མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་བསམ་ཡས་གླིང་སོགས་སུ་ཆར་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཡ་མུ་ན་གཙང་པོ་ཤུགས་ཆེར་རྒྱས་རྐྱེན་ལྡི་ལིའི་བསམ་ཡས་གླིང་དང་བྷོ་དྷི་ཝི་ཧར་ས་གནས་ཀྱི་བོད་མིའི་སྡོད་ཁང་དང་མགྲོན་ཁང་བཅས་སུ་ཆུ་བླུགས་ཏེ་མི་མང་པོ་གནས་སྤོར་དང་ཅ་དངོས་ཕྱི་ལོགས་སུ་འདོན་བཞིན་ཡོད་འདུག

ལྡི་ལི་བསམ་ཡས་གླིང་སོགས་སུ་ཆར་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག ༢༠༢༥།༠༩།༤ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

ཉིན་འདི་ཚོར་རྒྱ་གར་བྱང་ཤར་གྱི་མངའ་སྡེ་མང་པོ་ཞིག་ཏུ་ཆར་ཞོད་ཆེན་པོ་བབས་ཏེ། གཙང་ཆུ་རྒྱས་པ་དང་རི་ཉིལ་བ། ལམ་དང་ཟམ་པ་ཆད་པ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་ལྟར། ཡ་མུ་ནཱ་གཙང་པོ་ཤུགས་ཆེན་པོ་རྒྱས་ཏེ་རྒྱ་གར་རྒྱལ་ས་ལྡི་ལི་གྲོང་ཁྱེར་གྱི་ས་ཁུལ་མང་པོར་ཆུའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་ཅིང་། གཙང་འགྲམ་གྱི་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་ངྷ་རམ་ས་ལའི་བོད་མི་ཚོའི་སྡོད་ཁང་དང་ཁྲོམ་རའི་སྲང་ལམ་བཅས་ལ་ཆུ་བླུགས་ཏེ་དཀའ་ངལ་འཕྲད་བཞིན་ཡོད་འདུག

དེའི་སྐོར་ལ་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལི་བསམ་ཡས་གླིང་ས་གནས་མགོ་འཛིན་རྡོ་རྗེ་ཚེ་རིང་ལགས་སུ་དྲིས་པར་ཁོང་གིས། དེང་སང་རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཁག་དང་། པན་ཇེབ་མངའ་སྡེ། ཧཱ་རི་ཡ་ན་སོགས་སུ་ཆར་ཞོད་ཆེན་པོ་རྒྱག་བཞིན་ཡོད་པས། ས་ཁུལ་དེ་དག་ཏུ་ཡོད་པའི་ཆུ་རགས་ཀྱི་ཆུ་བསགས་པ་ཚད་ལས་བརྒལ་ཏེ་ཆུ་ཕྱིར་བཏང་ཡོད་རྐྱེན། རྒྱལ་ས་ལྡི་ལི་ཁུལ་དུ་ཆུ་བླུགས་ནས་ཉིན་ཁ་ཤས་འགྲོ་བཞིན་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པ་ཙམ་ལ་ཡ་མུ་ན་གཙང་པོའི་ཆུ་རྒྱས་ཡོད་པ་དང་། ཉིན་རྒྱབ་ནས་བཟུང་ཆུ་ཤུགས་ཆེན་པོ་རྒྱས་ཏེ། གཙང་འགྲམ་གྱི་མི་སྒེར་གྱི་སྡོད་ཁང་ཚང་མའི་ནང་ཆུ་བླུགས་ཡོད་པ་མ་ཟད། ཚུར་ཕྱོགས་ཀྱི་མགྲོན་ཁང་མང་པོ་ཞིག་གི་འོག་ཤོད་ནང་ཆུ་བླུགས་ནས་མི་རྣམས་གནས་སྤོར་བྱས་ཡོད་ཀྱང་། ཅ་དངོས་འབོར་ཆེན་འཕྲོ་བརླག་ཏུ་ཕྱིན་ཡོད་འདུག ལྡི་ལི་ཡ་མུ་ན་གཙང་པོའི་འགྲམ་གྱི་ས་ཁུལ་ཡོངས་སུ་ཆུ་བླུགས་ཡོད་པ་རེད།ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ད་ལྟ་ཡ་མུ་ན་གཙང་པོའི་ཉེ་འགྲམ་དུ་ཡོད་པའི་བསམ་ཡས་གླིང་གི་འོག་གི་ཁང་པ་དེ་དག་གི་ནང་ཆུ་བླུགས་ཏེ་མི་སྡོད་ཐུབ་ཀྱི་མི་འདུག་ལ།ཟ་ཁང་དང་། ཚོང་ཁང་། མགྲོན་ཁང་བཅས་བེད་སྤྱོད་མེད་པ་ཆགས་བསྡད་ཡོད། དེ་བཞིན་བྷོ་རྡི་བྷི་ཡ་རུ་ཁང་རྩེག་འོག་མ་ཕལ་ཆེ་བ་ཆུ་ནང་དུ་འཐིམས་བསྡད་ཡོད་འདུག ཡ་མུ་ནའི་གཙང་འགྲམ་ལས་སྒང་དུ་ཡོད་པའི་བོད་སྒར་བསམ་ཡས་གླིང་གི་ཚོང་ཁང་དང་མགྲོན་ཁང་དག་ནམ་རྒྱུན་བཞིན་འགྲོ་མུས་ཡོད། ད་ལྟ་དཀའ་ངལ་འཕྲད་ཀྱི་ཡོད་པ་རྣམས་ཀྱི་ཆེད་དུ་བསམ་ཡས་གླིང་བརྒྱ་དཔོན་གྱི་ཚོགས་ཁང་དང་། ཆུ་བཞི་སྒང་དྲུག་གི་ཚོགས་ཁང་གཉིས་གཡར་སྟེ་སྡོད་ས་གྲ་སྒྲིག་བྱས་ཡོད། དེ་བཞིན་རྒྱ་གར་གཞུང་གི་གནོད་ཐེབས་མྱུར་སྐྱོབ་ཚན་པས་གྲུ་གཟིངས་སོགས་ཀྱི་མྱུར་སྐྱོབ་བྱེད་དགོས་ཚེ་གྲ་སྒྲིག་ཡོད་པ་རེད། ད་ལྟའི་ཆར་ཆུ་རྒྱས་པ་ཉུང་དུ་འགྲོ་རྒྱུར་སྒུག་བསྡད་རྒྱུ་ལས་དམིགས་བསལ་ལས་ཀ་བྱ་ཐུབ་རྒྱུ་མི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

བྷོ་དྷི་ཝི་ཧར་ས་གནས་ཀྱི་གནས་སྟངས་སྐོར་ལ་བརྒྱ་དཔོན་བསྟན་འཛིན་དཔལ་ལྷ་ལགས་ཀྱིས་འདི་གའི་གསར་འགོད་པར། ཡ་མུ་ན་གཙང་པོ་ཤུགས་ཆེན་རྒྱས་ཏེ་ད་ལྟའི་ཆར་བྷོ་རྡི་བྷི་ཡ་ས་གནས་སུ་ཆུ་ཧྥི་ཊི་ལྔ་ལྷག་གིས་ཁེངས་ཡོད་རྐྱེན། བྷོ་རྡི་བྷི་ཡ་ཁུལ་དུའང་ཆུ་བླུགས་ཏེ་མི་མང་པོ་གནས་སྤོ་བྱེད་བཞིན་ཡོད་པ་དང་། ཁང་པ་ཐོག་རྩེག་དག་གི་འོག་ཤོད་ཀྱི་ཅ་དངོས་དག་ཀྱང་འོར་འདྲེན་བྱེད་ཀྱི་ཡོད། མི་མང་ལ་འཐུང་ཆུ་དང་གློག་གི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། དེ་རིང་ནས་ལྡི་ལི་བསམ་ཡས་གླིང་ས་གནས་མགོ་འཛིན་ལས་ཁུངས་གཙོས་ཚོགས་པ་ཁག་གིས་ཆུའི་མཐུན་སྦྱོར་དང་སྡོད་གནས་གྲ་སྒྲིག་ཡག་པོ་བྱས་འདུག རྒྱ་གར་གཞུང་ནས་ཀྱང་ཞོགས་ཟས་དང་གུང་ཟས་མཁོ་སྤྲོད་གནང་བྱུང་། དེ་བཞིན་ས་གནས་རྒྱ་གར་གཞུང་གིས་གྲུ་བཏང་ནས་ཅ་དངོས་སྐྱེལ་འདྲེན་རོགས་རམ་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་བྱང་ཕྱོགས་ཁུལ་དུ་ཆར་དུས་ཡིན་པ་ལྟར། ཨུ་ཊར་ཁཱན་མངའ་སྡེ་དང་ཧི་མ་ཅལ། ཧཱ་རེ་ཡ་ནཱ། ལྡི་ལི་བཅས་སུ་ཆར་ཞོད་ཆེན་པོ་བབས་ཏེ། གཙང་པོ་རྒྱས་པ་དང་ཆུ་ལོག་བྱུང་བ། རི་ཉིལ་བ། ལམ་ཁ་དང་ཟམ་པ་ཆད་པ། ཁང་པ་བརྡིབས་པ་སོགས་ཀྱིས་མི་མང་པོ་རྐྱེན་ལམ་དུ་ཤོར་ཡོད་འདུག ད་བར་ཧི་མ་ཅལ་མངའ་སྡེ་གཅིག་པུའི་ནང་ཉུང་མཐར་མི་གྲངས་ ༣༤༠ རྐྱེན་འདས་དང་། མི་གྲངས་ ༣༠༡ ལ་རྨས་སྐྱོན། མི་གྲངས་ ༤༡  བོར་བརླག་ཏུ་གྱུར་ཡོད་པ་མ་ཟད། མངའ་སྡེ་གཞུང་ལ་ཧིན་སྒོར་ས་ཡ་ ༡༧༥༣ ལྷག་གི་གྱོང་གུད་ཐེབས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༣ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༥ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༠ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese