མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ཡིག་ཐོག་དབྱེ་ཞིབ་ལྡན་པའི་ཉིན་རེའི་རྒྱལ་སྤྱིའི་གསར་འགྱུར་སྤེལ་བཞིན་ཡོད་པ་མ་ཟད། མ་འོངས་བར་དྲ་ཚིགས་དང་གཉེན་ཆས་བཟོ་འཆར་ཡོད་འདུག

བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་ཕེབས་བསུའི་མཆོད་སྤྲིན་དུ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་གྱི་སྟེང་གངས་སྐྱིད་ཀྱི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་གསར་འགྱུར་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། དམིགས་བསལ་སྐུ་མགྲོན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་བློ་བཟང་སྨོན་ལམ་ལགས། བོད་མི་མང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས། ལོ་རྒྱུས་མཁས་དབང་དང་ཉམས་ཞིབ་པ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་སོང་།

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་སྐོར་ལ་བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་གསར་འགོད་པར། ཕྱི་ལོ་ ༢༠༢༢ ལོའི་ལོ་མགོར་ཨུ་རུ་སུ་དང་ཡུག་ཁི་རིན་གཉིས་དམག་འཁྲུག་རྒྱག་མགོ་ཚུགས་པ་རེད། དེ་དུས་ཏོག་དབྱིབས་གཉན་རིམས་ན་ཚའི་འཛམ་གླིང་ཡོངས་སུ་དཀའ་ངལ་འཕྲད་བཞིན་པ་རེད། དམག་འཁྲུག་གི་གནས་ཚུལ་ཆེན་པོ་ཆགས་ཡོད་པས་བོད་པ་མང་པོས་ཀྱང་བརྒྱུད་ལམ་ཁག་ནས་གནས་ཚུལ་དེ་དག་རག་པའི་ཐབས་ཤེས་བྱས་ཡོད་པ་རེད། སྤྱིར་ལོ་རྒྱུས་ཐོག་ནས་ང་ཚོ་ཨུ་རུ་སུ་ལ་ཆོས་དང་རིག་གཞུང་ཐོག་ནས་འབྲེལ་བ་ཡོད་ཀྱང་། ཕུ་ཌིན་ཨུ་རུ་སུའི་སྲིད་འཛིན་དུ་བསྡད་པ་ནས་བཟུང་ཆབ་སྲིད་རྒྱ་ནག་ལ་ཁ་ཕྱོགས་པ་རེད། ཡུག་ཁི་རན་དང་བོད་ལ་བཙན་འཛུལ་བྱེད་པའི་རྒྱབ་ལྗོངས་འདྲ་བོ་ཡིན་པས། བོད་པའི་བཟང་སྤྱོད་ཀྱི་ཐོག་ནས་ཡུག་ཁི་རན་ལ་ཤ་ཚ་བྱེད་རྒྱུ་བྱུང་བ་རེད། གནས་ཚུལ་དེ་དག་བོད་པ་མང་པོས་ཤེས་འདོད་བྱེད་ཀྱི་འདུག དེའི་སྐོར་གྱི་གནས་ཚུལ་ང་ཚོའི་གྲོགས་པོ་ཁག་ཤས་ཀྱིས་ཌེ་ལི་གྷི་རམ་ (telegram) སྤྱི་ཚོགས་དྲ་ལམ་གྱི་ཚོགས་པའི་ནང་གཏོང་བཞིན་ཡོད། བར་སྐབས་དེའི་སྐོར་གྱི་གནས་ཚུལ་གང་ཡང་སྤེལ་མ་ཐུབ། རྗེས་སུ་མི་མང་པོས་དེའི་སྐོར་ལ་སྐད་ཆ་འདྲི་བཞིན་འདུག་པས། རང་ཉིད་ལའང་སེམས་ཤུགས་འཕར་སྟེ་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་སྤེལ་མགོ་ཚུགས་པ་ཡིན། ད་ལྟ་བར་དུ་རྒྱལ་སྤྱིའི་གསར་འགྱུར་ཁག་རང་ཉིད་གཅིག་པུས་སྤེལ་བ་ཡིན། ཕྱི་རྒྱལ་དུ་ཡོད་པའི་འབྲེལ་ཡོད་རྣམས་ཀྱིས་གསར་འགྱུར་གྱི་སྒྱུར་དང་དཔལ་འབྱོར་ཐོག་རོགས་རམ་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ད་ལྟ་བར་ང་ཚོའི་གསར་འགྱུར་ཁག་ངོ་དེབ་དང་ཌེ་ལི་གྷི་རམ་སྤྱི་ཚོགས་དྲ་ལམ་དུ་སྤེལ་བཞིན་ཡོད། མ་འོངས་བར་ཁ་པར་ནང་དུ་ཕབ་ལེན་བྱེད་ཆོག་པའི་གཉེན་ཆས་ཤིག་བཟོ་བའི་རེ་བ་ཆེན་པོ་རྒྱག་གི་ཡོད། གཉེན་ཆས་ཤིག་བཟོས་པ་ཡིན་ན་གནས་ཚུལ་རྒྱས་པ་འགོད་ཐུབ་པ་དང་། གནས་ཚུལ་རྙིང་པ་རྣམས་བང་རིམ་བཞིན་དུ་ཉར་ཚགས་བྱེད་པའི་ཁྱད་པར་འདུག་ལ། དེས་ཀློག་པ་པོ་རྣམས་ཀྱིས་ལྟ་ཀློག་བྱེད་པར་སྟབས་བདེ་ཡིན་པའི་ཕན་ཐོགས་ཆེན་པོ་འདུག མཐུན་སྦྱོར་ལ་བལྟས་ཏེ་གཉེན་ཆས་ཤིག་བཟོ་ཐུབ་པའི་རེ་བ་ཡོད། ད་ལྟའི་བར་དུ་དྲ་ཚིགས་བཟོས་མེད་ཀྱང་། མགྱོགས་པོ་དྲ་ཚིགས་ཤིག་བཟོ་བའི་འཆར་གཞི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

སྐབས་དེར་བོད་མི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་མཆོག་གིས། ང་ཚོ་དཀའ་ངལ་ཆེན་པོ་འཕྲད་བསྡད་པའི་འཐབ་རྩོད་པའི་མི་ཆགས་ཡོད། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བཙན་བྱོལ་ནང་ཡག་པོ་ཆགས་བསྡད་ཡོད། ང་ཚོས་གདོང་ལེན་བྱེད་དགོས་པ་དང་ལས་འགན་སྒྲུབ་དགོས་པ་མང་པོ་ཞིག་ཡོད། སོ་སོའི་གནས་སྟངས་ཤེས་དགོས་རྒྱུ་གལ་ཆེན་པོ་མཐོང་གི་འདུག ད་ལྟ་ང་ཚོ་འཛམ་གླིང་གི་ས་ཕྱོགས་གང་སར་སྡོད་བཞིན་ཡོད། དེ་ཡིན་དུས་ང་ཚོར་ནུས་པ་ཡོད་ལ་ཞན་ཆ་ཞིག་ཀྱང་ཡོད། དེ་རིང་ང་ལ་སྐད་ཆ་ཞིག་བཤད་ལབ་དུས་བསྔགས་བརྗོད་ཞུ་རྒྱུ་ནི་བོད་ཡིག་ཐོག་འཛམ་གླིང་གི་གནས་སྟངས་བཤད་པ་དང་། བཙན་བྱོལ་ནང་ཙམ་མ་ཟད་བོད་ནང་གི་བོད་མི་ཚོ་ལ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་དཔྱད་ཞིབ་བྱས་ཏེ་བཤད་རྒྱུ་དེ་གནད་དགག་ཆེན་པོ་རེད་བསམ་གྱི་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་གཞི་རྩ་འཇོག་ས་དམིགས་ཡུལ་གསུམ་ཡོད། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག་དང་། བོད་ནང་གི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་བཅས་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། བོད་ཀྱི་འཐབ་རྩོད་ནང་ལ་ང་ཚོས་བོད་པ་གཅིག་པོའི་གནས་ཚུལ་ལ་བལྟས་ནས་བོད་སྐྱོང་རྒྱུ་ཁག་པོ་རེད། ང་ཚོ་བོད་ཀྱི་ས་ཆར་སྡོད་ཀྱིན་ཡོད་ཀྱང་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་ནང་བསྡད་ཡོད་དུས། སྤྱི་ཚོགས་དེ་འཁྲུག་ཆ་དོད་པོ་ཆགས་བསྡད་ཀྱི་ཡོད་པ་དང་། ང་ཚོས་བསམ་བློ་གུ་དོག་བྱས་ཏེ་ཕྱིའི་གནས་ཚུལ་མ་ཤེས་ན། ང་རང་ཚོ་འཛམ་གླིང་ཆུང་ཆུང་ཞིག་ཆགས་པ་རེད། འཛམ་གླིང་ཡོངས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གོམ་པ་རྒྱག་མ་ཐུབ་ཚེ་རྗེས་ལུས་ཆེན་པོ་ཞིག་ཐེབས་ཡོད། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭ་སོགས་གང་ཅིའི་ཐད་ལ་ཕུན་སུམ་ཚོགས་པ་ཞིག་ཆགས་ཡོད། ང་ཚོས་རང་ཉིད་ཀྱི་ནུས་པ་གང་ཡིན་པ་ངོ་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་འབུམ་རམས་པ་བློ་བཟང་སྨོན་ལམ་ལགས་ཀྱིས། ཐོན་མིའི་གསར་འགྱུར་དེ་རང་ཉིད་ཐོག་དང་པོའི་དུས་ནས་ཀློག་མཁན་གྱི་གྲས་ཡིན། ཡིན་ནའང་གསར་འགྱུར་སྤེལ་མཁན་སུ་ཡིན་མིན་ཤེས་ཀྱི་མེད། རྗེས་སུ་ཤེས་དུས་དཀོན་མཆོག་བསྟན་འཛིན་རེད་འདུག དངོས་གནས་ཧ་ཅང་དགའ་བོ་བྱུང་། ང་ཚོའི་སྐད་ཡིག་དང་རིག་གཞུང་། ཆབ་སྲིད་ཀྱི་གནས་བབ་སོགས་གང་ཅིའི་ཐད་ནས་ཧ་ཅང་གནད་འགག་ཆེན་པོ་རེད། རང་ཉིད་ཀློག་མཁན་ཞིག་ཡིན་པའི་ངོས་ནས་ཁོང་གི་གསར་འགྱུར་ནི་བརྗོད་བྱ་དང་བརྗོད་བྱེད་དངོས་གནས་ཚད་དང་ལྡན་པ་རེད། དེ་ཡང་གནས་ཚུལ་ཞིག་སྤེལ་བ་ཙམ་མིན་པར་དབྱེ་ཞིབ་རང་བཞིན་ཅན་དང་ཁ་ཕྱོགས་ཡོད་པ་ཞིག་རེད། ང་ཚོ་བཙན་བྱོལ་བོད་མི་ལ་རང་ཉིད་ཀྱི་ལངས་ཕྱོགས་དང་ཁ་ཕྱོགས་ཤིག་དགོས་པ་རེད། ཁོང་གི་གསར་འགྱུར་གྱི་བརྗོད་བྱ་རྒྱལ་སྤྱིའི་གསར་འགྱུར་གལ་ཆེ་བ་དག་རེད། ཡི་གེའི་དག་ཆ་ཡག་པོ་དང་བརྗོད་བྱེད་ཕུན་སུམ་ཚོགས་པོ་རེད་ལ། དབྱེ་ཞིབ་ཡོད་པ་དང་ཁ་ཕྱོགས་ཡོད་པ་ཞིག་ཏུ་མཐོང་སོང་། དེ་ནི་རང་ཉིད་ཀློག་མཁན་ཞིག་ངོས་ནས་ཞུ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ནི་ཕྱི་ལོ་ ༢༠༠༧ ལོར་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཞིང་། ཟླ་འགའི་རིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་བྱས། ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་ཕྱིན། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་བོད་ཀྱི་དཔེ་མཛོད་ཁང་ནས་ནང་ཆོས་ཐོག་གཙུག་ལག་རབ་འབྱམས་ཐོག་སློབ་གཉེར་བྱས། ལོ་གཅིག་རིང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་ཨ་རིའི་ཐེབས་རྩའི་ལས་གཞིའི་འོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་དགོངས་གཞིར་ཞིབ་འཇུག་བྱས། ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་སྤྱི་ཚོགས་དྲ་ལམ་ཐོག་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གསར་འགྱུར་སྤེལ་བཞིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཉི་སྒྲོན། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese