མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བརྒྱད་པ་འཚོག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་ཆོས་མངོན་པ་མཛོད་དང་སྲིད་པའི་མཛོད་ཕུགས་གཉིས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བཞིན་འདུག

གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བརྒྱད་པ། ༢༠༢༥།༠༥།༠༥ རྫོང་སར་བཤད་གྲྭའི་ངོ་དེབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ།  བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་རྫོང་སར་བཤད་གྲྭ་གཉིས་ཀྱི་གོ་སྒྲིག་འོག གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ཐེངས་བརྒྱད་པ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དང་། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མཁན་པོ་ནོར་བུ་ཚེ་རིང་མཆོག མཁན་པོ་ཚུལ་ཁྲིམས་དཔལ་ལྡན་མཆོག་བཅས་གཙོས། ཕྱོགས་མཐའ་ཁག་གི་དགོན་སྡེ་གྲངས་ ༤༧  ནས་ཚོགས་བཅར་བ་གྲངས་ ༩༢  དང་།   རྫོང་སར་བཤད་གྲྭའི་དགེ་འདུན་འདུས་མང་བཅས་གདན་འཛོམས་བྱུང་ཡོད་འདུག

ཐེངས་འདིའི་གཞུང་ཆེན་རིས་མེད་བགྲོ་གླེང་སྐོར་ལ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་པ་བསྟན་འཛིན་རྣལ་འབྱོར་ལགས་སུ་དྲིས་པར། ཁོང་གིས། སྤྱིར་ཆོས་རིག་ལས་ཁུངས་ཀྱིས་དགོན་སྡེ་མང་པོར་མགྲོན་ཤོག་བཏང་ཡོད་ཀྱང་། ད་ལན་གྱི་བགྲོ་གླེང་ཐོག་ཕྱོགས་མཐའ་ཁག་གི་དགོན་སྡེ་ཁག་ ༤༧ གྱི་དགོན་པ་ཆེ་བ་རེ་ནས་གྲྭ་བཙུན་ ༢ རེ་དང་། དགོན་པ་ཆུང་བ་རེ་ནས་གྲྭ་བཙུན་ ༡ རེ་ཕེབས་ཡོད། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་གཞུང་ཆེན་བཀའ་པོད་ལྔ་ལས་སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ཀྱི་རྩ་བའི་སྐོར་རེད། བོན་གཞུང་གི་བརྗོད་གཞི་ནི་སྲིད་པའི་མཛོད་ཕུགས་ཐོག་བགྲོ་གླེང་གནང་བཞིན་ཡོད། ཟླ་དགུའི་སྔོན་ནས་ཆོས་བརྒྱུད་ཁག་ནས་དགེ་འདུན་པ་ ༢ རེ་དང་བཙུན་མ་ ༡ རེའི་དཔྱད་རྩོམ་འབྲི་བཅུག་སྟེ་ཕྱོགས་སྒྲིག་བྱས་ཡོད་པ་བཞིན་བགྲོ་གླེང་གནང་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

གཞུང་ཆེན་རིས་མེད་བགྲོ་གླེང་གི་གལ་གནད་སྐོར་ལ་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཡང་ཡང་ཕེབས་པ་བཞིན། ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་དགོན་སྡེ་ཆེ་ཁག་ ༥༠ ཀྱི་སྐུ་ཚབ་གདན་འདྲེན་ཞུས་ཏེ་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་སུ་གྲོས་ཆོད་བཞག ཕྱི་ལོ་ ༢༠༡༥ ལོར་མགོ་བཙུགས་ཏེ་ད་ལྟ་བར་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་བརྒྱད་འཚོགས་ཡོད། དེའི་དམིགས་ཡུལ་དང་པོ་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་། གཉིས་པ་ཆོས་བརྒྱུད་ཕན་ཚུན་བར་འཆམ་མཐུན་ཡོང་རྒྱུ། གསུམ་པ་དགོན་སྡེ་ཁག་ངོ་སྤྲོད་བྱེད་པའི་ཆེད་དུ་རེད། དམིགས་ཡུལ་དང་པོ་དེ་ཤེས་ཡོན་ཡར་རྒྱས་ཇི་ཙམ་ཕྱིན་ཡོད་མེད་བཤད་ཚོད་ཐིག་གི་མི་འདུག་ཀྱང་།  དམིགས་ཡུལ་གཉིས་པ་དང་གསུམ་པའི་ཐོག་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་འདུག དེ་བཞིན་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ལྔ་པ་ནས་ཐད་བསྲིང་གཏོང་མགོ་ཚུགས་ཡོད་པས། བགྲོ་གླེང་ཐོག་ཕེབས་མ་ཐུབ་པ་རྣམས་ཀྱིས་དྲ་ལམ་གྱི་ཐོག་ནས་གཟིགས་ཏེ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཆོས་རིག་ལས་ཁུངས་ཀྱི་གཞུང་ཆེན་རིས་མེད་བགྲོ་གླེང་གོ་སྒྲིག་པ་བསྟན་འཛིན་རྣལ་འབྱོར་ལགས། ༢༠༢༥།༥།༤ རྫོང་སར་བཤད་གྲྭའི་ངོ་དེབ་ཀྱི་པར།

བགྲོ་གླེང་ཐོག་བཙུན་མ་རྣམས་ཀྱིས་མཉམ་ཞུགས་གནང་སྟངས་སྐོར་ལ་ཁོང་གིས། གཞུང་ཆེན་རིས་མེད་བགྲོ་གླེང་སྐབས་དང་པོ་ནས་བཞི་བའི་བར་བཙུན་མ་རྣམས་ཀྱིས་ཟུར་ཉན་བྱེད་པ་མ་གཏོགས། བགྲོ་གླེང་ནང་དུ་དཔྱད་རྩོམ་བྲིས་ཏེ་གཏམ་བཤད་ཀྱི་ཆ་ཤས་བླངས་ཡོད་པ་མ་རེད། དཔལ་གཤིན་བསྟན་སྨན་རིའི་གླིང་དུ་བགྲོ་གླེང་ཐེངས་བཞི་པའི་ཉིན་མཐའ་མར་མྱོང་ཚོར་བཤད་སྐབས། བཙུན་མ་རྣམས་ལའང་བགྲོ་གླེང་གི་གོ་སྐབས་སྤྲོད་དགོས་པའི་བསམ་ཚུལ་བཏོན་པ་བཞིན། བགྲོ་གླེང་ཐེངས་བཞི་པ་ནས་ད་ལྟ་བར་བཙུན་མ་རྣམས་བགྲོ་གླེང་ནང་མཉམ་ཞུགས་གནང་བཞིན་ཡོད་ལ། ད་ལན་གྱི་བགྲོ་གླེང་ཐོག་བཙུན་མ་ཟུར་ཉན་བྱེད་མཁན་གྲངས་ ༢༡ དང་། གཏམ་བཤད་གནང་མཁན་ནང་ས་སྐྱའི་སྐུ་ཚབ་ཕེབས་ཐུབ་མི་འདུག གཞན་ཆོས་བརྒྱུད་ཁག་དང་རིས་མེད་ཀྱི་དགོན་སྡེའི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད། ཅེས་བརྗོད་བྱུང་།

གཞུང་ཆེན་རིས་མེད་བགྲོ་གླེང་ཚོགས་འདུ་ནི་ཕྱི་ལོ་ ༢༠༡༡ ལོར་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༡ ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༣ ལོའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་སྐབས་གྲོས་ཆོད་དུ་བཞག་པ་དབུ་ཚུགས་ཤིང་། ཕྱི་ལོ་ ༢༠༡༥ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་དང་པོ་འཚོགས་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ལོར་བཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ཚོགས་ཐེངས་གཉིས་པ་འཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དཔལ་ལྡན་ས་སྐྱའི་མཐོ་སློབ་ཏུ་ཚོགས་ཐེངས་གསུམ་པ་འཚོགས།  ཕྱི་ལོ་ ༢༠༡༩ ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཚོགས་ཐེངས་བཞི་བ་འཚོགས། ཕྱི་ལོ་ ༢༠༢༢ ལོར་སྔ་འགྱུར་རྙིང་མའི་གདན་ས་ཐེག་ཆེན་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཚོགས་ཐེངས་ལྔ་བ་འཚོགས། ཕྱི་ལོ་ ༢༠༢༣ ལོར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཐེངས་དྲུག་པ་འཚོགས། དེ་བཞིན་ཕྱི་ལོ་ ༢༠༢༤ ལོར་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་ཐེངས་བདུན་པ་འཚོགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese