༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ རྒྱ་གར་གནའ་རབས་ཀྱི་སྤྱོད་ལམ་ བཟང་པོ་དང་ཆོས་ལུགས་མཐུན་སྒྲིལ་ གྱི་བཟང་པོའི་ཡོན་ཏན་དག་མུ་མཐུ ད་དུ་ལག་ལེན་གནང་དགོས་སྐོར་ བཀའ་སློབ་སྩལ་སོང་།

དེ་རིང་ཕྱི་ཚེས་༡༦ ཉིན་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ ར་བར་ལ་དྭགས་ནང་ཚོགས་དང་དགོན་ཚོ གས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ ནས་དགེ་བཤེས་གླང་རི་པས་མཛད་པའི་ བློ་སྦྱོང་ཚིགས་བརྒྱད་མ་དང་། ༧རྒྱལ་མཆོག་བདུན་པ་ཆེན་པོས་མཛད་ པའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ ཆོས་འབྲེལ་མཛད་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ ཆེ་མཆོག་ནས། ངོས་རང་བོད་དུ་གཞིས་སྡོད་བྱེད་ པའི་གོ་སྐབས་མ་བྱུང་བར་བཙན་བྱོ ལ་དུ་འབྱོར་བ་རེད། ནོར་བུ་གླིང་ཁ་ནས་ཐོན་ཏེ་བཙན་བྱོ ལ་དུ་འབྱོར་རྗེས། གང་ལྟར་ཧི་མ་ལ་ཡའི་རི་རྒྱུད་ཀྱི ་མི་རྣམས་སེམས་ཐག་ཉེ་བོ་ཡོད་པས་ ཧི་མ་ལ་ཡའི་རི་རྒྱུད་དུ་གཞིས་ ཆགས་ཏེ་ཕལ་ཆེར་བསྡད་པ་རེད། ངོས་ཀྱིས་ཞུ་རྒྱུའི་དོན་ཚན་གཙོ་ བོ་དེ་ང་ཚོ་བོད་པ་འཕགས་པ་སྤྱན་ རས་གཟིགས་ཀྱི་གདུལ་ཞིང་གི་མི་རེ ད་ལ། ང་ཚོ་ཚང་མར་རང་བཞིན་གྱིས་སེམས་ པ་བཟང་པོ་བྱེད་རྒྱུ་དང་། མ་ཎི་བགྲང་བའི་གོམས་གཤིས་ཡོད་ བསྡད་པ་ཞིག་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་གོམས་ གཤིས་དེ་ནམ་ཡང་བརྗེད་ཐབས་ཡོད་པ་ མ་རེད། ད་དུང་ང་ཚོར་རྐྱེན་གློ་བུར་བ་ལ་ འཕྲད་ཡོང་དུས། ང་ཚོའི་གོམས་གཤིས་དེ་ཟབ་ཏུ་འགྲོ ་བ་དང་། བརྟན་དུ་འགྲོ་བ་ཞིག་ཆགས་ཡོང་གི་ འདུག ངོས་རང་ནོར་བུ་གླིང་ཁ་ནས་ཐོན་ཡོ ང་དུས། ལྷ་སའི་གཙང་ཆུ་བརྒལ་སྟེ་ལྷ་སར་ ཕྱིར་བལྟས་ཤིག་བྱས་པ་ཡིན། ལྷ་ས་མཐོང་བ་མཐའ་མ་ཆགས་ཀྱི་ཡོད་ པ་དང་། ཐུགས་སྨོན་གནང་རྒྱུ་གལ་ཆེན་པོར་ ཟེར་བས། ངོས་ཀྱིས་ལྷ་སར་ཅེར་ནས་ལྟ་སྐབས་ ལྷ་སའི་གྲོང་དང་། སེ་ར། འབྲས་སྤུངས་ཀྱི་ཆོས་སྒྲ་བཅས་ཐོ ས་རྒྱུ་ཡོད་པ་ཞིག་བྱུང་། ཕྱོགས་གཅིག་ནས་སེམས་སྐྱོ་བོ་ཞི ག་བྱུང་ལ། ཕྱོགས་གཅིག་ནས་མིའི་ལུང་བསླེབ་ ཀྱང་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་པ་ཡིན་པའི་མི ་ཡིན་པ་རེད། བོད་ནང་དུ་སྦྱངས་བའི་ཆོས་ཀྱི་ བསླབ་བྱས་འདིར་ཡོད་ཀྱི་ཁམས་དང་ མོས་པ་མཐུན་པའི་ཆོས་གྲོགས་རྣམས་ལ་ཆོས་བཤད་པའི་གོ་སྐབས་ཡག་པོ་ཡོ ག་གི་རེད་བསམ་པའི་སེམས་ཤུགས་བསྐྱེ ད་དེ་རྒྱ་གར་བསླེབ་པ་རེད། ད་ལྟ་བར་དུ་ཧི་མ་ལ་ཡའི་རི་རྒྱུ ད་ས་ཁུལ་གང་དུ་བསླེབ་ཀྱང་དངོས་གནས་ཧི་མ་ལ་ཡའི་མི་རྣམས་ལ་ ཆོས་དད་དང་ངོས་རང་ལ་དགའ་བོ་བྱེ ད་མཁན་གྱི་བབ་ཆགས་གསལ་བོ་འདུག ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་ནས། ཁ་སང་ཡུལ་གྲུ་འདིའི་དམིགས་བསལ་ གྱི་ཐོབ་ཐང་དང་། གང་ལྟར་སོ་སོའི་མི་རིགས་ཀྱི་ཐོ བ་ཐང་ཆ་ཚང་ཞིག་ལག་ལེན་བསྟར་བའི ་རྒྱ་གར་རང་བཙན་གྱི་དུས་ཆེན་ཁེ ལ་ཡོད། ང་ཚོ་ཚང་མ་སྤྲོ་བ་སྐྱེས་དགོས་པ་ ཞིག་རེད། རང་དབང་རང་བཙན་གྱི་ཐོབ་ཐང་ཐོབ་ ནས་གང་བྱུང་མང་བྱུང་བྱེད་པའི་སྐ ད་ཆ་མ་རེད། འགྲིག་མེད་པའི་སྐད་ཆ་མ་རེད། རང་དབང་གི་ཐོབ་ཐང་ཐོག་ནས་དངོས་ གནས་དྲང་གནས་མི་ཚེ་དོན་དང་ལྡན་ པ་ཞིག་དང་། ཀུན་ལ་ཕན་ཐོགས་སྒྲུབ་པ་ཞིག་དགོ ས། རྒྱ་གར་ལ་ཆ་བཞག་ན་འཛམ་གླིང་འདི ར་མི་རིགས་མང་པོ་ཡོད་པའི་ལུང་པ་ ཞིག་ཆགས་བསྡད་ཡོད། རྒྱ་གར་ནང་དུ་དངོས་གནས་མི་རིགས་ ཕན་ཚུན་འཆམ་མཐུན་ཧ་ཅང་ཡག་པོ་རེ ད། དེ་ལྟ་བུའི་མིག་ལྟོས་བཟང་པོ་ཡོ ད་པ་དེ་མུ་མཐུད་ཡར་རྒྱས་གཏོང་ དགོས། ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་ པ་ནི་མི་སྒེར་སོ་སོའི་གནས་ཚུལ་ རེད། གང་ལྟར་རྒྱ་གར་གྱི་ལོ་རྒྱུས་ཀྱི ་ཐོག་ནས་སེམས་པ་བཟང་པོ་བྱེད་པ་ དང་། འཚེ་བ་མི་བྱེད་པའི་མིག་ལྟོས་ཡོ ད་པ་དེ་མུ་མཐུད་ཉམས་ཆག་མ་ཡོང་བ་ དང་། བདག་གཅེས་ཡག་པོ་བྱས་ཏེ་རྒྱ་གར་ ལུང་པ་འདི་འཚེ་མེད་ཞི་བདེའི་བསྟི ་གནས་རང་གཞན་ཚང་མས་ཡིད་སྨོན་སྐྱེ ས་པ་ཞིག་ཡོང་བ་བྱ་དགོས། ད་ལྟའི་བར་དུ་ཧ་ཅང་ཡག་པོ་རེད། ཆོས་དད་རང་མོས་ཐོག་ནས་སོ་སོས་ གང་བྱེད་ན་བྱ་རྒྱུ་ཡོད་པ་རེད། སྙིང་པོ་དེ་གཞན་ལ་འཚེ་བ་མི་བྱེ ད་པ་དང་། ཀུན་ལ་ཕན་ཐོགས་བསྒྲུབ་པ་དེ་རེད། རྒྱ་གར་འཕགས་པའི་ཡུལ་གྱི་གནའ་ རབས་ཀྱི་སྤྱོད་ལམ་བཟང་པོ་དང་ཆོ ས་ལུགས་མཐུན་སྒྲིལ་གྱི་བཟང་པོའི ་ཡོན་ཏན་མུ་མཐུད་དུ་ལག་ལེན་བསྐྱ ལ་དགོས།སོགས་བཀའ་སློབ་སྩལ་སོང་།
མཛད་འཆར་ལྟར་ན། སང་ཉིན་ལ་དྭགས་ཞི་བའི་ཚལ་གསུང་ ཆོས་ར་བར། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ གཉིས་ཀྱིས་་༧གོང་ས་མཆོག་ལ་བརྟན་ བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ ཁང་དུ། ལྷོ་ཁའི་སྐྱིད་སྡུག་ཚོགས་པ་དང་། ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ ནང་ཆོས་སློབ་གཉེར་ཁང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེ ས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུ གས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ཟླ་ ༩ ཚེས་ ༢༠ཉིན་ཐེག་ཆེན་ཆོས་གླིང་གཙུག་ ལག་ཁང་དུ། ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ ཁབ་ཁག་དང་ཁོ་རི་ཡའི་ནང་པ་རྣམས་ ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ བསྟར་འབུལ་ཞུ་རྒྱུ། དེ་བཞིན་ཕྱི་ཟླ་༡༠ ཚེས་ ༣ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ ཁང་དུ། ཐའེ་ཝན་གྱི་དད་ལྡན་མང་པོས་ཇི་ལྟ ར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་རིན་པོ་མཆོག་ནས་ཆོ ས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་ འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།