མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་དབུ་འཛུགས་གནང་བའི་གསལ་བསྒྲགས་བསྐྱངས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ང་བོད་པ་ཡིན། ངས་བོད་ལ་འོས་འཕེན་ཞེས་པའི་འབོད་ཚིག་འོག ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ལས་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་དང་དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ བཅས་ཉིན་བརྒྱ་དུས་གཅིག་ཏུ་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་སོང་།

ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་བསྐྱངས་པའི་གསལ་བསྒྲགས་སྤེལ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༠།༧

དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་དབུ་འཛུགས་ཞུས་པའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུ་དེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་དང་དངོས་གཞི་འོས་བསྡུ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་གནང་གཏན་ཁེལ་བའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ་དང་བསྟུན།  ཕྱི་ལོ་ ༢༠༢༥་་༢༦ ལོའི་འོས་བསྡུ་ཆེན་མོའི་སྐབས་རྒྱ་ཆེ་མང་ཚོགས་ནས་འོས་བསྡུའི་ལས་དོན་ཚགས་ཚུད་ཡོང་སླད་ཕྱ་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་བཞིན་ཡོད་པ་གསུངས་སོང་།

དེ་འབྲེལ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་དང་། ས་གནས་འོས་བསྡུ་ལས་ཁང་རྣམས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན། ཕྱི་ལོ་ ༢༠༢༥་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང༌། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོ་འདི་བཞིན་དྲང་བདེན་དང་། འདྲ་མཉམ། རང་དབང་བཅས་ཀྱི་ངང་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསལ་འདུག

དབུས་འོས་བསྡུ་ལས་ཁང་གི་སྲིད་སྤྱི་གཉིས་ཀྱི་ཕྱི་ལོ་ ༢༠༢༦ ལོའི་འོས་བསྡུ་ཆེན་མོའི་དུས་ཚེས་དང་ལས་རིམ་གཏན་འབེབས་གནང་བའི་ཁྲོད། ཕྱི་ལོ་ ༢༠༢༥་་་༥༦ གི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་དེ། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༡ དང་ཟླ་ ༤ ཚེས་ ༢༦ བཅས་ཉིན་བརྒྱ་དུས་གཅིག་ཏུ་གནང་གཏན་ཁེལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༢༥ ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ཉིན་དངོས་གཞིའི་གྲུབ་འབྲས་ཏེ། འདེམས་ཐོན་སྲིད་སྐྱོང་དང་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་ཡོངས་བསྒྲགས་བྱ་རྒྱུ་གཏན་ཁེལ་འདུག

དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས་ལྟར་ན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༧, ༡༨, ༢༠, ༢༡ བཅས་ཀྱི་ནང་གསལ་ལྟར།  ས་གནས་འོས་བསྡུའི་འགན་འཛིན་ཡོངས་ནས་འོས་འཕེན་པའི་མིང་གཞུང་སྔར་ཡོད་ཁག་གཞིར་བཟུང་གིས་དག་བཤེར་དང་། ས་གནས་སོ་སོའི་འོས་བསྡུའི་དེབ་སྐྱེལ་ཟིན་ཁག་ལ་བསྐྱར་ཞིབ་བཅོས་སྒྲིག་གིས། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༨ ནས་ཟླ་ ༡༡ ཚེས་ ༨ བར་འོས་འཕེན་པའི་མིང་གཞུང་དེབ་འགོད་ངེས་པར་དུ་མཇུག་སྒྲིལ་ཐུབ་པ་དགོས་པ་དང་།  ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༣ བར་བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོར་ལོན་རིགས་རྣམས་མིང་གཞུང་དེབ་འགོད་ཆོག་ཅིང་། ལྷག་པར་དུ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གཙང་འབུལ་ཟིན་དགོས་ལ། འོས་བསྡུའི་ཐོབ་ཐང་ལེན་པར་ས་གནས་གང་དུ་ཕེབས་ཀྱང་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་དགོས་ཀྱི་ཡོད་པའི་གལ་གནད་སོགས་གླེང་འདུག་པ་མ་ཟད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧  ནང་གསེས་ ༤ པ་ནང་གསལ་ “ སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས།་ ” ཞེས་གསལ་བ་ལྟར། ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གསལ་བསྒྲགས་ཞུ་ཕྱོགས་ཐད། སྒྲིག་སྲོལ་བཞིན་སྲིད་སྐྱོང་གི་སྔོན་འགྲོའི་འོས་ཐོབ་ཁོངས་ནས་ཨང་རིམ་རྩེ་གཏོགས་ཀྱིས་དངོས་གཞིའི་འོས་དམིགས་སུ་འོས་གཞི་གཉིས་འདོན་རྒྱུའི་ཐག་གཅོད་བྱས་འདུག

ད་དུང་བསྒྲགས་གཏམ་ནང་མང་ཚོགས་ལ་འབོད་སྐུལ་ཁག་ཅིག་ཞུས་ཡོད་པའི་ཁྲོད། དེང་གི་ཆར་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་གྲས་ཤིག་ནི། འགན་འཁུར་གང་ཡང་མེད་པའི་ཁ་པར་དང་སྤྱི་ཚོགས་དྲ་ལམ་སོགས་བེད་སྤྱོད་ལོག་གཏོང་གིས་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་གྱིས་སྤྱི་ཚོགས་འཁྲུགས་གཞི་དང་། བོད་མིའི་ཆིག་སྒྲིལ་ལ་གནོད་ཚབས་འགྲོ་ཉེན་ལ་སོང་། རྒྱ་ཆེ་མང་ཚོགས་ནས་དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མ་འཁོར་བར་དོགས་ཟོན་དང་། ཡོ་བསྲང་དོད་པོས་བྱ་ར་དམ་འཛིན་ངེས་པར་གནང་གལ་ཆེ། གསར་འགྱུར་བརྒྱུད་ལམ་ཁག་ནི་མང་གཙོའི་ཀ་བ་བཞི་པར་ངོས་འཛིན་ཞུས་པ་ལྟར་དངོས་ཡོད་གནས་ཚུལ་རྣམས་གཞི་རིམ་མང་ཚོགས་ལ་དུས་ཐོག་འཁྱོལ་ཐུབ་པའི་དམིགས་བསལ་ནུས་པ་དང་ལས་འགན་ཡོད་པ་བཞིན། ཕྱི་ལོ་ ༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་སྐབས་མང་ཚོགས་ལ་སྨན་པའི་གནས་ཚུལ་ཁྱབ་སྤེལ་རྒྱ་ཆེ་གནང་བའི་ཡིད་ཆེས་ཞུ་རྒྱུ་ཡིན།

དེ་སྔ་ཕྱི་ལོ་ ༢༠༢༠་་་༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམ་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཛ་དྲག་དཀའ་ངལ་འོག་འོས་བསྡུའི་ལས་རིམ་ཁག་ལེགས་གྲུབ་ཐུབ་པ་ནི། སྐབས་དེའི་དབུས་འོས་བསྡུའི་འགན་འཛིན་རྣམ་པས་གཙོས། འཛམ་གླིང་ཡུལ་གྲུ་ཁག་ ༢༦ ནང་ས་གནས་འོས་བསྡུའི་ལས་ཁང་ ༥༨ ནང་ས་གནས་འོས་བསྡུའི་འགན་འཛིན་རྣམ་པས་འགན་འཁུར་ཆེ་བཞེས་ཐོག ཚོགས་མི་དང་། ཟུར་དཔང་། ལས་བྱེད་བཅས་བསྡོམས་གྲངས་ ༢༠༡༤ དང༌། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་ཚོགས་ནས་ཀྱང་དཀའ་ངལ་དུ་མར་གདོང་ལེན་གྱིས་དུས་ཐོག་འོས་བསྡུའི་ལས་དོན་ཚགས་ཚུད་ངང་གྲུབ་ཐུབ་པ་དེར་འབྲེལ་ཡོད་ཚང་མར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཕྱོགས་མཚུངས་ད་ལན་ཕྱི་ལོ་ ༢༠༢༥་་༢༦ ལོའི་འོས་བསྡུ་ཆེན་མོའི་སྐབས་རྒྱ་ཆེ་མང་ཚོགས་ནས་འོས་བསྡུའི་ལས་དོན་ཚགས་ཚུད་ཡོང་སླད་ཕྱ་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་བཞིན་ཡོད། ཅེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese