མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུ་དྷི་ཡ་ནར་༧སྐུའི་གོ་སྟོན་སྲུང་གཙི་གནང་སྐབས་རྒྱ་གར་རང་གི་ཐོན་རྫས་ཚོང་འགྲེམས་གནང་ཐུབ་པར་སྐུལ་འདེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་འཚོ་རྟེན་གཙོ་བོར་གྱུར་བའི་དགུན་ཚོང་དང་དུས་ཚིགས་ངེས་མེད་ཀྱི་ཚོང་ལས་གཉེར་བར་ཡུན་རིང་ནས་འབྲེལ་བ་དམ་ཟབ་ཡོད་པའི་ལུ་དྷི་ཡ་ནར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གོ་སྟོན་སྲུང་གཙིའི་མཛད་སྒོ་བསྡུས།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཏེ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དང་བསྟུན། རྒྱ་གར་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ནར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་གོ་སྒྲིག་འོག་སྐུའི་གོ་སྟོན་སྲུང་གཙི་ཞུས། ༢༠༢༥།༠༨།༡༥ དུས་བབ་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཏེ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དང་བསྟུན། རྒྱ་གར་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ནར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་གོ་སྒྲིག་འོག སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ་བའི་མཛད་སྒོ་ཞིག་སྐོང་འཚོག་གནང་ཡོད་ཅིང་།  མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་གཉིས་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་སོགས་དང་། ལུ་དྷི་ཡ་ནའི་རྒྱ་གར་གྱི་ཚོང་དཔོན། དེ་བཞིན་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་གཙོ་བོར་གྱུར་བའི་ས་གནས་ཁག་མི་འདྲ་བ་ ༢༢༧ དུ་ཡོད་པའི་ཚོང་ཚོགས་ཀྱི་ཚོགས་མི་རྣམས་འཛོམས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༩ འཁོར་ཡོད་ཅིང་། རྒྱ་གར་རང་བཙན་ཐོབ་ནས་མི་ལོ་གསུམ་གྱི་རྗེས་ལ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་རང་བཙན་ཤོར་ཏེ། རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཆེར་བཞེས་ཀྱི་ཐོག་ནས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་རེད། རྒྱ་གར་གྱི་མངའ་སྡེ་དང་དབུས་གཞུང་གཉིས་ཀ་ནས་བོད་མི་རྣམས་ལ་ཚད་ལྡན་གྱི་རོགས་འདེགས་གནང་ཡོད་སྟབས། ངས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། རྒྱ་གར་གཞུང་གིས་བོད་མི་རྣམས་ལ་ཐོག་མར་ཞིང་ས་ཨེ་ཁར་གཅིག་རེ་གནང་ཀྱང་། ཞིང་ལས་ཐོན་སྐྱེད་རྣམས་ནམ་དུས་དང་བསྟུན་དགོས་དུས། ག་ལེར་ག་ལེར་དགུན་ཚོང་མགོ་བཙུགས་ཏེ། ཁྱེད་རང་ཚོ་དང་འབྲེལ་འདྲིས་བྱུང་བ་རེད། ཁྱེད་རང་ཚོའི་བཀའ་དྲིན་གྱིས་ང་ཚོར་དེ་རིང་ཡོད་ཅིང་། ང་ཚོ་ལ་བརྟེན་ནས་ཁྱེད་རང་ཚོ་ལའང་ཕན་ཐོགས་བྱུང་ཡོད་པས། གཉིས་ཀར་གཅིག་ཕན་གཅིག་གྲོགས་ལྟ་བུ་བྱུང་མོད། སྤྱིར་རྒྱ་གར་རང་ཁ་རང་གསོའི་ལམ་བུར་ཤར་སྐྱོད་བྱེད་མུས་ཡིན་ཡང་། སེམས་ནང་གནོག་འགྱོད་ཆེ་ཤོས་དེ་ད་ལྟ་ལུ་དྷི་ཡ་ན་ནས་ཚོང་འགྲེམས་བྱས་པའི་ཅ་དངོས་དག་ཁྱིམ་མཚེས་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པ་ཞིག་ཡིན་པས། ཡར་ཐོན་ཅན་དུ་འགྲོ་མུས་ཡིན་པའི་རྒྱ་གར་རྒྱལ་ཁབ་ཀྱིས། རྒྱ་ནག་གིས་ཅ་དངོས་ཚོང་འགྲེམས་བྱས་པ་ནང་བཞིན་ག་རེ་བྱས་ནས་གནང་ཐུབ་ཀྱི་མེད་པ་རེད། ཁྱེད་ཚོར་རྒྱ་གར་རྒྱལ་ཁབ་འདི་ནས་གསར་བཟོ་དང་ཚོང་འགྲེམས་བྱ་དགོས་པའི་བསམ་བློ་ཞིག་འཁོར་ཡོད་སྲིད་ཀྱང་ལས་མགོ་བཙུགས་ཐུབ་མེད་པ་རེད། འདས་ལོར་ང་འདིར་ཡོང་དུས་བཟོ་གྲྭ་གཅིག་ཏུ་ཕྱིན་ནས་སྐུད་པ་དང་བཟོ་འཁོར་སོགས་གང་ནས་བཟོས་མིན་སྐད་ཆ་འདྲི་སྐབས། རང་བཞིན་མེད་པར་བློ་ཕམ་ཆེན་པོ་ཞིག་བྱུང་། བོད་པ་དགུན་ཚོང་གཉེར་མཁན་རྣམས་ཀྱང་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཅ་དངོས་ཚོང་འགྲེམས་ཁྲོད་མཉམ་ཞུགས་བྱེད་ཀྱིན་འདུག ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། བོད་པའི་ཚོང་པ་ཚོགས་པའི་གོ་སྒྲིག་འོག དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དང་། རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༩ འཁོར་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་བྱུང་བ་ཞིག་རེད། ཕྱི་ཟླ ༧ ཚེས་ ༢ ནས་༧ བར་གྱི་བདུན་གཅིག་རིང་བཞུགས་སྒར་དྷ་སར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་སྲུང་གཙིའི་མཛད་སྒོ་འཚོགས་ཡོད་ཅིང་། སྐབས་དེར་རྒྱལ་ཁབ་གང་སར་ནས་གསར་འགོད་པ་མི་གྲངས་ ༢༡༦ ཆེད་བཅར་བྱས་ཡོད་ལ། དེས་འཛམ་གླིང་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་འགངས་ཆེན་བརྩིས་ནས་དོ་སྣང་ཆེན་པོ་བྱས་ཡོད་པ་མཚོན་གྱི་ཡོད། དེ་བཞིན་ནང་པ་མིན་པའི་གསར་འགོད་པ་རྣམས་ལ་ཡང་སྲིད་ཀྱི་གནད་དོན་ཐད་ལ་དོ་སྣང་དང་བློ་སྐྱེད་འཕར་མ་ཞིག་ཐོབ་ཡོད། དེ་བཞིན་སྐུའི་འཁྲུངས་སྐར་ཉིན་ནས་ལོ་འཁོར་གཅིག་རིང་བྱམས་བརྩེའི་ལོ་ཞེས་པ་སྲུང་གཙི་བྱེད་བཞིན་ཡོད་ལ། ལོ་འཁོར་འདིའི་ནང་སྐུའི་ཐུགས་སྐྱེད་དམ་བཅའ་བཞི་གཙོ་བོར་བཟུང་ནས་གོ་རྟོགས་སྤེལ་ཐབས་གནང་རྒྱུ་དེ་ཡིན། ཞེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཏེ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དང་བསྟུན། རྒྱ་གར་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ནར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་གོ་སྒྲིག་འོག་སྐུའི་གོ་སྟོན་སྲུང་གཙི་ཞུས། ༢༠༢༥།༠༨།༡༥ དུས་བབ་ཀྱི་པར།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། བོད་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ནི་འཁྲུངས་སྐར་ཙམ་ཞིག་མིན་པར་ཁོང་ནི་བོད་མིའི་ངོ་བོ་དང་བླ་སྲོག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ནི་དབུ་འཁྲིད་བཟང་པོ་ཁོ་ན་མིན་པར། ཁོང་གི་དགོངས་བཞེད་དང་ཕྱག་སྟོན་བཟང་པོ་དེ་དག་ལ་བརྟེན་ནས། འཛམ་གླིང་གང་སར་ཁོང་གི་འཁྲུངས་སྐར་སྲུང་གཙི་ཞུ་ཡི་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོར་བོད་རང་བཙན་ཤོར་ནས་རྒྱ་གར་དུ་བཙན་བྱོལ་དུ་ཡོང་དུས། ང་ཚོའི་སེམས་སུ་ན་ཟུག་གཉིས་ཏེ། གཅིག་ནི་བོད་རང་བཙན་ཤོར་བའི་ན་ཟུག་དང་། གཅིག་ཤོས་ནི་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་རྒྱ་ནག་གིས་དམར་གསོད་བཏང་བའི་ན་ཟུག་དེ་ཡིན། བོད་མི་རྣམས་རྒྱ་གར་ལ་འབྱོར་རྗེས་སྲ་བརྟན་ཡོང་སླད་གཞིས་ཆགས་གསར་འཛུགས་དང་། སྲིད་གཞུང་གསར་འཛུགས་བྱ་དགོས་པའི་འགན་ཁུར་ལྕི་བའི་ལས་དོན་མང་དག་ཅིག་ཡོད། འོན་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་སུ་བྱམས་སྙིང་རྗེ་བསྒོམས་ནས་ཧ་ཅང་ལྕི་བའི་ལས་དོན་དེ་དག་ཐད་སྐུ་ལས་བསྐྱོན་ཡོད་པ་དེས། འཛམ་གླིང་སྤྱི་ཡོངས་སུ་བྱམས་སྙིང་རྗེ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་རིན་ཐང་གསལ་སྟོན་གནང་ཐུབ་ཡོད་པ་རེད། ཅེས་དང་། རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མི་རྣམས་ལ་བོད་དོན་འཐབ་རྩོད་དང་མིའི་བདེན་མཐའ་སེལ་སླད་རོགས་འདེགས་ལམ་སྟོན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བྱམས་དང་སྙིང་རྗེས་འཛམ་གླིང་ཞི་བདེ་ཡོངས་ཐབས་དགོས་པའི་བཀའ་དགོངས་བཞིན། ཚང་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཁོ་ནར་མཉན་པ་ཙམ་པ་མིན་པར། ལག་ལེན་རང་གི་ཐོག་ཏུ་འཁྱོངས་ཐབས་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན་ཧིན་བོད་ཚོང་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཝིན་སུ་ཐི་(Naveen Sood) ལགས་ཀྱིས། ང་ཚོ་དེ་རིང་འདིར་འཛོམས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་ཀྱིན་ཡོད། རྒྱ་གར་གྱི་ས་ཕྱོགས་གང་ས་ནས་ཡོང་བའི་བོད་མི་རྣམས་དང་རྒྱ་གར་ཡུལ་མིའི་བར་སྔོན་མ་ནས་གཅེན་གཅུང་གི་འདུ་ཤེས་ལྟར་གྱི་མཛའ་མཐུན་གྱི་འབྲེལ་ལམ་ཞིག་ཡོད་པ་སྨྲོས་མི་དགོས་པ་ཞིག་རེད་ལ། སྔོན་མ་བོད་མི་རྣམས་དང་ཡུལ་མིའི་བར་གྱི་མཛའ་གཅུགས་ཀྱི་འདུ་ཤེས་དེ་རྒྱུན་བསྲིངས་ནས་ཡོང་གི་ཡོད་པ་རེད། ཅེས་དང་། འདིར་ཡོང་བའི་རྒྱ་གར་གྱི་ཚོང་དཔོན་དག་དང་ལྷན་བོད་མི་རྣམས་ཀྱི་ཚོང་དོན་གྱི་འབྲེལ་ལམ་བཙུགས་དུས་ཡུན་རིང་པོ་ཡིན་པའི་ཁར། མུ་མཐུད་དུ་དགུན་ཚོང་དང་ཚོང་དོན་གྱི་འབྲེལ་ལམ་སྲ་བརྟན་ཡོང་སླད་འབྲེལ་འདྲིས་དམ་ཟབ་དགོས་སྐོར་དང་། རྒྱ་གར་གྱི་ཚོང་དཔོན་ཚོས་མུ་མཐུད་དུ་བོད་མི་དགུན་ཚོང་གཉེར་མཁན་དག་དང་ལྷན་ཚོང་དོན་གྱི་འབྲེལ་ལམ་སྐྱེད་ཐབས་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། ལོ་སྔོན་མའི་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་སོགས་ཀྱིས་གོ་བསྡུར་རབ་དང་རིམ་པ་བྱུང་སྟེ། འདི་ལོར་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐབས་དྲུག་པའི་སྐབས་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་བཞེས་པའི་གོ་སྟོན་གྱི་ལོ་སྟེ། བྱམས་བརྩེའི་ལོ་སྲུང་གཙི་བྱ་རྒྱུའི་གོ་སྐབས་བྱུང་བར་སྐལ་བ་བཟང་པོ་ཡིན། ཞེས་དང་། ད་ལན་གྱི་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་ས་གནས་ཁག་མི་འདྲ་བ་ ༢༢༧ ནས་བོད་མི་དགུན་ཚོང་གཉེར་མཁན་རྣམས་ཀྱི་འཐུས་མི་དང་། བོད་མི་དགུན་ཚོང་གྷནེར་མཁན་མང་པོ་ཆེད་བཅར་གནང་ཡོད་སྐོར་སོགས་བརྗོད་བྱུང་།

བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པ་ནི་ཕྱི་ལོ་ ༢༠༠༦ ལོར་ཆེད་འཛུགས་བྱས་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ས་གནས་ཁག་མི་འདྲ་བ་ ༢༣༤ ཁོངས་ནས་ཚོགས་མི་ཡོད་ཅིང་། ད་བར་འགན་འཛིན་ལྷན་ཚོགས་སྐབས་དྲུག་གིས་རྒྱ་གར་ཚོང་དཔོན་རྣམས་དང་འབྲེལ་འདྲིས་ཀྱིས་དགུན་ཚོང་གཉེར་གྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese