མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་གཙང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་དགོངས་དོན་ལྟར་དབུས་གཙང་སྤྱི་འཐུས་ཀྱི་སྒུག་ཐོ་ཨང་གཉིས་པ་བསམ་གཏན་ཆོས་སྒྲོན་ལགས་ནས་ལས་འཁུར་དམ་འབུལ་ཞུས་སོང་།

དབུས་གཙང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༤།༡༦

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་སྤྱི་འཐུས་ཚོགས་ཁང་དུ་བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་དགོངས་དོན་ལྟར།  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་དུ། དབུས་གཙང་སྤྱི་འཐུས་ཀྱི་སྒུག་ཐོ་ཨང་གཉིས་པ་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་སོང་བ་དང་། ཁོང་མོས་ཉེ་ལམ་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་པའི་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་གི་ཚབ་ཏུ་ལས་འཁུར་དམ་འབུལ་ཞུས་པ་རེད་ལ། དབུས་གཙང་སྤྱི་འཐུས་ཀྱི་སྒུག་ཐོ་ཨང་གསུམ་པ་དེ་བཅོ་ལྔ་ཚེ་རིང་ལགས་ཡིན་འདུག

སྐབས་དེར་འདི་གའི་གསར་འགོད་པས་འཚམས་འདྲི་དང་སྦྲགས། ད་ལན་བསམ་གཏན་ཆོས་སྒྲོན་ལགས་ནས་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་པ་ཐེངས་གཉིས་པ་ཆགས་ཡོད་སྟབས། དམིགས་བསལ་གྱི་དམ་བཅའ་དང་དགོངས་འཆར་གསར་པ་གང་ཡོད་སྐོར་དྲིས་པར་ཁོང་གིས། ང་རང་མི་མང་གིས་གོ་སྐབས་གནང་བའི་སྐབས་བཅུ་དྲུག་པ་དང་ད་ལན་སྐབས་བཅུ་བདུན་པའི་སྤྱི་འཐུས་ཤིག་ཆགས་ཡོད།  དམིགས་བསལ་གྱི་ཁས་ལེན་དམ་བཅའ་མེད་ནའང་། རང་ཉིད་ཀྱིས་ནམ་རྒྱུན་ནས་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་ལས་དོན་ཐོག་ཞབས་ཕྱི་ཞུ་ཡི་ཡོད། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་གང་འདྲ་ཞིག་ཡོད་ཀྱང་རང་ནུས་གང་ཡོད་ཀྱིས་ཧུར་ཐག་བྱེད་བཞིན་ཡོད། ཅེས་གསུངས་བྱུང་།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་བདུན་པའི་ནང་། འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས། ཞེས་གསལ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་རྣམས་ཀྱིས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང་། ཚོགས་གཙོ་ས་གནས་སུ་མེད་ཚེ་ཚོགས་གཞོན་གྱི་མདུན་དུ་དམ་འབུལ་ཞུ་དགོས་པ་རེད།

བསམ་གཏན་ཆོས་སྒྲོན་ལགས་ནི། ཕྱི་ལོ་ ༡༩༦༨ ཟླ་ ༡༢ ཚེས་ ༢༠ ཉིན་སྐྱེས་ཤིང་། ཚོང་རིག་ཐོག་རབ་འབྱམས་པའི་གནས་ཚད་ཀྱི་ལག་འཁྱེར་ཡོད་ཅིང་། འདས་པའི་མི་ལོ་ཉེར་བདུན་ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་པའི་ལས་འགན་དང་། སྦེལ་ཀོབ་དཔལ་འབྱོར་ལས་ཁུངས་ཀྱི་རྩིས་དྲུང་གཅིག་ལྕོགས། སྤྲེལ་ཀོབ་མཉམ་སྦྲེལ་བཟོ་གྲྭའི་རྩིས་པ་དང་འགན་འཛིན། སྦེལ་ཀོབ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སོགས་གཞུང་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་ནང་ཕྱག་ལས་གནང་མྱོང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

སྐར་མ ༡༡ སྔོན་ལ།
༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཉམས་ཞིབ་ཚོགས་ཆེན་ཐཻངས་པོའི་ཉིན་གཉིས་པའི་གཏམ་བཤད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་དང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ༢༠༢༥།༡༢།༤ དུས་བབ་ཀྱི་པར།
Mobile App

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གླེང་བའི་ཉིན་གཉིས་པ།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་འཚོག་བཞིན་པ། ༢༠༢༥།༡༢།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
French President Emmanuel Macron meets with Chinese President Xi Jinping in 2022.
Mobile App

ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ལགས་རྒྱ་ནག་ནང་སྐོར་སྐྱོད་གནང་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
Mobile App

ཐུགས་དམ་སྐོར་ལ་ཉམས་ཞིབ་པའི་བགྲོ་གླེང་འཚོག་བཞིན་འདུག

༢༠༢༥/༡༢/༠༣
tibet
Mobile App

སྤྱི་འཐུས་འོས་མིར་ལངས་མཁན་གསུམ་གྱིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་སོང་།

༢༠༢༥/༡༢/༠༣

མཆན། 1

  1. འོ་མཚོ། says:
    ཟླ་བ། 8 སྔོན།

    སྒུག་ཐོ་དང་པོ་བསྟན་འཛིན་ཆོས་འཛིན་རེད། སྒུག་ཐོ་གཉིས་པ་རེད། སྒུག་ཐོ་ཨང་གསུམ་པ་དེ་བཅོ་ལྔ་ཚེ་རིང་རེད། ཚེ་རིང་བཅོ་ལྔ་ཟེར་བ་ཞིག་ཡོད་མ་རེད། བསམ་གཏན་ཆོས་སྒྲོན་སྐྱེས་ལོ་༡༩༦༨ ལོར་སྐྱེས་པ་རེད། ༡༩༥༨ མ་རེད། གསར་འགྱུར་འགོད་དུས་ངེས་པར་དུ་ཞིབ་འཇུག་དང་ཐུགས་སྣང་གནང་དགོས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese