅས་ཀྱིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་རྒྱ་ནག་གི་དབང་སྒྱུར་དང་བཙན་གནོན་འོག་གནས་པའི་གྲང་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནས་སྟངས་གླེང་སློང་དང་སྦྲགས། བོད་ནང་ནས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་དགུའི་གནས་སྟངས་དང་གར་ཡོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་བཏོན་འདུག

གནད་དོན་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱལ་ཚོགས་ཀྱི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་མི་དང་། ཡུ་གུར། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་ཀྱི་གནས་སྟངས་གླེང་སློང་གནང་བར་དགའ་བསུ་ཞུ་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འདྲ་མིན་ཡོད་པའི་ས་ཁུལ་མང་པོའི་གནས་སྟངས་ཐོག་གྲོས་བསྡུར་བྱས་ནས་ཡོང་དུས།  ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཐད་གདོང་ལེན་བྱེད་དགོས་ས་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱལ་ཚོགས་ཀྱི་སྙན་ཐོ་འདི་སྣང་མེད་དུ་མི་འཇོག་པར། རྒྱ་ནག་གི་དབང་འཛིན་པ་ཚོ་དང་འབྲེལ་བ་འཛིན་རྒྱུར་མཇུག་སྡོམ་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོའི་སྙན་ཐོ་དེས་རྒྱ་ནག་གཞུང་ནི་ཁྲིམས་ལུགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྩི་འཇོག་གང་ཡང་མེད་པར་སྲིད་དབང་སྒེར་གཅོད་པ་ཡིན་པ་སོགས་གསལ་སྟོན་བྱས་འདུག

རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་ད་ལྟ་གར་ཡོད་དང་བདེ་འཇགས་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་པའི་དགོས་འདུན་བཏོན་པའི་ཁྲོད།  ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཕྱུར་དར། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་དང་། ཕྱི་ལོ་ ༢༠༢༤ ཟླ་ ༩ ནང་ཀིརྟི་དགོན་པའི་གྲྭ་བློ་བཟང་བསམ་གཏན་ལགས་དང་བློ་བཟང་འཕྲིན་ལས་ལགས། དེ་བཞིན་ཚེ་རིང་བཀྲི་ཤིས་ལགས་དང་དབང་སྐྱིད་ལགས་བཅས་ཁྱོན་བོད་མི་དགུ་འདུག་ལ། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༤ ཉིན་བོད་མི་ཕྱུར་དར། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་ལ་བསང་གསོལ་དང་ལབ་རྩེ་བསྟད་པ། ཞབས་རིམ་བསྒྲུབས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཉེས་མིང་གི་འོག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད།  ཁོང་ཚོ་གསེར་རྟ་རྫོང་གི་བཙོན་ཁང་དུ་ཁྲིད་རྗེས་བོད་མི་ཕྱུག་དར་ལགས་སུ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དང་རྡུང་རྡེག་བྱས་ཏེ་དམར་གསོད་བཏང་ཡོད་ཅིང་། རྒྱ་བོད་མི་ཕྱུག་དར་ལགས་ཀྱི་ནང་མི་གཉེན་ཉེ་ཚོས་ཕྱུག་དར་ལགས་རྒྱ་གཞུང་ཉེན་རྟོག་པས་ཉེས་རྡུང་བཏང་ནས་བསད་པ་མིན་པའི་ཡིག་ཆར་མཛུབ་རྟགས་མ་བརྒྱབ་ཚེ། འདས་པོའི་སྐུ་ཕུང་རྩིས་སྤྲོད་བྱ་རྒྱུ་མིན་པའི་འཇིགས་སྐུལ་སོགས་བྱས་མྱོང་ལ། ཁོང་ཚོ་ནི་བོད་གསེར་རྟ་རྫོང་གི་ཁེས་སྐོར་ཡུལ་ཚོའི་ཨ་བོས་དཀྱིལ་རི་མགོ་སྡེ་བའི་མི་ཡིན་ལ། ད་སྔ་བར་གང་ཡོད་དང་བདེ་འཇགས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། དེ་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༩ ནང་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསམ་གཏན་ལགས་དང་བློ་བཟང་འཕྲིན་ལས་ལགས། དེ་བཞིན་ཚེ་རིང་བཀྲི་ཤིས་ལགས་དང་དབང་སྐྱིད་ལགས་རྒྱུ་རྐྱེན་གང་ཡིན་གསལ་ཁ་མེད་པར་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་ད་བར་ཁོང་ཚོ་བདེ་འཇགས་ཡིན་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གར་སོང་ཆ་མེད་དུ་གྱུར་བའི་བོད་མི་དགུའི་གནས་ཚུལ་མཁོ་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

ཡང་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་གནོད་འཚེ་ཕོག་མཁན་གྱི་ཁྲོད་དུ། ཡུ་གུར་བའི་དཔལ་འབྱོར་རིག་པ་བ་གྲགས་ཅན་དང་ལས་འགུལ་བ་(Ilham Tohti) ལགས་དང་། རྒྱ་ནག་གི་གསར་འགོད་པ་དང་ཁྲིམས་རྩོད་པ་ཟུར་བ་ཀྲང་ཁྲན  (Zhang Zhan)། རྒྱ་ནག་གི་ངལ་རྩོལ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཝང་ཇིན་བྷིན་ (Wang Jianbing)། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞའེ་ཡཱང་ (Xie Yang) སོགས་ཀྱི་གནས་སྟངས་ཁ་གསལ་བཟོ་དགོས་པའི་དགོས་འདུན་ཀྱང་བཏོན་འདུག

ད་ལན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་དཔྱོད་པ་དྲུག་དང་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཚོགས་ཆུང་གི་སྐུ་ཚབ་གསུམ་བཅས་ཀྱིས། རྒྱ་ནག་གཞུང་ནས་འབྱུང་འགྱུར་ཉིན་གྲངས་ ༦༠ ནང་ཚུད་དུ་གོང་བརྗོད་མི་སྣ་དག་གི་གནས་སྟངས་ཐད་གསལ་འདེབས་བྱ་དགོས་པ་ནན་བརྗོད་བྱས་འདུག་ལ། དམིགས་བསལ་བོད་མི་དགུའི་གནས་སྟངས་ནི་རྒྱ་ནག་གིས་འདོད་མོས་མེད་བཞིན་དུ་བཙན་ཤེད་ཀྱིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བ་དང་། གང་འདོད་དུ་བཀག་ཉར་བྱས་པས་ཡིན་འདུག་ལ། རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཚོས་བསམ་བློའི་རང་དབང་དང་ཞི་བའི་འདུ་འཛོམས། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་གནས་སྟངས་དང་། ཆོས་ལུགས་དང་དད་མོས་རང་དབང་བཅས་ཀྱི་ལས་དོན་ཐད་གཞུང་དང་ཚོགས་སྒེར་སོགས་ཀྱི་ཁ་གཏད་དུ་ལངས་ནས་ལས་དོན་གཉེར་མུས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese