མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་༸གོང་ས་མཆོག་གི་འཁྲུངས་སྐར་སྐབས་༸སྐུའི་གོ་སྟོན་མཚོན་བྱེད་ཀྱི་དབུ་ཞྭ་ཞིག་དྲ་ལམ་དུ་ཁྱབ་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཨ་འདུས་དགོན་པའི་གྲྭ་ཚེ་དབང་དོན་གོ་ལགས་ཀློད་གྲོལ་བཏང་ཡོད་འདུག

རྔ་བ་རྫོང་ཨ་འདུས་དགོན་པ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

འདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཡས་མས་སུ། ༸སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་དོན་གོ་ལགས་ཟླ་གཅིག་དང་ཕྱེད་ཀ་ལྷག་བཀར་ཉར་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༨ ཙམ་ལ་ཀློད་གྲོལ་བཏང་ཡོད་འདུག

འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཨ་འདུས་དགོན་པའི་གྲྭ་ཚེ་དབང་དོན་གོ་ལགས་ཀློད་གྲོལ་བཏང་ནས་ཉིན་གྲངས་བཞི་ཙམ་ཕྱིན་འདུག་ཅིང་། ཁོང་ཀློད་གྲོལ་བཏང་རྗེས་ཨ་འདུས་སྡེ་བའི་རང་ཁྱིམ་དུ་བཏང་ཡོད་པ་གསལ་བོ་ཡིན་ཡང་། ཁོང་གི་འགྲོ་འདུག་གི་རང་དབང་སོགས་ལ་དམ་དྲག་བྱེད་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། དགེ་འདུན་པ་ཚེ་དབང་དོན་གོ་ལགས་རྔ་བ་ཨ་འདུས་སྡེ་བ་ནས་ཡིན་ཞིང་། ཆུང་དུས་ནས་ཨ་འདུས་དགོན་པའི་ཆོས་སྒོར་ཞུགས་ཏེ། ད་ལྟ་དབུ་མའི་འཛིན་གྲྭའི་ནང་སློབ་གཉེར་བྱེད་ཀྱི་ཡོད་འདུག

གཞན་ཡང་། བོད་ནང་གི་འབྲེལ་ཡོད་ཅིག་གིས་སྤྱི་ཚོགས་དྲ་ལམ་དུ། བོད་ཀྱི་ན་གཞོན་གླུ་བ་ཨ་སངས་ལགས་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་སྤྱི་ཚོགས་དྲ་ལམ་དུ་འཐོན་ཐུབ་ཀྱི་མེད་པ་མ་གཏོགས། ཁོང་ད་ལྟ་བདེ་འཇགས་ཡིན་པ་དང་ནང་མིའི་ལྷན་དུ་ཡོད་པའི་གནས་ཚུལ་སྤེལ་འདུག  ཉེ་ལམ་༸སྐུའི་གོ་སྟོན་གྱི་སྐབས་སུ། བོད་རྔ་བ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། གླུ་བ་ཨ་སངས་དང་ཁོང་གི་རོགས་པ་གཉིས་ཀྱིས་ལོ་ཤས་གོང་དུ་གཞས་པ་གཞན་གྱིས་བླངས་བའི་གླུ་གཞས་ (ཞི་བདེའི་རྒྱལ་སྲས) ཞེས་པ་བསྐྱར་ལེན་བྱས་པའི་རྐྱེན་གྱིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།

གཙུག་ཏེའམ་དྲ་མིང་ལ་ཨ་སངས་སུ་འབོད་པའི་ན་གཞོན་གླུ་བ་ཁོང་ནི་བོད་རྔ་བ་སྟག་མོ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་རུ་ཁག་བཞི་པའི་ནག་ཚང་ཚང་གི་བུ་ཡིན་ཞིང་། ཁོང་དང་བཟའ་ཟླ་ལྷ་མོ་གཉིས་ལ་རང་ལོ་གཅིག་ལྷག་ཡིན་པའི་བུ་གཅིག་དང་། མངལ་དུ་ཡོད་པའི་ཕྲུ་གུ་གཞན་ཞིག་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese