མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་མི་སྐལ་བཟང་གི་ནང་མིར་ཆུ་དང་གློག་གི་མཐུན་རྐྱེན་བཀག་པའི་སྐོར་སྤྱི་ཚོགས་བརྒྱུད་ལམ་དུ་བསྒྲགས་པའི་རྐྱེན་གྱིས་ཁོང་བཀག་ཉར་བྱས་འདུག

བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་སྟེང་ཆེན་རྫོང་གསེར་བྲག་གྲོང་བརྡལ་གྱི་བོད་མི་སྐལ་བཟང་ཞེས་པ་ཞིག་གི་ནང་མིར་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་མ་སྤྲད་པའི་དཀའ་ངལ་འཕྲད་དེ། ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ལོ་དགུའི་རིང་སྟེང་ཆེན་རྫོང་དང་གསེར་བྲག་གྲོང་བརྡལ་གཞུང་ལ་ཞུ་གཏུགས་བྱས་ཡོད་ཀྱང་ཕན་འབྲས་གང་ཡང་མ་ཐོན་པས།  འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བོད་མི་སྐལ་བཟང་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་དཀའ་ངལ་ཁྱབ་བསྒྲགས་བྱས་རྐྱེན། རྒྱ་གཞུང་གིས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་སྐྱོན་བཏང་བ་དང་། ཏང་དང་སྲིད་གཞུང་ལ་གནོད་འཚེ་བཟོས་པའི་ཉེས་བཙུགས་འོག ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སྟེང་ཆེན་རྫོང་ཉེན་རྟོག་པས་ཁོང་བཀག་ཉར་བྱས་ཡོད་པ་མ་ཟད།    ཁོང་གི་ནང་མིར་འགྲོ་འོང་སོགས་ཀྱི་ཐད་བཀག་སྡོམ་བྱས་འདུག ཕྱིས་སུ་གློད་ཡོད་ཀྱང་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་བསྐྱར་དུ་འཛིན་བཟུང་བྱས་ཏེ་ནང་མིར་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། གནད་དོན་དེ་ལ་ཁ་གཡར་ནས་ཁོང་གི་བྱིས་པ་ཡང་སློབ་གྲྭར་བཅུག་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་འདུག

དེའི་སྐོར་ལ་སྐལ་བཟང་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་བའི་གོང་ཞུས་གནས་ཚུལ་ནང་དུ། གསེར་བྲག་གྲོང་བརྡལ་སྲིད་གཞུང་གིས་ས་གནས་མང་ཚོགས་ཀྱི་ཆུ་དང་གློག་གི་དཀའ་ངལ་སེལ་བའི་ཐད་འཛུགས་སྐྲུན་མང་པོ་བྱེད་བཞིན་ཡོད་ཀྱང་། ཁོང་གི་ཁྱིམ་དུ་ད་དུང་ཡང་གློག་དང་ཆུ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པས། ཁྱིམ་དུ་ཟ་མ་བཟོ་བ་དང་། གྱོན་པ་འཁྲུད་པ། གཙང་བཟོ་སོགས་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། མཚན་མོའི་མུན་ནག་ཁྲོད་ཕྲུ་གུའི་རྒྱུན་ལྡན་གྱི་སློབ་སྦྱོང་བྱེད་ཐུབ་པའི་ཆ་རྐྱེན་སོགས་གང་ཡང་མེད་པའི་གནས་སྟངས་ཀྱི་འོག་ལོ་ ༩ ལྷག་འགྲོ་བཞིན་ཡོད་སྐོར་དང་།ཕྱི་ལོ་༢༠༢༤ ལོའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཀྱི་འཆར་གཞི་ཐེངས་གསུམ་པའི་མིང་ཐོ་ཁོངས་ནས་ཕྱིར་ཕུད་བཏང་ཡོད་སྐོར། ཡུལ་ཚོ་སྲིད་གཞུང་ལ་ཐེངས་མང་གནས་ཚུལ་ཡར་ཞུ་བྱས་ཀྱང་ཕན་འབྲས་གང་ཡང་ཐོན་མེད་སྟབས། ས་གནས་སྲིད་གཞུང་གིས་དྲང་བདེན་ཐོག་ནས་ཞིབ་བཤེར་བྱས་ཏེ་ཐག་གཅོད་གང་ལེགས་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

སྐལ་བཟང་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་བའི་གནས་ཚུལ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་པར།

འདི་གའི་གསར་འགོད་པས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་སུ་ལོ་དགུའི་རིང་སྐལ་བཟང་གི་ནང་མིར་ཆུ་དང་གློག་གི་མཐུན་རྐྱེན་མ་སྤྲད་པའི་རྒྱུ་མཚན་གང་ཡིན་མིན་དྲིས་པར། ཁོང་གིས། ཆུ་དང་གློག་གི་མཐུན་རྐྱེན་མ་སྤྲད་པའི་དཀའ་ངལ་ནི་ལུང་པ་དེའི་ནང་གི་རྒྱ་ནག་གཞུང་གི་སྤྱི་ཡོངས་ཀྱི་འགྲོ་སྟངས་ཤིག་རེད། ང་ཚོས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལོ་རབས་ལྔ་བཅུ་བའི་ནང་སྐལ་བཟང་ལགས་ཀྱི་སྤོ་ལགས་ཀྱིས་རྒྱ་ནག་གི་དམག་མིར་འཐབ་རྩོད་དང་ངོ་རྒོལ་བྱས་ཏེ་ཚེ་སྲོག་ཤོར་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་གཏིང་ནད་དུ་བཟུང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ཁྱིམ་ཚང་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་དུས་སུ་སྟེང་ཆེན་རྫོང་གསེར་བྲག་གྲོང་བརྡལ་དུ་ཡིག་ཆ་བཀྲམས་པའི་གནས་ཚུལ་འབྱུང་སྐབས་ཀྱང་། རྒྱ་གཞུང་གིས་ཡིག་ཆ་འགྲེམ་མཁན་གྱི་དོགས་གཞིའི་འོག་ནས་སྐལ་བཟང་ལགས་ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་འདུག  སྐབས་དེར་རྒྱ་གཞུང་ལ་དཔང་རྟགས་ཁུངས་གསལ་གང་ཡང་མ་རག་པས་ལོ་ཚད་ཀྱི་བཀག་ཉར་བྱས་མི་འདུག འབྲེལ་ཡོད་ནས་རྒྱུ་རྐྱེན་དེ་འདྲ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱ་གཞུང་གིས་སྐལ་བཟང་གི་རྩོམ་ཡིག་མང་པོ་ནག་གསུབ་བཏང་བའི་སྐོར་ལ་ཁོང་གིས། ལོ་དགུའི་རིང་སྐལ་བཟང་ལགས་ཀྱི་ནང་མིར་ཆུ་དང་གློག་བཀག་ཡོད་པར་བརྟེན། ཁོང་གིས་རྒྱ་གཞུང་གི་འབྲེལ་ཡོད་ཀྱི་ལས་ཁུངས་དང་མགོ་ཁྲིད་རྣམས་ལ་སྙན་སེང་རབ་དང་རིམ་པ་ཞུས་ཡོད་ཀྱང་། དཀའ་ངལ་དེ་དག་ལ་ཐག་གཅོད་གང་ཡང་བྱས་མེད་པས། ཁོ་རང་ཨ་ཆད་ཨུ་ཐུག་ཀྱིས་ཐོག་ནས་རྒྱ་ནག་གཞུང་ལ་སྙན་ཞུ་བརྒྱབ་པ་དེ་དག་དྲ་རྒྱའི་ཐོག་ཏུ་བཀྲམས་སྤེལ་བྱས་པ་རེད། ཁོང་གིས་དྲ་ཐོག་ཏུ་སྤེལ་ཡོད་པའི་ནང་དོན་ནི་ཁོང་གི་དཀའ་ངལ་གྱི་བྱུང་རིམ་དེ་དག་རེད། ད་ལྟའི་ཆར་རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་ཀྱིས་ཁོ་རང་བཀག་ཉར་བྱས་པ་ལས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག  ཞེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

སྐར་མ ༢༨ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

སྐར་མ ༥༢ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༢ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༣ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༤ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese