མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

བོད་ཀྱི་དུས་བབ།
༢༠༢༥/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས་རག་རྡིས་ཀྱི་རྗེས་སུ། རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་གཞུང་གི་བསམ་དོན་བཞིན་བོད་མི་རྣམས་ལ་སྐད་ཆ་བཤད་ཐུབ་པའི་མངོན་གསལ་དོད་ཤོས་ཀྱི་མི་སྣ་ཡག་ཤོས་ཆགས་ཡོད་ཅེས་བརྗོད་སོང་།

རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ཀྲུང་ནན་ཧེ་ཚོགས་ཁང་དུ། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུ་དང་ཐུག་འཕྲད་བྱས་ཡོད་ཅིང་། སྐབས་དེར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་ཧུའུ་ཉིང་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ལི་ཀན་ཅེ།  རྒྱ་ནག་ཆབ་སྲིད་རྒྱུན་ལས་ཁང་གི་མགོ་ཁྲིད་ཚའེ་ཆི་བཅས་ཡོད་འདུག་ལ། ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུར་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ།  མ་ལག་ཆ་ཚང་བའི་སྒོ་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ།  བོད་ལྗོངས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་མུ་མཐུད་ནུས་པ་འདོན་དགོས་ལུགས་བརྗོད་ཡོད་པ་ལྟར། རྒྱལ་མཚན་ནོར་བུས་ཀྱང་ཞི་ཅིན་ཕིན་གྱི་དགོངས་པ་ཟེར་བ་སེམས་སུ་བཅིངས་ཏེ། དམར་ཤོག་ཚོགས་པའི་སྣེ་འཁྲིད་པའི་ལས་དོན་ལ་རྒྱབ་སྐྱོར་དང་ཀྲུང་ཧྭ་མི་རིགས་གཅིག་གྱུར། གྲངས་ཉུང་མི་རིགས་མཐུན་སྒྲིལ་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས་ཞབས་འདེགས་སྒྲུབ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག

འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་སུ། ཐེངས་འདིའི་ཞི་ཅིན་ཕིན་དང་རྒྱལ་མཚན་ནོར་བུ་གཉིས་ཀྱི་ཐུག་འཕྲད་དེས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཐོག་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་མེད་དྲིས་པར། ཁོང་མོས། ཞི་ཅིན་ཕིན་གྱིས་ནམ་རྒྱུན་རྒྱ་ནག་གིས་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་ལ་ཐུག་བསྡད་ཀྱི་ཡོད་པ་རེད། ད་ལྟའི་སྐབས་སུ་ཐུག་དགོས་པ་བོད་བརྒྱུད་ནང་བསྟན་ཐོག་རྒྱུ་མཚན་གཉིས་མཐོང་གི་འདུག གཅིག་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་རག་རྡིས་གྲོངས་པ་རེད། རག་རྡིས་ཀྱི་ཚེ་སྟོད་དུ་ལས་ཀ་ཅི་བྱས་བཤད་མི་དགོས་ཀྱང་། ཚེ་སྨད་དུ་བོད་རྒྱ་ཞི་མོལ་བྱེད་དུས་ཁོས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དུ་ལས་ཀ་བྱས་ཡོད་ལ། རྒྱ་ནག་གཞུང་གི་བསམ་ཚུལ་ལྟར་བོད་ནང་དུ་དྲིལ་བསྒྲགས་བྱས་ཡོད། ཁོ་བོད་མི་རྣམས་ཀྱི་ཀླད་པ་དཀྲུག་མཁན་རྒྱ་ནག་གཞུང་གི་མགོ་ཁྲིད་ཆེན་པོ་ཞིག་རེད། ཁོ་རང་སྐུ་གྲོངས་དུས། རྒྱ་ནག་གཞུང་གིས་བོད་ཀྱི་མི་རབས་གསུམ་པའི་ནང་གསོ་སྐྱོང་བྱས་པའི་རྒྱལ་མཚན་ནོར་བུས་འདས་པའི་ལོ་བཅུ་ལྷག་གི་རིང་བོད་ནང་རྒྱ་ནག་ལ་དགའ་ཞེན་དང་བོད་མིའི་ཀླད་པ་དཀྲུག་པའི་ལས་གཞི་སྤེལ་ཡོད་པས། རྒྱལ་མཚན་ནོར་བུ་ནི་བོད་ཀྱི་མི་རབས་གསུམ་པའི་ནང་རྒྱ་གཞུང་ཕྱོགས་ཀྱི་སྐད་ཆ་བཤད་མཁན་གལ་ཆེན་པོ་ཆགས་ཡོད། ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུ་མི་རིགས་མཐུན་སྒྲིལ་དང་བརྟན་བརླིང་སྲུང་སྐྱོབ་བྱེད་མཁན་གྱི་དཔེ་མཚོན་ཡིན་ལུགས་བཤད་ཡོད། རག་རྡིས་ཀྱི་རྗེས་སུ་རྒྱལ་མཚན་ནོར་བུ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་གཞུང་གི་བསམ་དོན་བཞིན་བོད་མི་རྣམས་ལ་སྐད་ཆ་བཤད་ཐུབ་པའི་མངོན་གསལ་དོད་ཤོས་ཀྱི་མི་སྣ་ཡག་ཤོས་དེ་ཆགས་ཡོད། དེའི་ཐོག་ནས་རྒྱལ་མཚན་ནོར་བུ་ལ་རག་རྡིས་བཞིན་ལས་ཀ་ཞིག་སྤྲོད་ཀྱི་ཡོད་པ་མཐོང་གི་འདུག གཉིས་པ། ལོ་རྒྱུས་ཐོག་གོང་མས་བླ་མ་གོང་དུ་འཇོག་གི་ཡོད་ཀྱང་། ཁོང་གཉིས་ཀྱི་ཐུག་འཕྲད་སྐབས་ཞི་ཅིན་ཕིན་མཐོ་བོ་དང་རྒྱལ་མཚན་ནོར་བུས་དམའ་བོའི་ཐོག་ནས་གུས་བརྩི་བྱས་ཡོད། དེས་རྒྱ་ནག་གི་སྲིད་ཇུས་ཐོག་ཆོས་ལུགས་དམའ་སར་འཇོག་གི་ཡོད་པ་དང་ཆོས་ལུགས་ཀྱི་དབུ་འཁྲིད་དག་གི་བདག་དབང་དེ་རྒྱ་ནག་གཞུང་ལ་ཡོད་པ་སྟོན་གྱི་འདུག ཉེ་ལམ་ཉི་ཧོང་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་སྐོར་བཤད་དུས། རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་སྐོར་གྱི་བདག་དབང་དེ་རྒྱ་ནག་ལ་ཡོད་སྐོར་བསྒྲགས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཡང་སྲིད་སྐོར་བཤད་དུས་ཕྱི་ལོ་ ༡༩༩༥ ལོར་གསེར་བུམ་དཀྲུག་པའི་དཔེ་མཚོན་ཡག་ཤོས་རྒྱལ་མཚན་ནོར་བུ་ཆགས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས། ༢༠༢༥།༦།༧

ད་ལྟའི་དུས་སྐབས་འདི་འདྲ་ཞིག་ལ་ཞི་ཅིན་ཕིན་དང་རྒྱལ་མཚན་ནོར་བུ་ཐུག་འཕྲད་བྱེད་པའི་གལ་གནད་སྐོར་ལ་ཁོང་མོས། ད་ལོ་བཙན་བྱོལ་ནང་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུ་འཚོགས་འཆར་ཡོད་པ་རེད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༨ ལོར་སྤྲུལ་སྐུའི་ཡང་སྲིད་མེད་པར་བཟོས་པ་རེད། རིག་གནས་གསར་བརྗེའི་རྗེས་རྒྱ་ནག་གཞུང་ནས་ཡང་སྲིད་ཀྱི་ཆོག་མཆན་ལེན་དགོས་པ་བཟོས་པ་རེད། ཕྱི་ལོ་ ༢༠༠༨ ནས་རྒྱ་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་འདེམས་སྟངས་ཀྱི་ལག་འཁྱེར་སྤྲོད་པ་སོགས་བྱས་པ་རེད། རྒྱལ་མཚན་ནོར་བུར་གསེར་བུམ་དཀྲུག་པ་ནི་བོད་ཀྱི་སྲོལ་རྒྱུན་ལ་མ་བརྟེན་པའི་རྒྱ་གཞུང་གི་དཔེ་མཚོན་ཡག་ཤོས་རེད། དེ་ནི་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོའི་ཐོག་དྲིལ་བསྒྲགས་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ཁོང་མོས། ཐེངས་འདིའི་ཞི་ཅིན་ཕིན་དང་རྒྱལ་མཚན་ནོར་བུ་གཉིས་ཀྱིས་ཐུག་འཕྲད་དུས་རྒྱུན་དང་མི་འདྲ་ས་གང་ཡང་མི་འདུག བརྟན་བརླིང་ལ་སྲུང་སྐྱོབ་དང་།རྒྱལ་ཁབ་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་སོགས་ལབ་འདུག རྒྱལ་མཚན་ནོར་བུ་བོད་དུ་ཕྱིན་ཏེ་ཆོས་སྤེལ་རྒྱུ་ཡིན་ལབ་ཡོད་ཀྱང་། གཙོ་བོ་རྒྱ་ནག་ལ་དགའ་ཞེན་དང་བོད་མིའི་ཀླད་པ་དཀྲུག་རྒྱུ་དེ་རེད། ཡིན་ནའང་། རྒྱལ་སྤྱིའི་ཐོག་ཏུ་ཁོས་མངོན་གསལ་དོད་པོའི་ཐོག་གང་ཡང་བྱེད་ཐུབ་མེད། རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོ་སྟངས་ཐོག་ནས་བལྟས་ན་ཞི་ཅིན་ཕིན་གྱིས་ཐུག་འཕྲད་བྱས་པའི་མི་དེ་གལ་ཆེན་པོ་ཡིན་པ་མཚོན་གྱི་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱད་དེ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཞིག་ཏུ་མཐོང་གི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese