མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་ཐུགས་རྗེ་ཆེ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐབས་བདུན་པ་ལྕམ་སྐུ་ཨ་ཛུ་ར་ཛེ་ཡ་མཆོག་གི་ལས་ཡུན་རྫོགས་པ་དང་བསྟུན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་སྤྱིའི་བདེ་དོན་སླད་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛུ་ར་ཛེ་ཡ་མཆོག་ལ་གཞུང་འབྲེལ་ཕྱག་རྟགས་ཕུལ། ༢༠༢༢།༠༤།༢༥

ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༨ ཉིན་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ། ད་ལྟའི་སྲིད་གཞུང་གི་ལས་ཡུན་རིང་ཨ་རིའི་བོད་དོན་ཐོག་སྲིད་བྱུས་ལག་བསྟར་བྱེད་པ་དང་། བོད་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འགན་འཁྲི་བཟོ་བ་བཅས་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་བོད་དོན་སྲིད་བྱུས་གཉིས་ཀྱི་མཉམ་ལས་ཀྱི་གྲུབ་འབྲས་ཡིན། ཞེས་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བྱམས་བརྩེའི་ལོ་འཁོར་ནང་༸གོང་ས་མཆོག་གི་མཛད་རྗེས་དང་། དེས་འགྲོ་བ་མིར་ཕན་ཐོགས་གང་བྱུང་བ་སོགས་གསལ་སྟོན་ཆེད་ཁྱེད་ཚོའི་སྒྲིག་འཛུགས་དང་མུ་མཐུད་མཉམ་ལས་བྱ་རྒྱུར་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྕམ་སྐུ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་འཕྲིན་ཡིག་ཅིག་གནང་བའི་ནང་། ལྕམ་སྐུ་ཨ་ཛ་ར་ཛེ་ཡ་མཆོག་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་པའི་སྐབས་སུ་བོད་མིའི་རྩ་དོན་ཆེད་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབས་པ་དང་། མ་འོངས་པར་ཡང་མུ་མཐུད་ལས་དོན་གཉེར་རྒྱུར་ཁས་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད། བོད་མིའི་སྤྱི་ཚོགས་བཅས་ལ་ཐུགས་སྣང་ཆེན་པོས་རྟག་ཏུ་འབྲེལ་ལམ་གནང་བ་དང་། དེ་བཞིན་དྷ་སར་གཟིགས་སྐོར་གལ་ཆེན་གནང་བ་སོགས་ཀྱིས་རྒྱ་ནག་དང་བོད་ཀྱི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐབས་སུ་རེ་བ་ཆེ་རུ་བཏང་ཡོད། ཁྱེད་ཀྱིས་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་མདུན་སྐྱོད་དང་བློ་སེམས་བརྟན་པོའི་ཐོག་ནས་ལས་དོན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཨ་རིའི་གཞུང་གི་བོད་དོན་ལ་རྒྱབ་སྐྱོར་སྲ་བརྟན་ཡོད་པ་ཚོར་གྱི་ཡོད་ལ། ཁྱེད་ཀྱིས་མུ་མཐུད་རྒྱབ་སྐྱོར་དང་ལམ་སྟོན་གནང་བའི་རེ་བ་ཡོད། དེ་བཞིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷའེ་ཌིན་མཆོག་གིས་མཚན་རྟགས་བསྐྱོན་པའི་བོད་དོན་ཐད་ཀྱི་ཨ་རིའི་དམིགས་བསལ་ཁྲིམས་འཆར་དེ། ཨ་རིའི་གཞུང་འཛིན་སྐབས་རྗེས་མས་ལག་བསྟར་གནང་འགྱུར་རེ་བ་ཡོད། ཅེས་གསུངས་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛུ་ར་ཛེ་ཡ་མཆོག་ནས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་མཉམ་དུ་འབྲེལ་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་གནང་། ༢༠༢༥།༡།༡༡

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ལྕམ་སྐུ་ཨ་ཛུ་ར་ཛེ་ཡ་མཆོག་གིས་བརྙན་ལམ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་ང་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཀ་འདི་གཉེར་རྒྱུའི་གོ་སྐབས་བྱུང་། དེང་སྐབས་ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་འགངས་ཆེན་དུ་བརྩིས་ནས་རྒྱབ་སྐྱོར་སྔར་ལྷག་གནང་མུས་རེད། འདས་པའི་མི་ལོ ༤ ལ་ཕྱིར་མིག་ཅིག་བལྟས་ན། ང་ཚོས་མཉམ་རུབ་ཀྱི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་། བོད་མིའི་ངོ་བོ་སྲུང་སྐྱོབ།  སྐད་ཡིག་སྲུང་སྐྱོབ་སོགས་ཚུད་པའི་བོད་དོན་ཐད་ལ་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད། ཅེས་དང་། འདས་པའི་མི་ལོ ༡༤ ལྷག་གི་རིང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་རྒྱ་ནག་བར་གྱི་ཞི་མོལ་ཆད་ཡོད་ཅིང་། ང་ཚོས་བོད་རྒྱ་ཞི་མོལ་བྱ་རྒྱུ་ནི་བོད་ནང་བརྟན་བརླིང་ཡོང་རྒྱུའི་ཐབས་ལམ་ཡག་ཤོས་ཤིག་ཏུ་མཐོང་གིན་འདུག་པས། ང་ཚོས་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱས་ཞི་མོལ་བྱ་རྒྱུར་རེ་སྐུལ་ཞུས་ཡོད། ཅེས་གསུངས་འདུག

ལྕམ་སྐུ་ཨ་ཛུ་ར་ཛེ་ཡ་མཆོག་ནི་ཨ་རིའི་ཨེ་ཤ་ཡའི་མི་ཞིག་ཕྱི་སྲིད་ལྷན་ཁང་གི་དྲུང་ལས་སུ་བསྐོས་པ་ཐོག་མ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐབས་བདུན་པ་ཡིན་ཞིང་། ཁོང་གི་སྐྱེ་ཁུངས་རྒྱ་གར་གྱི་མངའ་སྡེ་བྷི་ཧར་ཡིན་འདུག ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དགོངས་དོན་ལྟར།  ཕྱི་ལོ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ཀྱི་ཐོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese