མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནས་རྒྱ་གར་གྱི་ཐོན་རྫས་དང་ཞབས་ཞུའི་ཁྲལ་ལ་འཕར་ཆག་ཆེན་པོ་འགྲོ་རྒྱུ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་སྐྱོང་ཆེད་ཐོན་རྫས་དང་ཞབས་ཞུའི་ཁྲལ་ལ་དེ་སྔོན་རིམ་པ་མི་འདྲ་བ་བཞི་ཡོད་པ་དེ་གསུམ་དུ་བཟོས་ནས་རྒྱས་སྤྲོས་ཀྱི་རིགས་དང་ལྷག་པར་དུ་མིའི་འཕྲོད་བསྟེན་དང་ཁོར་ཡུག་ལ་གནོད་སྐྱོན་ཆེ་བའི་རིགས་ཀྱི་ཐོན་རྫས་ལ་ཁྲལ་(GST)བརྒྱ་ཆ་ ༤༠ ལ་སྤར་འདུག

ཐོན་རྫས་དང་ཞབས་ཞུའི་ཁྲལ་བརྒྱ་ཆ་ ༤༠། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།

སྤྱིར་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༡༧ ལོར་གཏན་འབེབས་དང་ལག་བསྟར་བྱས་པའི་ཐོན་རྫས་དང་ཞབས་ཞུའི་ཁྲལ་(GST)སྤྲོད་ཕྱོགས་ལ་བརྒྱ་ཆ་ ༥ དང་། ༡༢། ༡༨། ༢༨ བཅས་རིམ་པ་བཞི་རུ་དབྱེ་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་དབུས་དཔལ་འབྱོར་ལས་ཁུངས་ཀྱིས་རྒྱ་གར་གྱི་ཐོན་རྫས་དང་ཞབས་ཞུའི་ཁྲལ་ལ་འགྱུར་བ་ཆེན་པོ་བཏང་སྟེ།  ཁྲལ་འབབ་བརྒྱ་ཆ་ ༥ ཅན་དང་། བརྒྱ་ཆ་ ༡༨ ཅན། བརྒྱ་ཆ་ ༤༠ ཅན་བཅས་ཚན་པ་གསུམ་དུ་བསྡུས་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནས་དངོས་སུ་རྒྱ་གར་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག དེ་ནི་མི་ལོ་བརྒྱད་འགོར་གྱི་ཁྲལ་བསྡུའི་འགྱུར་བ་དེས་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་(GDP)འཕར་སྣོན་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་གནང་གི་ཡོད་འདུག

དེའི་ཐད་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མུ་དྷི་མཆོག་གིས། ད་ལན་རྒྱ་གར་ནང་ལག་བསྟར་བྱས་པའི་རྒྱ་གར་གྱི་ཐོན་རྫས་དང་ཞབས་ཞུ་ཡི་ཁྲལ་འབུལ་ཕྱོགས་ཐད་འགྱུར་བ་བཏང་བ་དེས། ཞིང་པ་དང་། རྒྱ་གར་གྱི་འབྱོར་འབྲིང་མི་མང་། བུད་མེད་དང་། གཞོན་སྐྱེས་རྣམས་ལ་ཁེ་ཕན་དང་། ཚོང་ལས་ཆུང་ཚགས་རིགས་གཉེར་བར་སྟབས་བདེ་བཟོས་ཡོད། ཅེས་གསུངས་འདུག

ཐོན་རྫས་དང་ཞབས་ཞུའི་ཁྲལ་བརྒྱ་ཆ་ ༡༨། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།

དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་གཏན་འབེབ་གནང་བའི་ཐོན་རྫས་དང་ཞབས་ཞུའི་ཁྲལ་འབབ་ནང་བརྒྱ་ཆ་ ༡༢ ཅན་རྣམས་བརྒྱ་ཆ་ ༥ ལ་ཕབ་ཡོད་ཅིང་། དེའི་ནང་ཞིང་ལས་ཐོན་སྐྱེད་རིགས་དང་། རྒྱུན་སྤྱོད་བཟའ་བཏུང་རིགས་དང་། སྨན་གྱི་རིགས། སྣོད་ཆས་སོགས་ཚུད་ཀྱང་། ཚྭ་རིགས་འདྲེས་པའི་མ་རྨོས་ལོ་ཏོག་བརྔོས་མའི་རིགས་དང་། འཕྲོད་བསྟེན་ལ་གནོད་པའི་ཕྱེའི་རིགས། དེ་བཞིན་མངར་ཁུའི་རིགས་སོགས་ལ་དེ་སྔོན་ཁྲལ་བརྒྱ་ཆ་  ༡༢ ཡིན་པ་ ༡༨ ལ་འཕར་ཡོད་འདུག

དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་ཤུགས་ཚད་(CC1500)ལས་དམའ་བའི་རླངས་འཁོར་ཆུང་བའི་རིགས་དང་། སྦག་སྦག་ཤུགས་ཚད་(cc350)ལས་དམའ་བ། རྐང་གསུམ་འཁོར་ལོ། སྤྱི་སྤྱོད་རླངས་འཁོར། གཞན་རྒྱུན་སྤྱོད་ཅ་དངོས་གྲང་གློག་རིགས་དང་། བརྙན་འཕྲིན། ཨར་འདམ་བྱེ་མ་སོགས་དང་།  ཧིན་སྒོར་ ༧༥༠༠ མན་གྱི་མགྲོན་ཁང་སོགས་ཀྱི་ཁྲལ་བརྒྱ་ཆ་ ༢༨ ནས་ ༡༨ ལ་མར་ཆག་ཡོད་འདུག ཡིན་ནའང་། རླངས་འཁོར་ཆེ་གྲས་དང་། སྒེར་སྤྱོད་གནམ་གྲུ། དེ་བཞིན་དུ་བ་དང་། ཆང་། མྱོས་རྫས་རིགས་སོགས་གཙོ་བོར་གྱུར་བའི་འཕྲོད་བསྟེན་དང་ཁོར་ཡུག་ལ་གནོད་པ་ཆེ་བའི་རྒྱས་སྤྲོས་རིགས་ཀྱི་བཟའ་བཏུང་དང་ཅ་དངོས་རིགས་ལ་ཁྲལ་བརྒྱ་ཆ་ ༢༨ ནས་ ༤༠ ལ་འཕར་ཡོད་འདུག

ཐོན་རྫས་དང་ཞབས་ཞུའི་ཁྲལ་བརྒྱ་ཆ་༥། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།

བྷི་བྷི་སི་གསར་ཁང་ལྟར་ན། ཉེ་ལམ་ཨ་རིས་རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཉོ་ཚོང་ཤུགས་ཆེན་བྱེད་ཀྱི་ཡོད་ལུགས་བརྗོད་དེ་སྒོ་ཁྲལ་བརྒྱ་ཆ་ ༢༥ ཡི་སྒང་ལ། ཉེས་ཆད་སྒོ་ཁྲལ་བརྒྱ་ཆ་ ༢༥ བཅས་སྒོ་ཁྲལ་བརྒྱ་ཆ་ ༥༠ ལ་སྤར་ཡོད་སྟབས། རྒྱ་གར་གཞུང་གིས་རྒྱ་གར་ནང་གི་དཔལ་འབྱོར་གྱི་དཀའ་ངལ་སེལ་སླད་ད་ལན་ཁྲལ་གྱི་སྒྲོམ་གཞི་བསྐྱར་བཅོས་བྱས་སྐོར་གསལ་འདུག་ལ། གནད་དོན་དབྱེ་ཞིབ་པ་ཁག་གིས།  རྒྱ་གར་གཞུང་གིས་ཞིང་ལས་ཐོན་སྐྱེད་དང་ཉེར་མཁོ་རིགས་ཀྱི་ཁྲལ་ཕབ་ནས་དཔལ་འབྱོར་ཉམས་ཉེས་འགྲོ་བར་གདོང་ལེན་དང་། ཨ་རི་དང་རྒྱ་གར་གཉིས་ཀྱི་ལོ་གཅིག་གི་ཚོང་འབྲེལ་དེ་ཨ་སྒོར་ཐེར་འབུམ་ ༣༥ ནས་ ༢༦ དུ་ཟགས་སྲིད་ཚོད་དཔག་ཀྱང་བྱེད་ཀྱིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese