མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལ་རྒྱ་ནག་ནི་ཡིད་ཆེས་བྱ་རྒྱུ་མེད་པའི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་ལ་ངོ་རྒོལ་བྱས་ཏེ་བཙན་བྱོལ་བོད་མིས་གཞིས་ལུས་བོད་མི་རྣམས་བརྗེད་མེད་པ་དང་བོད་དོན་འཐབ་རྩོད་བརྟན་པོ་ཡོད་པའི་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་སྐོར་བརྗོད།

ལྡི་ལིའི་ཧེ་ཌར་བྷཌ་སྡོད་ཁང་འགྲམ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཝང་ཡེས་ལ་ངོ་རྒོལ་བྱས། ༢༠༢༥།༠༨།༡༩ པར་འབྲེལ་ཡོད་ཀྱིས་མཁ་ོསྤྲོད་གནང་།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་བསྐྱོད་དུ་འབྱོར་བ་དང་བསྟུན། ལྡི་ལིའི་གནམ་ཐང་གི་ལམ་ཁར་བོད་རང་བཙན་སློབ་ཕྲུག་ཚོགས་པས་འཕྲེད་དར་ཐོག་ཝང་ཡེས་རྒྱ་གར་ནང་ཡོང་བར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང་། ཁ་སང་ལྡི་ལིའི་ཧེ་ཌར་བྷཌ་ (Hyderabad House)སྡོད་ཁང་དུ། ཝང་ཡེས་དང་རྒྱ་གར་བདེ་སྲུང་ལྷན་ཁང་གི་སློབ་སྟོན་པ་ཨ་ཇི་ཏི་ཌོ་ཝལ་(Ajit Do val) མཆོག་གཉིས་ས་མཚམས་རྩོད་རྙོག་གི་གནད་དོན་གྲོས་མོལ་བྱེད་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ ༣༠ ལྷག་གིས་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་ཕྱིར་བསྡུ་དགོས་པའི་འབོད་ཚིག་བསྒྲགས་ནས་ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས་ཡོད་ཀྱང་། ཁ་སང་སྔ་དྲོ་ནས་ལྡི་ལིའི་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་དུ་རྒྱ་གར་ཉེན་རྟོག་པས་དམ་དྲག་བྱས་ཏེ་དེར་ཡོད་མཐོ་རིམ་སློབ་གཉེར་བ་མང་པོ་ཞིག་ལས་འགུལ་ནང་མཉམ་ཞུགས་བྱས་ཐུབ་མེད་པ་རེེད།

ཐེངས་འདིའི་ངོ་རྒོལ་གྱི་སྐོར་ལ་རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་རྒྱ་གར་ནང་ས་མཚམས་དཀའ་རྙོག་དང་ཚོང་འབྲེལ་ཆེད་གྲོས་མོལ་བྱེད་དུ་ཡོང་ཡོད་པ་རེད། ཡིན་ནའང་ས་མཚམས་དེ་བོད་དང་རྒྱ་གར་བར་གྱི་ས་མཚམས་ཆགས་ཡོད་པ་དང་། བོད་བཙན་བཟུང་བྱེད་མཁན་གྱི་རྒྱ་ནག་དམར་པོའི་གཞུང་གི་དཔོན་པོ་ཞིག་རྒྱ་གར་དུ་བསླེབས་དུས། དམིགས་བསལ་བཙན་བྱོལ་གྱི་བོད་པ་རྣམས་ཀྱིས་རྣམ་འགྱུར་སྟོན་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ཝང་ཡེས་རྒྱ་གར་གྱི་གནམ་ཐང་དུ་འབྱོར་འཕྲལ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལམ་ཁའི་ཟམ་ཁར་ཝང་ཡེས་བོད་རང་བཙན་ཞེས་འཕྲད་དར་ཐོག་བརྡ་ལན་གསལ་བོ་འཁོད་པའི་ངོ་རྒོལ་བྱས་ཡོད། ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ཙམ་མ་ཟད། བོད་ཀྱི་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་ཡིག་རིག་གཞུང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ངན་པ་སྤེལ་བཞིན་ཡོད་པ་རེད།  བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་ཁབ་དང་བོད་ནང་གི་བོད་མི་རྣམས་བརྗེད་མེད་པ་དང་། བོད་དོན་འཐབ་རྩོད་བརྟན་པོ་ཡོད་པའི་བརྡ་ལན་གསལ་བོ་ཞིག་ཀྱང་ཆགས་ཀྱི་ཡོད།  ཐེངས་འདིའི་ས་མཚམས་ཀྱི་གྲོས་མོལ་ནི་རྒྱ་གར་དང་བོད་ཀྱི་ས་མཚམས་ཡིན་པས་རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་ཐོག་འབྲེལ་བ་མེད་པའི་བརྡ་ལན་སྤྲད་ཡོད། རྒྱ་གར་གཞུང་ལ་དྲན་གསོ་ཞུ་རྒྱུ་ཞིག་ལ་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་རྗེས་ཕྱི་ལོ་ ༡༩༦༢ ལོར་ས་མཚམས་སུ་དམག་འཁྲུག་བྱུང་ཡོད། དེ་བཞིན་འབྲོག་ལམ་དང་གྷལ་ཝན་སོགས་ཀྱི་ས་མཚམས་ཀྱི་དམག་འཁྲུག་མུ་མཐུད་བྱུང་ཡོད་པས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ཀྱི་མེད་པ་གསལ་བོ་བསྟན་ཡོད་ལ། བོད་རང་བཙན་མ་འཐོབ་བར་དུ་རྒྱ་གར་གྱི་ས་མཚམས་སུ་བདེ་འཇགས་ཡོང་ཐུབ་ཀྱི་མེད་པའི་འབོད་སྐུལ་ཞུས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ལྡིལིའི་གནམ་ཐང་ལམ་ཁར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཝང་ཡེས་ངོ་རྒོལ་ལས་འགུལ་སྤེལ། ༢༠༢༥།༠༨།༡༨ པར་འབྲེལ་ཡོད་ཀྱིས་མཁ་ོསྤྲོད་གནང་།

དེ་བཞིན་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས་ཀྱིས།   རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དགྲ་བོ་རྒྱ་ནག་གཞུང་གི་མགོ་དཔོན་ཝང་ཡེས་རྒྱ་གར་རང་དབང་ལུང་པའི་ནང་བསླེབས་པར་མཐའ་གཅིག་ཏུ་ཉིན་གྲངས་གཉིས་རིང་ངོ་རྒོལ་ལས་འགུལ་སྤེལ་ཡོད། ལས་འགུལ་སྤེལ་དགོས་དོན་གཙོ་བོ་བོད་ནང་རྒྱ་ནག་གཞུང་གིས་ཛ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་འགྱུར་བ་མ་བཏང་བ་དང་། བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་མགོ་དཔོན་སུ་འདྲ་ཞིག་བསླེབས་ཀྱང་ངོ་རྒོལ་བྱེད་རྒྱུ་གསལ་བོ་ཆགས་ཡོད། ཐེངས་འདིར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་ཚོང་འབྲེལ་གྱི་གྲོས་མོལ་བྱེད་ཀྱི་ཡོད་པ་དེར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་ལ་རྒྱ་ནག་ནི་ཡིད་ཆེས་བྱ་རྒྱུ་མེད་པའི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་བྱས་ཡོད། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་འབྱོར་མ་ཐག་ལྡི་ལི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། དེ་བཞིན་ཁ་སང་རྒྱ་གར་གྱི་མགྲིན་ཚབ་པ་དང་ཐུག་འཕྲད་བྱེད་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱིས་ངོ་རྒོལ་བྱས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ད་ལན་གྱི་ངོ་རྒོལ་ཁྲོད་གཞོན་སྐྱེས་རྣམས་ཀྱི་ཚོར་བ་དྲག་པོའི་ཐོག་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པ་དང་། རྒྱ་ནག་ནི་ཡིད་ཆེས་བྱེད་སའི་རྒྱལ་ཁབ་ཅིག་མིན་པ། དེ་བཞིན་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་གསལ་འདོན་གྱིས་ངོ་རྒོལ་བྱས་ཡོད། ཐེངས་འདིའི་ངོ་རྒོལ་ཁྲོད་གསར་ལམ་ཁག་ ༦༠ ནང་གསར་འགྱུར་འདོན་ཐུབ་པ་བྱུང་། རྒྱ་གར་གཞུང་གིས་ཀྱང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཆེད་ལས་འགུལ་མི་སྤེལ་བའི་ཐོག་དམ་དྲག་བྱས་ཡོད་ཀྱང་། བོད་ནང་གི་བོད་མིའི་མགྲིན་པ་ཞིག་ཡིན་པའི་ཆ་ནས་ལས་འགན་འཁུར་ཡོད་པ་དང། མ་འོངས་བའང་དགྲ་བོ་རྒྱ་ནག་གཞུང་གིས་མགོ་དཔོན་སུ་འདྲ་ཞིག་བསླེབས་ཀྱང་། བོད་ནང་གི་གནས་སྟངས་ཐོག་གསལ་ཁ་མ་ཆགས་བར་དུ་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གདེང་སྤོབས་ཆེན་པོ་ཡོད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོར་ཝང་ཡེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་བ་དང་བསྟུན། ངོ་རྒོལ་བྱས་ཏེ་འཛིན་བཟུང་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ ༧ དང་།  དེ་བཞིན་ཁ་སང་འཛིན་བཟུང་བྱས་པའི་ལས་འགུལ་བ་ ༣༠ བཅས་ཀློད་གྲོལ་བཏང་ཟིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རེིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese