མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་བཞི་ལས་གྲུབ་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་ ༣༤ ཡིས་རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་ནན་ཏན་བྱས་འདུག

Photo Credit: The European Parliament

ཁ་སང་ཕྱི་ཚེས་ ༤ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་བཞི་སྟེ།  (EPP དང་། S&D, Renew Europe Greens/EFA)  བཅས་ལས་གྲུབ་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༣༤ ཡིས་མཚན་རྟགས་བཀོད་པའི་འབོད་སྐུལ་ཡིག་ཆ་ཞིག་སྤེལ་བའི་ཁྲོད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་མོས་ཀྱི་ཐོབ་ཐང་ལ་བརྩི་འཇོག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་འདུག

རེ་སྐུལ་ཡིག་ཆ་དེ་ནི་ (EUObserver)  ཞེས་པའི་དྲ་ཚོམས་སུ་སྤེལ་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལྟར་ན། དེ་ནི་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པའི་ངོས་ནས་༸གོང་ས་མཆོག་ལ་སྤྱི་མཐུན་གྱི་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད། ༸མགོན་པོ་མཆོག་དང་ཡུ་རོབ་གྲོས་ཚོགས་བར་ཡུན་རིང་འབྲེལ་བ་ཡོད་ལ། ༸མགོན་པོ་མཆོག་ཡུ་རོབ་གྲོས་ཚོགས་སུ་ཐེངས་བདུན་ཆིབས་བསྒྱུར་བསྐྱངས་ཡོད་པ་མ་ཟད། ཡུ་རོབ་ཀྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རིམ་བྱོན་དང་མཇལ་འཕྲད་གནང་ཡོད། ཅེས་གསལ་འདུག

ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་བོད་གཉིས་ཀྱི་དྲ་རྒྱ་ལྟར་ན། ཡུ་རོབ་གྲོས་ཚོགས་འཐུས་མིའི་སྤྱི་མཐུན་གྱི་ལངས་ཕྱོགས་འདི་ནི་ཡུ་རོབ་མཉམ་འབྲེལ་ནང་རྒྱ་ནག་གིས་བོད་ལ་དྲག་གནོན་ཇེ་ཆེར་བཏང་བའི་རྐྱེན་གྱིས་འཛམ་གླིང་གི་ས་ཁམས་ཆབ་སྲིད་དང་། ཆོས་ལུགས་བཅས་ལ་གནོན་ཤུགས་ཐེབས་བཞིན་པར་བརྡ་ལན་ཞིག་ཡིན། དེ་མ་ཟད་ཡུ་རོབ་གྲོས་ཚོགས་ཀྱི་དེ་སྔོན་བོད་ཀྱི་ཆོས་ཕྱོགས་ཀྱི་གནད་དོན་ཐད་རྒྱ་ནག་གི་ཐེ་བྱུས་མེད་པའི་གྲོས་ཆོད་དང་། མང་གཙོའི་རྒྱལ་ཁབ་གཞན་གྱིས་བསྒྲགས་གཏམ་བཏོན་པ་བཅས་རྒྱལ་སྤྱིའི་འབད་རྩོལ་དང་མཐུན་གྱི་ཡོད། ཅེས་གསལ་འདུག

དེ་བཞིན། ཟླ་འདིའི་ཕྱི་ཚེས་  ༣ ཉིན་རྒྱ་གར་དབུས་བློན་ཆེན་ཀེ་རན་ར་ཅི་ཇོའུ་ (Kiren Rijiju) ལགས་ཀྱིས། ༧གོང་ས་མཆོག་གི་ཡང་སྲིད་ཀྱི་འགན་དབང་དེ་༧གོང་ས་མཆོག་སྐུ་སྒེར་ལ་ཡོད་ཅེས་གསལ་བོར་གསུངས་ཡོད་པ་མ་ཟད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་གར་གྱིས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐད་ཇུས་བྱེད་པར་དགག་པ་ཡོད་པའི་གནས་ཚུལ་སྤེལ་ཡོད།

ཉེ་ལམ་དྷ་སར་འཚོགས་པའི་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་དབུས། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབ་ལ་འགྱུར་བ་གང་ཡང་མེད། ཅེས་གསུངས་ཡོད། ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་དོན་དམིབས་བསལ་ཁྲིམས་འཆར་ཞིག་གཏན་འབེབས་བྱས་པའི་ནང་དུའང་། ༧གོང་ས་མཆོག་གི་ཡང་སྲིད་ནི་ནང་པའི་རྗེས་འབྲངས་པ་དང་༧གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་འོག་ནས་འགྲོ་དགོས་པ་ལས་སྲིད་གཞུང་ཞིག་གིས་ཐེ་གཏོགས་བྱ་མི་ཆོག་པ་དང་། གཉིས། མ་འོངས་པའི་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་གཏོགས་བྱེད་མཁན་རྒྱ་ནག་གི་མགོ་འཁྲིད་ཚོར་ཉེས་ཆད་གཅད་རྒྱུ་ཡིན་པ་སོགས་གསལ་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese