མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཁྱབ་རྩིས་ཞིབ་པ་ལྷག་པ་རྒྱལ་མཚན་མཆོག་འདས་གྲོངས་སུ་གྱུར། 

བོད་ཀྱི་དུས་བབ།
༢༠༢༥/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ནས་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལྷན་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པ་ལྷག་པ་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས། 

བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ཁྱབ་རྩིས་ཞིབ་པ་ལྷག་པ་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་བར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས། བོད་ཀྱི་དུས་བབ་གསར་ཁང་པར། ༢༠༢༥།༡།༣

ཁ་སང་ཕྱི་ཚེས་ ༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལྷན་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པ་ལྷག་པ་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་སྟབས། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ནས་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་ཡོད་ཅིང་།  ཁོང་གིས་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་པའི་ལས་ཁུར་དམ་འབུལ་ཞུས་ཏེ་ཟླ་ངོ་ལྔ་ལྷག་ལྷག་ལས་འགྲོ་ཡི་མེད་པ་རེད། 

གནད་དོན་དེ་དང་འབྲེལ་ནས་བོད་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གིས་ལྷན་ཁང་ཁག་གི་དྲུང་ཆེ་སོགས་སུ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་མཆོག་ཁ་སང་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཆེས་བློ་ཕམ་དང་སྦྲགས། དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཆེད། དེ་རིང་ཉིན་གུང་ཚུ་ཚོད་ ༡༢ ཐོག་སྲིད་སྐྱོང་ཚོགས་ཁང་ནང་སྲི་ཞུའི་ལས་བྱེད་ཡོངས་དུས་ཐོག་ཕེབས་དགོས་ཤིང༌། དེ་རྗེས་མྱ་ངན་གུས་འདུད་མཚོན་བྱེད་ལས་མཚམས་འཇོག་རྒྱུ། ཞེས་གསལ་འདུག་པ་ལྟར། དེ་རིང་ཉིན་གུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་པ་ལྷག་པ་རྒྱལ་མཚན་ལགས་ནི་ཕྱི་ལོ་ ༡༩༦༢ ཟླ་ ༧ པའི་ཚེས་ ༨ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༩༨༠ ལོར་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་པ་ཐོན་པ་དང་། ཕྱི་ལོ་ ༡༩༨༥ ལོར་རྩིས་ཀྱི་མཐོ་སློབ་ཐོན། ཕྱི་ལོ་ ༡༩༨༥ ནས་ ༡༩༩༡ བར་རྩིས་ཞིབ་ལས་ཁུངས་ནང་རྩིས་ཞིབ་པའི་ལས་ཁུར་ཞུས། ༡༩༩༡ ནས་ ༡༩༩༦ བར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནང་རྩིས་པ་དང་ལས་ཁུངས་དོ་དམ་པའི་ལས་ཁུར་ཞུས། ༡༩༩༦ ནས་ ༢༠༠༠ བར་ཆོད་གན་ཐོག་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༠ ཟླ་བ་ ༥ པ་ནས་ ༡༡ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྩིས་དཔོན་གྱི་ལས་ཁུར་ཞུས། 

ཕྱི་ལོ་ ༢༠༠༡ ཟླ་ ༡༡ ནས་སྒེར་གྱི་རྩིས་ལས་ཁང་ “དེང་དུས་རྩིས་དང་རྩིས་ལས་ཁང་།” ཞེས་པ་མགོ་འཛུགས་ཞུས་པ་དང་སྦྲགས། རྩིས་ཞིབ་ལས་ཁང་གི་བཀའ་དགོངས་བཞིན་གན་རྒྱའི་ཐོག་ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་དང་། བོད་ཕྲུག་ཁྱིམ་སྡེ་ཡན་ལག་སློབ་གྲྭ་ཁག་གི་རྩིས་ཞིབ་དང་། བོད་གཞུང་ནང་སྲིད་ཁྱབ་ཁོངས་རྒྱ་གར་བྱང་ཤར་ཁུལ་གྱི་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། འབུམ་ལ་བསྟན་སྒང་གཞིས་ལས་ཁང་བཅས་ཀྱི་རྩིས་ཞིབ་ཞུས། ཕྱི་ལོ་ ༢༠༠༢ ཟླ་ ༢ ནས་ ༢༠༠༤ ཟླ་ ༣ བར་བོད་གཞུང་ནང་སྲིད་ལྷན་ཁང་གི་བཀའ་དགོངས་བཞིན་ཆོད་གན་ཐོག་རྩིས་དཔོན་གྱི་ལས་ཁུར་ཞུས། ཕྱི་ལོ་ ༢༠༡༤ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་ནང་ལས་ཞུགས་ཀྱིས་བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལས་ཁུར་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese