མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་ཆོས་ལུགས་ཚོགས་ཆེན་ཐེངས་བཅོ་ལྔ་བའི་ཐོག་གྲོས་གཞི་ཁག་དྲུག་དང་གྲོས་ཆོད་དོན་ཚན་ཁག་སྤྱི་མོས་གཏན་འབེབས་གནང་འདུག

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤

དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཆོས་ལུགས་ཚོགས་ཆེན་ཐེངས་ ༡༥ བའི་ཐོག་ཕེབས་པའི་བསྟན་བདག་བླ་སྤྲུལ་རྣམ་པ་དང་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་སྩལ་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐེངས་འདིའི་བོད་མིའི་ཆོས་ལུགས་ཚོགས་ཆེན་སྟེང་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས་ཡོད་འདུག

མཇལ་བཅར་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར། ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་གྲོས་གཞི་དོན་ཚན་ཁག་གི་ཐོག་གྲོས་ཆོད་རིམ་པ་མང་པོ་བཞག་ཡོད་པ་རེད། བརྒྱུད་ལམ་ཐོག་ནས་ཐད་སྲིང་གནང་ཡོད་པས་ཚང་མས་མཁྱེན་ཡོད་བཞག་བྱེད་བཞིན་ཡོད། གལ་ཆེན་ཆེ་ཤོས་ཚོགས་ཆེན་གྱི་ཉིན་དང་པོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྙན་འཕྲིན་གྱི་ཐོག་ནས་བཀའ་སློབ་ཕེབས་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུའི་གྲོས་ཆོད་དེ་ལོ་རྒྱུས་ཀྱི་གནས་བབ་ཞིག་ཆགས་ཀྱི་ཡོད། དེ་རིང་ཚོགས་ཉིན་གསུམ་པར་བསྟན་བདག་བླ་ཆེན་རྣམ་པ་དང་ཚོགས་བཅར་བ་རྣམས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་བའི་གོ་སྐབས་བྱུང་བ་དང་། དེའི་རྗེས་སུ་ ༧གོང་ས་མཆོག་དབུ་བཞུགས་ཐོག་བསྟན་བདག་བླ་ཆེན་རྣམ་པའི་སྐར་མ་ལྔ་རེ་བཀའ་སློབ་གནང་བའི་ལས་རིམ་གྲུབ་ཟིན་པ་ཡིན། ཉིན་རྒྱབ་༧གོང་ས་མཆོག་གི་བཀའ་སློབ་ཕེབས་པ་དེ་ཟུར་ཉན་གྱི་གྲོས་ཆོད་འཇོག་རྒྱུ་ཅེས་དང་། ཚོགས་ཆེན་ཐོག་བསྟན་བདག་བླ་ཆེན་རྣམ་པ་དབུས་བའི་ཚོགས་བཅར་བ་ཡོངས་ཀྱིས་སྤྱི་མོས་ཐོག་གྲོས་ཆོད་བཞག་སྟེ་༧གོང་ས་མཆོག་གི་དགོངས་པ་གང་ཡིན་པར་རྒྱབ་སྐྱོར་དང་མ་འོངས་བར་ལག་བསྟར་བྱ་རྒྱུའི་ཐད་ཞལ་བཞེས་ཡག་པོ་བྱུང་སོང་། ཞེས་གསུངས་སོང་།

ཡང་ཆོས་རིག་བཀའ་བློན་མཆོག་ནས། དེ་རིང་ནི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡང་སྲིད་དང་འབྲེལ་བའི་བཀའ་སློབ་ཕེབས་པའི་དགོངས་དོན་བཞིན། ད་ལན་དགུང་ལོ་ ༩༠ ཕེབས་སྐབས་བཀའ་སློབ་ཕེབས་པ་དེ་བརྙན་འཕྲིན་དང་ཡིག་ཐོག་གཉིས་ནང་ཡོད་པ་རེད། རྒྱ་ནག་གི་ངོས་ནས་ནམ་རྒྱུན་འཁྱོག་བཤད་བྱས་བསྡད་པ་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་བརྒྱུད་ལམ་ཁག་ནས་༧གོང་ས་མཆོག་གི་དགོངས་པ་གང་ཡིན་པ་གསལ་བོ་གསལ་རྐྱང་ཆགས་པ་རེད། མ་འོངས་པར་༧སྐུའི་ཡང་སྲིད་ཕེབས་དགོས་པའི་དུས་ཚོད་ཤར་བའི་སྐབས་སུ་གནང་ལུགས་གནང་སྟངས་གསལ་བོ་འཁོད་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་ཐོག་ཏུ་ཡོད་པའི་དགའ་ལྡན་ཕོ་བྲང་གི་ཐེབས་རྩའི་ལས་བྱེད་རྣམ་པའི་འགན་བཞེས་རྒྱུ་དང་། བསྟན་བདག་བླ་ཆེན་རྣམ་པ། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཐོག་མང་པོ་དང་འབྲེལ་བ་ཡོད་པའི་ཆོས་སྐྱོང་ཚོར་བཀའ་འདྲི་ཞུ་རྒྱུ་དེ་རེད། དུས་རྒྱུན་༧གོང་ས་མཆོག་ནས་བཀའ་གནང་བཞིན་ཡོད་པ་ལྟར་ལོ་བཅུ་ཕྲག་གཉིས་ལྷག་བཞུགས་པའི་དགོངས་པ་ཡོད་དུས། ང་ཚོ་བོད་པའི་ངོས་ནས་ད་ལྟ་སྔ་དྲག་པ་ཞིག་ལ་ངོས་འཛིན་ཞུས་བསྡད་ཡོད། ཡིན་ནའང་། རྒྱལ་སྤྱིའི་ཁྱོན་ཡོངས་སུ་གནས་ཚུལ་དེ་གསལ་བོ་ཆགས་པའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

བོད་མིའི་ཆོས་ལུགས་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་སྤྱི་མོས་ཐོག་གཏན་འབེབས་བྱུང་བའི་གཞི་དང་གྲོས་ཆོད་ཁག་ནི། གྲོས་གཞི་དང་པོ། ༸གོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་མི་དམངས་བྱིངས་ཀྱི་ནང་བའི་ལྟ་གྲུབ་ཤེས་ཐབས་སུ་ས་གནས་སུ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ཡོད་པའི་ཐོག དང་བླངས་ཀྱིས་ནང་ཆོས་ངོ་སྤྲོད་ཚགས་ཚུད་གནང་མཁན་རིགས་ཡོད་པ་བཞིན། དགོན་སྡེ་གྲྭ་ཚང་ཁག་ནས་ཀྱང་དེ་ལྟ་བུ་གནང་ཐབས་ཇི་དགེའི་སྐོར།

གྲོས་ཆོད། ༡༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་ནས་ནང་ཆོས་ངོ་སྤྲོད་གནང་དགོས་པའི་བཀའ་སློབ་ལམ་སྟོན་གྱི་དགོངས་དོན་ལྟར། མི་མང་བྱིངས་ལ་ནང་ཆོས་ངོ་སྤྲོད་གནང་ཕྱོགས་དགོན་སྡེ་གྲྭ་ཚང་ཁག་གཅིག་མཚུངས་ཡོང་དཀའ་ཡང་། ས་གནས་སོ་སོའི་གནས་བབ་ལ་གཞིགས་ཏེ་དགོན་སྡེ་གྲྭ་ཚང་ཁག་གིས་མི་མང་གི་བློ་ཁ་དང་འཚམ་པའི་སློབ་དེབ་གསར་སྒྲིག་དང༌། ཚོགས་ཆུང་ཟུར་འཛུགས་ཀྱིས་ནང་ཆོས་ངོ་སྤྲོད་གནང་དགོས་རྒྱུ།

༢༽ འཆད་ཁྲིད་མཁས་པ་གདན་ཞུས་ཀྱིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་མི་མང་གི་བློ་དང་འཚམ་ཞིང༌། ཕལ་ཚིག་གམ་གོ་སླ་བའི་ཐོག་ནས་ནང་ཆོས་ངོ་སྤྲོད་ཀྱི་དམིགས་བསལ་ལེ་ཚན་ཞིག་གསར་གཏོད་གནང་དགོས་རྒྱུ།

༣༽ ས་གནས་སོ་སོའི་ཉེ་འཁྲིས་སུ་ཡོད་པའི་མཐོ་སློབ་ཁག་ཏུ་གུང་སེང་དང་སྟབས་བསྟུན་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་མི་ཆེད་བཅར་གྱིས་ནང་ཆོས་ངོ་སྤྲོད་གནང་ཐབས་གནང་རྒྱུ།

༤༽ ཆོས་རིག་ལས་ཁུངས་ནས་རིས་མེད་དགོན་སྡེ་གྲྭ་ཚང་ཁག་གི་ནང་ཆོས་ངོ་སྤྲོད་གནང་མཁན་རྣམས་ལ་དེང་དུས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་ཟབ་སྦྱོང་དང་མཐུན་རྐྱེན་སྦྱོར་སྤྲོད་གནང་དགོས་རྒྱུ།

༥༽ བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་སྟེང་ཆོས་རིག་ལས་ཁུངས་ནས་གནས་སྐོར་ཞེས་པའི་བཀོལ་སྤྱོད་མཉེན་ཆས་དབུ་འབྱེད་གནང་བ་ལྟར། དགོན་སྡེ་གྲྭ་ཚང་ཁག་ནས་གནས་སྐོར་དང༌། ཡུལ་སྐོར་བ་རྣམས་ལ་སྐབས་དུས་དང་བསྟུན་ནས་གསང་བའི་དྲྭ་མིག་དང་འཕྲུལ་རིག་བེད་སྤྱད་ཀྱིས་གནས་བཤད་དང༌། ནང་ཆོས་ངོ་སྤྲོད་གནང་ཐབས་གནང་རྒྱུ།

༦༽ ནང་ཆོས་ངོ་སྤྲོད་བྱེད་སྐབས་བསྡུ་བའི་དངོས་པོ་བཞི་ཡི་ཐབས་ལམ་གལ་ཆེན་ཡིན་པ་ལྟར། དགོན་སྡེ་གྲྭ་ཚང་ཁག་དང་འབྲེལ་ཡོད་ཆོས་དད་མི་མང་དབར་སེམས་ཐག་ཉེ་པོ་ཡོང་ཆེད་གང་ལ་གང་དགོས་ཀྱི་ཐབས་ལམ་དང་དམིགས་བསལ་མི་མང་སྐྱོ་པོའི་རིགས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་ཕྱོགས་ཐད་དགོངས་བཞེས་གནང་དགོས་རྒྱུ།

 

གྲོས་གཞི་གཉིས་པ། ཆོས་བརྒྱུད་བྱེ་བྲག་པའི་བསླབ་པ་མཐར་སོན་པའི་གྲྭ་བཙུན་གང་རུང་ཆོས་བརྒྱུད་གཞན་གྱི་གཞུང་ཆེན་སྦྱོང་འདོད་ཡོད་རིགས་ལ་བཞུགས་ཡུལ་འབྲེལ་ཡོད་དགོན་སྡེ་གྲྭ་ཚང་ནས་མཐུན་འགྱུར་གནང་ཐབས་ཇི་དགེའི་སྐོར།

གྲོས་ཆོད། ༡༽ ཆོས་བརྒྱུད་བྱེ་བྲག་པའི་བསླབ་པ་མཐར་སོན་མཚམས་ཆོས་བརྒྱུད་གཞན་གྱི་གཞུང་ཆེན་སྦྱོང་འདོད་ཡོད་རིགས་ཀྱི་གྲྭ་བཙུན་ལ་འབྲེལ་ཡོད་དགོན་སྡེ་གྲྭ་ཚང་སོ་སོ་ནས་ངོ་སྤྲོད་རྒྱབ་གཉེར་ཡོད་ཚེ་དགེ་རྒན་དང༌། བཞུགས་གནས། ཞལ་ལག་སོགས་མཐུན་འགྱུར་གང་ཐུབ་སྦྱོར་གནང་རྒྱུ་དང་། དགོན་སྡེ་གྲྭ་ཚང་དེའི་ཆོས་ཁྲིམས་ལ་བརྩི་སྲུང་ལམ་དམ་དོན་ཞུ་དགོས་རྒྱུ།

༢༽ དགོན་སྡེ་གྲྭ་ཚང་སོ་སོས་ཅི་སྟེ་མཐུན་འགྱུར་གནང་དཀའ་བའི་རིགས་མཆིས་ཚེ། དོ་བདག་ནས་རྒྱབ་གཉེར་ཚད་ལྡན་དང་བཅས་ཆོས་རིག་ལས་ཁུངས་ལ་སྙན་འབུལ་གྱིས་མཐུན་འགྱུར་རག་ཐབས་ཞུ་རྒྱུ།

༣༽ ཆོས་བརྒྱུད་སོ་སོའི་དབྱར་ཆོས་དང་དཔྱིད་ཆོས་སོགས་ཚོགས་བཞིན་པར་ཆོས་བརྒྱུད་གཞན་ཁག་ནས་ཆོས་ཚན་དེའི་འཛིན་གྲྭའི་སློབ་གཉེར་བར་མཉམ་ཞུགས་གནང་ཐུབ་ན་དགེ་མཚན་ཆེ།

 

གྲོས་གཞི་གསུམ་པ། དགོན་སྡེ་གྲྭ་ཚང་ཁག་ནས་གོ་སྟོན་སྲུང་གཙིའི་ལོར་༧མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་མཐུན་པའི་ཐོག་གཞི་རྒྱ་ཆེ་བའི་ཐུན་མོང་གི་ལས་གཞི་སྤེལ་ཐབས་ཇི་དགེའི་སྐོར།

གྲོས་ཆོད།  ༡༽ འདི་ལོ་༸རྒྱལ་བའི་འཁྲུངས་སྐར་ཉིན་ནས་བཟུང་ལོ་འཁོར་མོ་བྱམས་བརྩེའི་ལོར་སྲུང་གཙི་ཞུ་མུས་བཞིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དགོན་སྡེ་གྲྭ་ཚང་ཁག་མཉམ་རུབ་ཀྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་སླད་གཞི་རྒྱ་ཆེ་བའི་རིས་མེད་བགྲོ་གླེང་ཞིག་གོ་སྒྲིག་གནང་གལ།

༢༽ ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཆོས་བརྒྱུད་ཁག་ནས་སྨོན་ལམ་ཚོགས་སྐབས་དང་བསྟུན་ཏེ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལྟ་བུར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (IBC) དང༌། ཧི་མཱ་ལ་ཡ་ན་ལེཎྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་བཅས་དང་མཉམ་རུབ་ཀྱིས་ནང་བསྟན་རྗེས་འཇུག་པའི་མཁས་པ་ལྷན་འཛོམས་ཐོག་ལྟ་གྲུབ་བགྲོ་གླེང་ཞིག་གནང་གལ།

༣༽ གནས་ཡུལ་རྒྱ་གར་གྱི་གཙོས་མི་རིགས་གཞན་ལ་སྐད་ཡིག་གཞན་པའི་ཐོག་ནས་ཐུགས་བསྐྱེད་དམ་བཅའ་བཞིའི་འགྲེལ་བཤད་དང་། རྒྱ་གར་མཐོ་སློབ་ཕྱེད་ཀར་༧རྒྱལ་བ་རིན་པོ་ཆེའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་སློབ་ཕྲུག་གི་བློ་དང་འཚམ་པའི་ཐོག་ནས་ངོ་སྤྲོད་གནང་གལ།

༤༽ ཐུགས་བསྐྱེད་དམ་བཅའ་བཞི་བ་རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་རྒྱུད་འཛིན་གནང་རྒྱུ་དེ་རྩལ་དུ་བཏོན་ནས་གནས་ཡུལ་རྒྱ་གར་དུ་ལས་གཞི་སྣ་ཚོགས་དང་། ༧གོང་ས་མཆོག་གི་དགོངས་གཞི་ལྟར་ངོ་སྤྲོད་གསལ་བོ་ཡོང་ཐབས་ཆེད་བརྙན་འཕྲིན་སོགས་ཀྱི་ལམ་ནས་འགྲེལ་བརྗོད་ཁ་གསལ་ཡོང་ཐུབ་པ་དགོས་རྒྱུ།

༥༽ བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པས་༸རྒྱལ་བའི་གོ་སྟོན་སྲུང་གཙི་ཞུ་རྒྱུ་གལ་ཆེན་ལ་སོང་། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན།ཇོ་ནང་དང་བཅས་པའི་ཆོས་སྡེ་ཁག་དང༌། ཆོས་ཚོགས་ཁག་གིས་མི་མང་དང་མཐོ་སློབ་འདྲ་མིན་ནང་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གོ་རྟོགས་སྤེལ་ཐབས་གནང་རྒྱུ།

 

གྲོས་གཞི་བཞི་པ། རྒྱ་ནག་དང༌། དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང་ངོ་རྒོལ་ཞུ་བཞིན་པའི་ཐོག དེང་གི་ཆར་དེ་དག་གི་རྒྱུག་ཁྱི་བོད་པ་རེ་འགས་ཀྱང་༸གོང་ས་མཆོག་ལ་མངོན་སུམ་འཛེམས་མེད་མཚན་སྨད་དང་སྐུ་ཕྱྭ་དང་འབྲེལ་བའི་སྐད་ཆ་ཚབས་ཆེན་ཤོད་མཁན་རིགས་ལ་འཚེ་མེད་ཞི་བའི་སྒོ་ནས་གདོང་ལེན་གནང་ཐབས་ཇི་དགེའི་སྐོར།

གྲོས་ཆོད། ༡༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་མཚན་སྨད་ཞུ་མཁན་རིགས་སྣང་མེད་དུ་མི་འཇོག་པར་འབྲེལ་ཡོད་དགོན་སྡེ་གྲྭ་ཚང་ཁག་དང༌། ཆོས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས་སོགས་ཀྱི་འགན་འཁུར་བ་རྣམས་ཀྱིས་སྐབས་བསྟུན་སོ་སོར་དབྱེ་འབྱེད་ཐུབ་པ་བྱས་ཏེ། མ་འོངས་པར་དེ་ལྟར་མི་ཡོང་བའི་སྔོན་འགོག་གམ། སྐབས་བསྟུན་སོ་སོར་དྲང་བདེན་གྱི་ལན་འདེབས་དང་ཐག་གཅོད་ཇི་དགོས་བྱ་རྒྱུ།

༢༽ གཞན་གྱི་མགོ་སྐོར་བསླུ་བྲིད་འོག་ཚུད་ནས་མཚན་སྨད་ཞུ་མཁན་རིགས་ལ་གོ་བསྐོན་སློབ་གསོ་དང༌། ཤེས་བཞིན་དུ་མཚན་སྨད་ཞུ་མཁན་རིགས་ལ་ཡུལ་ཁྲིམས་དང་མཐུན་པའི་སྒོ་ནས་བརྡ་འདེད་ནན་པོ་གནང་དགོས་རྒྱུ།

༣༽ ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རིགས་ལ་གདོང་ལེན་བྱེད་སྐབས་ཚོགས་སྡེ་དང་། སྡེ་ཚན་སོགས་ཀྱི་ཞེན་ཁོག་དོར་ནས་སྤྱི་བ་གལ་ཆེར་བརྩིས་ནས་འགན་འཁུར་ལེན་དགོས་རྒྱུ།

༤༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་ཐོག་ནས་མཚན་སྨད་ཞུ་མཁན་ཚོགས་སྒེར་སུ་ཡིན་རུང་དེ་དག་ལ་དགའ་རྟགས་དང་། རྗེས་འབྲང་།  བརྒྱུད་སྤེལ་སོགས་མི་བྱེད་རྒྱུ་དང་། མཚན་སྨད་ཞུ་མཁན་ཡོངས་ལ་ད་ལན་ཆོས་ཚོགས་ཐེངས་བཅོ་ལྔ་བ་འདིའི་ཐོག་ནས་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ།

 

གྲོས་གཞི་ལྔ་པ། དགོན་སྡེ་གྲྭ་ཚང་སོ་སོའི་ནང་ཆོས་རིག་ལས་ཁུངས་ནས་ཡིག་འབྲེལ་སོགས་འབྲེལ་ལམ་ཚགས་ཚད་ཡོང་ཐབས་སུ་དགོན་སྡེ་གྲྭ་ཚང་སོ་སོ་ནང་འབྲེལ་མཐུད་པ་བསྐོ་བཞག་གནང་ཐབས་བྱེད་དགོས་སྐོར།

གྲོས་ཆོད། ༡༽ ཆོས་རིག་ལས་ཁུངས་ནས་དགོན་སྡེ་གྲྭ་ཚང་ཁག་ལ་འབྲེལ་བ་བྱེད་བདེའི་སླད་འབྲེལ་མཐུད་པ་ཞིག་བསྐོ་གཞག་དགོས་ངེས་ལ་སོང་། དགོན་སྡེ་གྲྭ་ཚང་སོ་སོ་ནས་གོ་ཆོད་པའི་འབྲེལ་མཐུད་པ་ཞིག་དུས་ཚོད་རྒྱས་བཅད་ནང་བསྐོ་གཞག་གིས། དེའི་མཚན་དང༌། ཡིག་འབྲེལ་བྱེད་སའི་གློག་འཕྲིན། ཞལ་པར་ཨང་གྲངས་བཅས་ཆོས་རིག་ལས་ཁུངས་སུ་འབུལ་དགོས།

༢༽ ཆོས་རིག་ལས་ཁུངས་ནས་ཆོས་ཕྱོགས་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས་ཁག་དུས་འགྱངས་མ་སོང་བར་དུས་ཐོག་ཏུ་འབྲེལ་བ་བྱེད་དགོས་རྒྱུ།

 

གྲོས་གཞི་དྲུག་པ། གོང་གསལ་གྲོས་གཞིར་མ་འཁོད་པའི་གནད་དོན་གཞན་ཐོག་སྤྱི་སྨན་དགོངས་འཆར་དང་བཀའ་བསྡུར།

གྲོས་ཆོད། ༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་གངས་ཅན་པའི་ཆོས་དང་རིག་གཞུང་རྣམས་དར་ཞིང་རྒྱས་པ་བྱུང་ཡོད་ནའང༌། ད་ལྟའི་མི་རབས་གསར་པ་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་མེད་པ་ཆགས་ཉེན་ལ་བརྟེན། རང་རེའི་སློབ་གྲྭ་ཁག་གི་དམའ་རིམ་འཛིན་གྲྭ་ནས་བཟུང་སྟེ་ནང་ཆོས་ཀྱི་གོ་རྟོགས་སྤེལ་བར་ཤུགས་སྣོན་དགོས་རྒྱུ།

༢༽ བོད་ཕྱི་ནང་གཉིས་སུ་ཇོ་ནང་པས་སྦྱོར་དྲུག་ཉམས་ལེན་སོགས་ལ་སྦྱང་བརྩོན་མཐིལ་ཕྱིན་བྱེད་བཞིན་ཡོད་པ་མཁྱེན་གསལ་ལྟར། བཙན་བྱོལ་སྤྱི་ཚོགས་ཁྲོད་ད་དུང་དཀའ་ངལ་འདྲ་མིན་འཕྲད་མུས་ལ་སོང༌། བཅའ་ཁྲིམས་ནང་མཚན་གནས་འཁོད་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

༣༽༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཕྱོགས་བསྒྲིགས་གནང་བའི་སློབ་དེབ་བློ་གསལ་འགུལ་རྒྱན་དེ་ཉིད་ལག་བསྟར་གནང་མཁན་གྱི་ཆོས་སྡེ་ཁག་ལ་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་གནང་ཐབས་དགོས་རྒྱུ།

༤༽ རྒྱ་གར་གཞུང་ལ་འབྲེལ་ལམ་གྱིས་དགོན་སྡེ་གྲྭ་ཚང་སོ་སོའི་སློབ་གཉེར་བའི་ཕྱག་འཁྱེར་ཚད་ལྡན་ངོས་འཛིན་ཡོང་ཐབས་ལ་མུ་མཐུད་འབད་བརྩོན་གནང་གལ།

༥༽དགེ་འདུན་པའི་ནང་དུ་ཁྱིམ་པ་སུན་འབྱིན་གྱི་ལས་བྱེད་མཁན་བྱུང་ཚེ། འབྲེལ་ཡོད་དགོན་སྡེ་གྲྭ་ཚང་སོ་སོ་ནས་དམ་ཆོས་འདུལ་བ་དང་མཐུན་པར་དམ་དོན་གནང་གལ།

༦༽ དགོན་སྡེ་གྲྭ་ཚང་ཁག་ལ་གྲྭ་རྒྱུན་གྱི་དཀའ་ངལ་སེལ་ཐབས་ལ། གྲྭ་བཙུན་སློབ་མཐར་ཕྱིན་པ་རྣམས་ལ་བདག་སྐྱོང་གནང་དགོས་པ་དང༌། སློབ་གཉེར་བ་རྣམས་ལ་དེང་དུས་དང་འཚམ་པའི་སློབ་སྦྱོང་སྤྲོད་ཐབས་གནང་གལ།

༧༽རིས་མེད་གྲྭ་བཙུན་སྔགས་གསུམ་རྣམས་མི་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་གནང་དང་གནང་མུས་ལ་བརྟེན། སྐུ་གཟུགས་འཕྲོད་བསྟེན་ཐད་འཐུས་ཤོར་མེད་པ་གནང་རྒྱུ་གལ་ཆེན་ལ་སོང༌། དགོན་སྡེ་གྲྭ་ཚང་ཁག་གི་སྤྱི་ཐབ་ཀྱི་ཞལ་ལག་གཙོ་བོར་གྱུར་པའི་འཕྲོད་བསྟེན་གནང་ཕྱོགས་ཐད་ལམ་སྟོན་གནང་གལ།

༨༽ རང་གཞུང་ཆོས་རིག་ལས་ཁུངས་ནས་རིས་མེད་ལྟ་གྲུབ་བགྲོ་གླེང་སོགས་ལས་གཞི་མང་པོ་ཞིག་སྤེལ་མུས་ལ་བསྔགས་བརྗོད་དང༌། འབྱུང་འགྱུར་ཡང་ཆོས་འབྱུང་ལོ་རྒྱུས་ཀྱི་སྐོར་ལ་བགྲོ་གླེང་གོ་སྒྲིག་གནང་རྒྱུ། གཞན་ཡང་ཆོས་རིག་གི་ལས་གཞི་ཁག་གི་ནང་དགོན་སྡེ་གྲྭ་ཚང་ཆེ་ཆུང་ཚང་མ་ལ་གོ་སྐབས་འདྲ་མཉམ་གནང་རྒྱུ།

༩༽གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གྱི་ཞལ་འདོན་ནང་རིས་སུ་མ་ཆད་པའི་ཆོས་ལུགས་དང་ཆོས་བརྒྱུད་ཚང་མས་འདོན་རྒྱུ་ཡོད་པ་ཞིག་ཕྱོགས་བསྒྲིགས་བྱེད་ཐུབ་ན་དགེ་མཚན་ཆེ།

༡༠༽ ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་རིས་མེད་བགྲོ་གླེང་དེར་དཀའ་ངལ་མེད་ན། སྐབས་རེར་བལ་ཡུལ་དུ་ཚོགས་ཐུབ་ཐབས་གནང་གལ།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༧ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese