འདི་ལོར་བོད་ཀྱི་ཇོ་མོ་གླང་མའི་ཁུལ་དུ་གནམ་གཤིས་འགྱུར་ལྡོག་ཆེ་བའི་རྐྱེན་གྱིས་མི་མང་པོ་ཁ་བ་དང་བུ་ཡུག་ཁྲོད་ལྷག་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག
[1/4] A screen capture from video shows trekkers leaving their campsite, as unusually heavy snow and rainfall pummeled the Himalayas, in the Tibet Region, China, October 5, 2025. Geshuang Chen/Handout via REUTERS Purchase Licensing Rights ཟླ་འདིའི་ཕྱི་ཚེས་ ༢ ཉིན་ནས་ཇོ་མོ་གླང་མའི་ཤར་རྒྱུད་ དུ་གྲང་ངར་ཆེ་ཞིང་བུ་ཡུག་འཚུབ་པའི་རྐྱེན་གྱིས་འགྲོ་ལམ་འགག་སྟེ། ཡུལ་སྐོར་བ་དང་རི་འཛེག་པ་མི་གྲངས་ ༡༠༠༠ ལྷག་ཁ་བའི་གྲང་ངར་ཁྲོད་ལྷག་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་ལ། ཁ་སང་ཕྱི་ཚེས་ ༥ ཉིན་མྱུར་སྐྱོབ་རུ་ཁག་དང་ས་གནས་བོད་མི་ཚོས་མི་གྲངས ༣༥༠ ལྷག་ཉེན་ཁ་ལས་བསྐྱབས་ཏེ་ཉེ་འཁོར་གྱི་བོད་པའི་གྲོང་ཚོ་(Qudang)ཞེས་པ་ཞིག་ལ་བསྐྱལ་ཡོད་སྐོར་བསྒྲགས་འདུག
གནད་དོན་དེའི་ཐད་རྒྱ་ནག་གི་ཡུལ་ སྐོར་བ་ཆན་ཀུ་ཧྲང་ཟེར་བ་ཞིག་གི ས་རུ་ཌར་གསར་ཁང་ལ། ཡུལ་སྐོར་བ་མང་པོ་རྒྱ་ནག་གི ་རྒྱལ་སྟོན་དུས་ཆེན་དང་བསྟུན། ཇོ་མོ་གླང་བའི་ཤར་རྒྱུད་ཀྱི་ཀརྨ ་རི་གྲོང་དུ་ཕྱིན་པའི་ལམ་བར་དུ་གྲང་ངར་ཆེ་བའི་དབང་གིས་ འཁྱག་ཤི་ཐེབས་ཉེན་ཧ་ཅང་ཆེ་བའི་ ཁར། འདི་ལོའི་ཇོ་མོ་གླང་མའི་ཁུལ་གྱི ་གནམ་གཤིས་ལ་ངེས་གཏན་མེད་པས། སྣེ་ཤན་པ་དག་ཀྱང་ད་ལོའི་ཇོ་མོ་གླང་མའི་ཁུལ་གྱི་ཕྱི་ཟླ་ ༡༠ པའི་ གནམ་གཤིས་ཀྱི་གནས་བབ་ལ་ཧ་ལས་འདུག ཞེས་བརྗོད་འདུག
བོད་ཀྱི་གནམ་སྔོན་པོ་མྱུར་སྐྱོབ་རུ་ཁག་(Tibet’s Blue Sky Rescue team)ལ་གངས་རུད་ ཀྱིས་ཡུལ་སྐོར་བའི་སྡོད་གུར་ལ་གཏོར་སྐྱོན་ཐེབས་ཏེ། མི་རྣམས་གྲང་ངར་ནང་ལྷག་ཡོད་པའི་གནས་ཚུལ་འབྱོར་ཡོད་རྗེས། དིང་རི་རྫོང་གི་ཡུལ་སྐོར་ལས་ཁུ ངས་(Tingri County Tourism Company) ཀྱིས་བཙོང་ཟིན་པའི་རི་འཛེགས་ཀྱི་འཛིན་བྱང་རྣམས་ཕྱི ར་བསྡུ་དགོས་བྱུང་ཡོད་འདུག
ཕྱི་ལོ་ ༢༠༢༢ ལོར་བྷི་བྷི་སི་གསར་ཁང་གི་ཆེད་མཁས་པས་ཞིབ་འཇུག་གི་གྲུ བ་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གི་ཇོ་ མོ་གླང་མའི་སྒར་ས་དང་རི་ངོགས་སུ ་ཚད་ལས་འདས་པའི་འཛུགས་སྐྲུན་དང་ རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོ ང་གི་ཡོད་སྟབས། འཛམ་གླིང་གི་འཁྱགས་རོམ་ཆེ་ཤོས་ སུ་གྲགས་པའི་ཁམ་བུ་འཁྱགས་རོམ་ཞུ་ནས། ལོ་ལྟར་ཆུ་ལི་ཊིར་( Liter) ས་ཡ་ ༩༥༠༠ ཉུང་དུ་འགྲོ་ཡི་ཡོད་པ་དང་། སྒར་སའི་འཁྱགས་རོམ་ཀྱང་ལོ་རེར་ རྨིད་ ༡ ལྷག་སྲབ་ཏུ་འགྲོ་ཡི་ཡོད་པའི་རྐྱེ ན་གྱིས་སྒར་སར་གནམ་གཤིས་ཀྱི་ཚ་ ཚད་འཕར་བ་དང་། གནམ་གཤིས་འགྱུར་ལྡོག་གི་དབང་གི ས་ཡུལ་སྐོར་བ་དང་རི་འཛེགས་མཁན་ མང་པོར་རང་བྱུང་གི་གོད་ཆག་ཡོ ང་གི་ཡོད་པ་རེད།
བོད་ཀྱི་རི་བོ་ཇོ་མོ་གླང་མ་ནི་ འཛམ་གླིང་ཐོག་རི་བོ་མཐོ་ཤོས་ཤི ག་ཡིན་སྟབས། འཛམ་གླིང་གི་རི་འཛེག་མཁན་ཧ་ཅང་མང་པོ ་གནས་དེར་འཛོམས་ཀྱི་ཡོད་པ་རེད། ཇོ་མོ་གླང་མའི་རི་རྩེར་འཛེག་པར་ འགྲོ་ལམ་གཉིས་ཡོད་པ་ནི། བལ་ཡུལ་དང་བོད་ཀྱི་བྱང་ཕྱོགས་ ནས་འཛེགས་ཀྱི་ཡོད་པ་རེད། བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་སྒ ར་ས་ཆེན་མོ་ནི་རྒྱ་མཚོའི་ངོས་ ལས་ས་བབ་མཐོ་ཚད་སྨི་ ༥༣༠༠ ཙམ་གྱི་རི་ཁུག་ཏུ་གནས་ཤིང་། རྒྱ་ནག་གཞུང་གིས་འཛམ་གླིང་ས་ཕྱོ གས་གང་ས་ནས་ཡོང་བའི་རི་འཛེག་པ་ ཚོར་སྡོད་གུར་དང་ཟ་ཁང་ཚོང་ཁང་། དེ་བཞིན་སྒྲོམ་སྟེགས་སྤོ་ལོ་དང་ དགོང་ཚོགས་ཁང་སོགས་ཆེད་འཛུགས་ཀྱི ས་ཚོང་ལས་ཀྱི་ལྟེ་བ་ཞིག་ཏུ་བསྒྱུ ར་ཡོད་ལ། ཕྱི་ལོ་ ༢༠༢༠ ལོ་ཙམ་ལ་རི་འཛེག་པ་ཞིག་གིས་ཇོ་ མོ་གླང་མའི་སྒར་ས་སོགས་སུ་གད་སྙི གས་དང་ཕུང་པོས་ཁེངས་ཡོད་པའི་ཟི ན་ཐོ་བཏོན་རྗེས། ཇོ་མོ་གླང་མ་ཚོང་རྫས་ཤིག་ཏུ་བེད་ སྤྱོད་བཏང་དང་གཏོང་བཞིན་པ་ཙམ་ལས་ཁོར་ཡུག་གཙང་སྦྲ་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་སྣང་མེད་དུ་བཞག་ཡོད་པའི་གནས་ཚུལ་ཕྱིར་གྱར་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།