མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་གྱི་དཔོན་པོ་གཉིས་རྒྱ་ནག་དམར་ཤོག་གི་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཟུར་པ་བྱང་ཆུབ་དང་ཁུལ་དཔོན་གཞོན་པ་ཟུར་པ་ཆི་ཅིན་ཤིང་གཉིས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པར་བློ་མི་དཀར་བ་དང་ཚོགས་པར་རྒྱབ་འགལ་བྱས་པ་སོགས་ཀྱི་ཉེས་མིང་འོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་འདུག

ཡུན་ནན་བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་ཟུར་པ་ཆི་ཅིན་ཤིང་དང་ཁུལ་དཔོན་ཟུར་པ་བྱང་ཆུབ།

རྒྱ་ནག་གཞུང་གིས་དམར་ཤོག་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཅན་དང་། བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་ནས།  ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཟུར་པ་བོད་མི་བྱང་ཆུབ་དང་། ཁུལ་དཔོན་གཞོན་པ་ཟུར་པ་ཆི་ཅིན་ཤིང་(Qi Jianxin) གཉིས་ཀྱིས། ཁྲིམས་འགལ་ཁེ་ཕན་བླངས་པ་དང་། རྒྱ་ནག་དམར་ཤོག་རིང་ལུགས་ལ་རྒྱབ་འགལ་དང་ཡིད་ཆེས་མེད་པ་སོགས། ཁྲིམས་སྒྲིག་ལ་གཏོར་བརླག་ཚབས་ཆེན་བཏང་བའི་ཉེས་མིང་འོག རྒྱ་ནག་དམར་ཤོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་བའི་གསལ་བསྒྲགས་བྱས་འདུག

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་མགོ་ཁྲིད་མང་པོ་ཞིག་འཛིན་བཟུང་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་པ་དང་འབྲེལ་ཏེ། འདི་གའི་གསར་འགོད་པས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་དེའི་རྒྱུ་རྐྱེན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་རིགས་ཀྱི་དཔོན་རིགས་ཚོ་ཕྱོགས་ཁག་གི་ཐོག་ནས་དབང་ཆ་འཐབ་རྩོད་ཀྱི་རྣམ་པའི་དབང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་གཡོགས་ཏེ། ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་བཙོན་འཇུག་མང་པོ་བྱེད་ཀྱིན་ཡོད་རེད། འོན་ཀྱང་། བོད་ཀྱི་དཔོན་རིགས་ཚོ་རྒྱ་ནག་གཞུང་གི་ཁ་ལ་ཉན་མི་ཉན་དང་ཁ་བྲལ་རིང་ལུགས་ཟེར་བར་ངོ་རྒོལ་བྱེད་མིན་ལྟ་བ་ལས། རྒྱ་རིགས་ཀྱི་དཔོན་རིགས་བཞིན་དབང་ཆ་འཐབ་རྩོད་ཀྱི་ཐད་འབྲེལ་བ་ཅི་ཡང་ཡོད་མ་རེད། ལྷག་པར་དུ་ཏིན་ཞོ་ཕིང་དང་ཅང་ཙི་མིང་སོགས་ཀྱི་སྐབས་སུ་བོད་པའི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱེད་པ་སྣང་མེད་དུ་བཞག་ནས། ཆེད་དུ་བོད་རིགས་དཔོན་པོ་དེ་དག་བཀོལ་ནས་ཏཱ་ལའི་ཁ་བྲལ་ཚོགས་པ་ཟེར་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུ་བཅུག་གི་ཡོད།  དཔེར་ན། ཏིན་ཞོ་ཕིང་གི་རིག་གནས་གསར་བརྗེ་སྐབས། ལྐོག་ཟ་རུལ་སུངས་དང་ངོ་རྒོལ་བྱེད་མཁན་གྱི་རྒྱ་རིགས་ཚང་མ་མེད་པར་བཟོས་ཟིན་ནའང་། བོད་རིགས་དཔོན་པོ་ཚང་མ་ཆེད་དུ་བེད་སྤྱོད་བཏང་ཡོད་སྟབས། རྒྱ་ནག་གཞུང་གི་བོད་པ་བེད་སྤྱོད་བྱས་ནས་བོད་པར་སྟངས་འཛིན་བྱས་ཞེས་པའི་སྲིད་ཇུས་ཀྱི་འོག་ནས། བོད་རིགས་དཔོན་པོ་ཚོས་རྒྱ་ནག་གཞུང་གི་ཁ་ལ་ཉན་གྱི་ཡོད་མེད་ལྟ་བ་ལས། ནག་ཉེས་དང་ལྐོག་ཟ་རུལ་སུངས་བྱས་ཡོད་མེད་ལྟ་ཡི་མེད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ཞི་ཅིན་ཕིན་གྱིས་རྒྱ་ནག་གཞུང་གི་མགོ་ཁྲིད་བྱས་པ་ནས་བཟུང་། མུ་མཐུད་དུ་བོད་པ་བེད་སྤྱོད་བྱས་ནས་བོད་པར་སྟངས་འཛིན་བྱས་ཞེས་པའི་སྲིད་ཇུས་དེ་དྲག་པོའི་ཐོག་ནས་སྟངས་འཛིན་ལག་བསྟར་བྱེད་མགོ་བརྩམས་པས།  ཞི་ཅིན་ཕིན་གྱི་དྲག་པོའི་སྲིད་ཇུས་ལ་མི་དགའ་མཁན་དང་མགོ་བདེ་པོ་བྱེད་མི་ཤེས་མཁན་གྱི་བོད་རིགས་དཔོན་པོ་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་སོགས་ཀྱི་ཉེས་མིང་གཡོགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་སྐྱིད་སྡུག་ནས་ཕྱིར་ཕུད་དང་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། སྤྱིར་ཏིན་ཞོ་ཕིང་དང་ཞི་ཅིན་ཕིན་གཉིས་ཀྱི་རྩ་བའི་སྲིད་ཇུས་གཅིག་ཡིན་ན་ཡང་། སྔོན་མ་ནག་ཉེས་ཅན་དེ་དག་ཚེ་ཐར་བཏང་ནས་བོད་རིགས་དཔོན་པོ་ཚོར་ཆེད་དུ་རྒྱ་ནག་གཞུང་གི་ཁ་ལ་ཉན་དུ་འཇུག་པ་དང་།  ད་ལྟ་དྲག་པོའི་ཐོག་ནས་ཁ་ལ་ཉན་དུ་བཅུག་སྟེ། སྲིད་ཇུས་ཀྱི་རྣམ་པར་ཅུང་ཙམ་འགྱུར་བ་ལས་ངོ་བོ་གཅིག་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

འདས་ལོའི་ལོ་མགོ་ཙམ་ནས་རྒྱ་ནག་གཞུང་གིས་ཁུལ་དཔོན་ཟུར་པ་བོད་མི་བྱང་ཆུབ་དང་ཁུལ་དཔོན་གཞོན་པ་ཟུར་པ་ཆི་ཅིན་ཤིང་གཉིས་ཀྱིས་ལྐོག་ཟ་རུལ་སུངས་དང་། གནོད་སྐྱོན་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་སྤྲོད་ཀྱིན་ཡོད་ལུགས་བཤད་ནས་ཞིབ་བཤེར་ཐོག་མར་མགོ་བཙུགས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༥ ཚེས་ ༡༩  ཉིན་ཁུལ་ཟུར་བྱང་ཆུབ་དང་ཕྱི་ཟླ་ ༤ ཚེས་ ༩ ཉིན་ཆི་ཅིན་ཤིང་ལས་གནས་ནས་གནས་དབྱུང་བཏང་འདུག་ལ། ཕྱི་ལོ་ ༢༠༢༤ ཡི་ལོ་མགོ་ནས་རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་ལ་གཏོར་བརླག་དང་། ལྐོག་ཟ་རུལ་སུངས་བྱས་པ་སོགས་ཀྱི་ཉེས་མིང་འོག ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་ཁྲིད་སྐལ་བཟང་རྣམ་རྒྱལ་དང་། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཟུར་པ་བཀྲ་ཤིས་དོན་གྲུབ།  ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་ལས་ཧྥང་ཡུ་ཤང་(Feng Yuxiang) སོགས་ལས་གནས་ནས་ཕྱིར་ཕུད་བཏང་སྟེ་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག

འདས་པའི་མི་ལོ་གཉིས་ལྷག་གི་རིང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༢༠  ཙམ་གནས་དབྱུང་ཞིབ་བཤེར་བྱས་ཡོད་པའི་ཁྲོད།  ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་བློ་མི་དཀར་བ་དང་ཏང་གཤིས་རྩ་དོན་ཤོར་བ། བོད་སྐྱེ་རྒུ་མདོ་ཁུལ་གྱི་དམར་ཤོག་དྲུང་ཆེ་གཞོན་པ་ཤེས་རབ་རྒྱ་མཚོ་དང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་མགོ་གཙོ་ཆེ་དགྲ་ལྷ། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཇེ་(Wu Yingjie)ཡིས། ཏང་ལ་དད་སེམས་ཉམས་པ་དང་ཏང་གཤིས་ཀྱི་རྩ་དོན་ཤོར་བ། ཕུགས་བསམ་ཉམས་པ་སོགས་ཀྱི་ཉེས་མིང་འོག་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་བཏང་།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese