མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་བོད་ནང་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས། ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༢ བར་ཉིན་གྲངས་བཞིའི་རིང་བཀྲ་ཤིས་ལྷུན་པོ་དགོན་དུ་དུས་འཁོར་དབང་ཆེན་གྱི་བཀའ་དབང་གནང་རྒྱུ་ཡིན་ལུགས་བསྒྲགས་འདུག

བོད་ཀྱི་དུས་བབ་ནས་པར་སྒྲིག་སྦྱོར་བྱས།

རྒྱ་ནག་གཞུང་གིས་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་ཆོས་སྲིད་གཉིས་ཀྱི་ཐོག་ཏུ་བཀོལ་ནས་བོད་ནང་གི་བོད་མི་རྣམས་ལ་ཤུགས་རྐྱེན་བཟོ་ཐབས་དང་། བོད་ནང་ཆེད་དུ་རྒྱལ་མཚན་ནོར་བུའི་དབང་ཤུགས་དང་གོ་གནས་སྐྱེད་བཅུག་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༢ བར་ཉིན་གྲངས་བཞིའི་རིང་རྒྱལ་མཚན་ནོར་བུས་བཀྲ་ཤིས་ལྷུན་དགོན་དུ་དུས་འཁོར་དབང་ཆེན་གྱི་བཀའ་དབང་གནང་རྒྱུ་ཡིན་པ་དང་། མི་མང་གིས་དགོན་པའི་སྒྲིག་ཁྲིམས་ཟེར་བར་བརྩི་འཇོག་དང་ཡུལ་དངོས་ཀྱི་ལས་དོན་མི་སྣ་ཟེར་བའི་བཀོད་སྒྲིག་སོགས་ལ་ཉན་འཇོག་བྱ་དགོས་ལུགས་བསྒྲགས་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་བོད་མི་ཞིག་གིས་ཐད་ཀར་མཁོ་སྤྲོད་གནང་བའི་བཀྲ་ཤིས་ལྷུན་པོ་དགོན་གྱི་གསལ་བསྒྲགས་ཤིག་གི་ཁྲོད། རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་དང་ཕྱོགས་བཞིའི་སློབ་བུ་ཡོངས་ལ། འཛམ་གླིང་ཞི་བདེ་དང་མེས་རྒྱལ་དར་ཞིང་རྒྱས་པ། མི་དམངས་བདེ་འཁོད། འགྲོ་བའི་ཚེ་བསོད་དགེ་སྦྱོར་འཕེལ་བ་སོགས་ལེགས་ཚོགས་དུ་མའི་ཆེད་དུ་༧གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་སྤྱི་ལོ་ 2025 ལོའི་ཟླ་ 10 ཚེས་ 9 ནས་ 12 བར་ ( བོད་ཤིང་སྦྲུལ་ལོའི་ཟླ་ 8 ཚེས་18 ཉིན་ནས་21 བར་) བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་པའི་སྐྱིད་སྐྱིད་ན་ཁར་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་བསྩལ་གནང་རྒྱུ་ཡིན་པས། བཀའ་དབང་ལ་ཕེབས་མཁན་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་དགོན་པའི་སྒྲིག་སྲོལ་ཁག་ལ་སྲུང་བརྩི་ཞུ་དགོས་པ་དང་། ས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་བཀོད་སྒྲིག་ལ་ཉན་འཇོག་བྱེད་དགོས་ཤིང་། གྲི་རིགས་སོགས་མཚོན་ཆ་དང་འབར་སླ་བའི་ཉེན་ཁའི་དངོས་རྫས། ཆང་རག་སོགས་ཆོས་རྭར་འཁྱེར་མི་ཆོག་པ་མ་ཟད། ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་ལྟར་ཁ་ཁུ་སིམ་པོའི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཟབ་མོ་གསན་གནང་རྒྱུ། ཞེས་གསལ་འདུག

གནད་དོན་དེ་དང་འབྲེལ་ནས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱ་ནག་གཞུང་གིས་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བར་ཕྱི་ལོ ༢༠༡༦ ལོའི་ཕྱི་ཟླ ༧ ཚེས་ ༢༡ ནས་ ༢༤ བར་བོད་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་ཉེ་འགྲམ་གྱི་བདེ་ཆེན་ཕོ་བྲང་དུ་དུས་འཁོར་དབང་ཆེན་ཐོག་མར་གནང་བཅུག་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་མི་མང་ཁག་ལ་ཆེད་དུ་སྒོར་མོ་སྤྲད་པ་དང་། ཁག་ཅིག་ལ་བཙན་གྱིས་དུས་འཁོར་དབང་ཆེན་ཞུ་བཅུག་ནས། བོད་ནང་མི་ལོ་དྲུག་ཅུའི་རྗེས་དུས་འཁོར་དབང་ཆེན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེ་ཤོས་ཆགས་ཡོད་ཟེར་ནས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད།  ཅེས་བརྗོད་བྱུང་།

ཡང་ཁོང་མོས། སྤྱིར་ན་རྒྱལ་མཚན་ནོར་བུ་ཆོས་ཕྱོགས་བྱེད་སྒོར་ཞུགས་པར་ཉུང་ནའང་། ད་ལན་ཡང་བསྐྱར་དུས་འཁོར་དབང་ཆེན་ཟེར་བའི་བྱེད་སྒོ་སྤེལ་གྱི་ཡོད་སྟབས། ད་བར་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་ནང་གི་ས་གནས་མང་དག་ཅིག་ཏུ་ཆེད་དུ་མངགས་ནས། བོད་མི་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་བྱ་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་ལུགས་ཀྱི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཅུག་གི་ཡོད་པའི་ཁར། འདི་ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུར་མཇལ་ཟེར་ནས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་སྟབས། ད་ལན་ཆོས་ཕྱོགས་ཀྱི་བྱེད་སྒོ་དག་ཆབ་སྲིད་ཀྱི་ལག་ཆའི་ངོ་བོར་བསྒྱུར་ནས་རྒྱ་ནག་གཞུང་གི་འཁྱོག་བཤད་དག་བསྒྲུབ་ཐབས་བྱེད་མུས་ཡིན་སྐོར་སོགས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས ༢༡ ནས་ ༢༤ བར་གཞིས་ཀ་རྩེ་ནང་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བས་བོད་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་ཉེ་འགྲམ་གྱི་བདེ་ཆེན་ཕོ་བྲང་དུ་དུས་འཁོར་དབང་ཆེན་ཟེར་བ་ཐོག་མ་གནང་། དེ་ནི་རྒྱལ་མཚན་བུའི་བོད་ནང་དུས་འཁོར་དབང་ཆེན་ཟེར་བ་གནང་ཐེངས་དང་པོར་གྱུར་ཡོད་པས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ལ། སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུས་དུས་འཁོར་དབང་ཆེན་ཟེར་བ་གནང་སྐབས། སྤྲིན་པ་དམིགས་བསལ་འཁྲིགས་པ། འཇའ་ཚོན་སྣ་ལྔ་ཤར་ཡོད་ལུགས་དང་། པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་དེ་རྒྱ་ནག་གཞུང་གིས་ཆེད་དུ་གསེར་བུམ་དཀྲུགས་ནས་བདམས་པ་ཡིན་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

སྐར་མ ༡༡ སྔོན་ལ།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢ སྔོན་ལ།
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

ཆུ་ཚོད་ ༢༣ སྔོན་ལ།
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠
Satellite Imagery Reveals High-Altitude UAV Testing Facility in Tibet
Mobile App

བོད་མངའ་རིས་ནང་མི་མེད་དམག་དོན་མཁའ་གྲུ་ཚོད་ལྟའི་ས་ཚིགས་ཤིག་གསར་འཛུགས་བྱས་འདུག

༢༠༢༥/༡༡/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese