མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག་འཕྲད་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་དབང་དང་གནས་བབ་སོགས་གླེང་སློང་གིས་རྒྱལ་ཁབ་གཉིས་ཀྱི་མངོན་འདོད་དང་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina

སང་ཉིན་ཏེ། ཕྱི་ཟླ་ ༥ ཚེས་ ༩ ཉིན་ཨུ་རུ་སུར་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་འཇར་མན་སོགས་ཀྱི་འོག་ནས་རྒྱལ་ཁ་ཐོབ་སྟེ་ལོ་ངོ་ ༨༠ འཁོར་བའི་ཉིན་མོ་ཡིན་པ་དང་བསྟུན། འཛམ་གླིང་རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་ཨུ་རུ་སུར་སྐྱོད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཕིན་ཨུ་རུ་སུའི་ནང་རྒྱལ་སྲིད་ཐུག་འཕྲད་ཀྱི་ངོ་བོར་འབྱོར་ཡོད་ཅིང་། དེ་རིང་ཞི་ཅིན་ཕིན་དང་པུ་ཊིན་གཉིས་དངོས་སུ་ཐུག་སྟེ། ཨ་རི་དང་ཡུ་རོབ་མཐུན་ཚོགས་སོགས་ཀྱི་ཚོང་འབྲེལ་དཔྱ་ཁྲལ་ལ་ཁ་གཏད་གཅོག་ཐབས་སུ། རྒྱ་ནག་དང་ཨུ་རུ་སུའི་ཚོང་སྲིད་དམག་གསུམ་གྱི་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་བཏང་སྟེ། དུས་སྐབས་གསར་པ་ཟེར་བའི་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ཐོག་ཤུགས་སྣོན་གཙོ་འདོན་བྱ་རྒྱུ་ཡིན་འདུག

ཡོ་ཁུ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཁེ་ཡིས། འཛམ་གླིང་གི་མགོ་ཁྲིད་ཁག་ནས་ཨུ་རུ་སུའི་རྒྱལ་སྟོན་མཛད་སྒོར་མཉམ་ཞུགས་མི་བྱེད་པའི་རེ་སྐུལ་དང་སྦྲགས། ཨུ་རུ་སུའི་དུས་སྟོན་དེར་མཉམ་ཞུགས་བྱས་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་ལ་དམག་འཁྲུག་མི་རྒྱག་ཐབས་མེད་ཀྱི་དཀའ་རྙོག་སློང་གིན་ཡོད་པས། ཨུ་རུ་སུ་ལྟ་བུ་བཙན་རྒྱལ་རིང་ལུགས་ལག་བསྟར་བྱེད་མཁན་གྱི་མཛད་སྒོར་མཉམ་ཞུགས་བྱེད་མཁན་དག་ལ་སྐྱོན་བརྗོད་ཡོད་སྐོར་བརྗོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཡོ་ཁུ་རེན་གྱིས་ཨུ་རུ་སུའི་རྒྱལ་ས་དྲག་རྒོལ་བྱས་ཏེ་དུས་སྟོན་དེར་གནོད་སྐྱོན་གཏོང་ཐབས་བྱས་ཡོད་འདུག་ལ། དྲག་རྒོལ་གྱི་དོན་རྐྱེན་དང་འབྲེལ་ནས་སཱར་བྷེ་ཡ་སྤྱི་མཐུན་རྒྱལ་ཁབ་(Serbia) ཀྱི་སྲིད་འཛིན་ (Aleksandar Vučić) གྱི་གནམ་གྲུ་ཁ་བསྒྱུར་བྱེད་དགོས་བྱུང་བ་སོགས་ད་ལྟ་ཡོ་ཁུ་རེན་གྱིས་ཨུ་རུ་སུར་ཕར་རྒོལ་བྱས་དང་བྱེད་མུས་ཡིན་འདུག

ཞི་ཅིན་ཕིན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མི་ཡིན་པའི་ང་ཚོའི་རྒྱལ་ཁབ་གཉིས་ཀྱིས། གཅིག་གྱུར་ལ་འབད་པ་དང་བརྙས་བཅོས་ལ་གདོང་ལེན་བྱེད་དགོས། འཛམ་གླིང་དམག་ཆེན་གཉིས་པའི་ལྟ་ཚུལ་དངོས་དེ་ཁྱབ་སྤེལ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཆ་དང་གནས་བབ་སྲུང་སྐྱོབ་བྱས་ཏེ། རྒྱ་ནག་དང་ཨུ་རུ་སུའི་ཐོབ་ཐང་དང་མངོན་འདོད་སྲུང་སྐྱོབ། དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་མཉམ་ལས་ལ་གཞོལ་ནས་འདྲ་མཉམ་འཕེལ་རྒྱས་དང་གོ་ལ་རང་བཞིན་གྱི་ཚོང་ལས་དར་སྤེལ་གཏོང་བར་འབད་དགོས་ཟེར་བ་སོགས་བརྗོད་འདུག

ཐེངས་འདིའི་ཞི་དང་པུ་ཊིན་གཉིས་ཀྱི་ཐུག་འཕྲད་སྐབས། ཨ་རི་དང་ཡུ་རོབ་མཐུན་ཚོགས་སོགས་ནས་རྒྱ་ནག་ལ་ཚོང་འབྲེལ་དཔྱ་ཁྲལ་གྱི་ཐོག་ནས་དཀའ་ངལ་སྤྲོད་བཞིན་པ་དང་དེ་བཞིན་ཨུ་རུ་སུར་ཆབ་དཔལ་གཉིས་ཀྱི་ཐོག་ནས་ཉེས་ཆད་གཅོད་བཞིན་པ་སོགས་རྒྱལ་སྤྱིའི་གནད་དོན་ཁག་དང་། རྒྱ་ནག་དང་ཨུ་རུ་སུའི་མཉམ་འབྲེལ་སྤྱི་དང་བྱེ་བྲག་ཏུ་རྒྱལ་ཁབ་གཉིས་ཀྱི་ས་འབྲེལ་མངའ་ཁུལ་གྱི་གནད་དོན་ཁག། དེ་བཞིན། དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལྔ་ (BRICS) ཡི་གནད་དོན་དང་སྟོབས་ཆེན་རྒྱལ་ཁབ་ ༢༠ སྐོར་ལ་གླེང་སློང་བྱ་རྒྱུ་ཡིན་པ་མ་ཟད། ཨུ་རུ་སའི་མངའ་སྡེ་ (Siberia) ནས་རྒྱ་ནག་ཏུ་དབོར་འདྲེན་བྱེད་བཞིན་པའི་སྣུམ་གྱི་ཐོན་ཁོངས་གཉིས་ཀྱི་སྐོར་ལ་མཉམ་འབྲེལ་བསྒྲགས་གཏམ་སྤེལ་རྒྱུ་ཡིན་འདུག

གཞན་ཡང་ཁ་སང་རྒྱ་ནག་གིས། ཐེངས་འདིའི་མགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་དེ་ནི་ཁྱིམ་མཚེས་བཟང་པོ་དང་དགའ་སྐྱོ་མཉམ་སྤྱོད་བྱེད་པའི་གྲོགས་པོ་གཉིས་ཐུག་གི་ཡོད་སྟབས། ཐུག་འཕྲད་དེ་བརྒྱུད་དུས་སྐབས་གསར་བ་ཟེར་བའི་རྒྱ་ནག་དང་ཨུ་རུ་སུའི་མཉམ་ལས་ཀྱི་འབྲེལ་ལམ་ལ་གཙོ་འདོན་བྱ་རྒྱུ་དང་། ལྷག་པར་ཨུ་རུ་སུའི་དུས་ཆེན་སྟེང་རྒྱ་ནག་བཅིང་གྲོལ་དམག་གི་རུ་ཁག་ཅིག་གིས་རྔམ་སྟོན་མཛད་སྒོར་མཉམ་ཞུགས་བྱས་ཏེ། དམག་ཤུགས་ངོམ་པ་བརྒྱུད་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་ལམ་ཧ་ཅང་ཉེ་བོ་ཡིན་པ་གསལ་སྟོན་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག་ལ། ཨུ་རུ་སུས་ཀྱང་ཞི་ཅིན་ཕིན་ཨུ་རུ་སུའི་དུས་སྟོན་མཛད་སྒོར་མཉམ་ཞུགས་བྱས་པ་དེ་ནི་འདི་ལོའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་གལ་ཆེ་ཤོས་ཤིག་ཏུ་བརྩི་རྒྱུ་ཡིན་པ་མ་ཟད། ཞི་ཅིན་ཕིན་གྱིས་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཀྱི་གན་རྒྱ་མང་པོ་ཞིག་ལ་མིང་རྟགས་འགོད་རྒྱུ་དང་། རྒྱ་ནག་དང་ཨུ་རུ་སུའི་བར་གྱི་འབྲེལ་ལམ་ལ་ཚད་བཀག་མེད་པ་ཡོངས་བསྒྲགས་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག

ད་ལན་ནི་ཕྱི་ལོ་ ༢༠༡༣ ལོར་ཞི་ཅིན་ཕིན་སྲིད་འཛིན་ཆགས་པ་ནས་ཨུ་རུ་སུར་བསྐྱོད་པ་ཐེངས་བཅུ་གསུམ་པ་དེ་ཡིན་ཞིང་། ཞི་ཅིན་ཕིན་དང་ལྷན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་དང་དྲུང་ཆེ་ཚའེ་ཆི་སོགས་ཡོད་འདུག་ལ། ཞི་ཅིན་ཕིན་ཟླ་འདིའི་ཕྱི་ཚེས་ ༡༠ བར་ཉིན་གྲངས་བཞིའི་རིང་ཨུ་རུ་སུར་སྡོད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese