མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་གཅིག་ལྷག་རིང་སྲིད་སྐྱོང་མཆོག་གིས་ཡུ་རོབ་དང་ལྷོ་བྱང་ཨ་མེ་རི་ཁའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག  

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་མཆོག་དང་། ཇོར་ཇི་ཡའི་སྲིད་འཛིན་ས་ལོ་མེ་ཛོའུ་ར་བྷི་ཆི་ཝི་ལི་མཆོག་གཉིས་གཙོས་ཡུ་རོབ་གྲོས་ཚོགས་དང་ཅེག་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་གནང་།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་དང་། ཇོར་ཇི་ཡའི་སྲིད་འཛིན་ས་ལོ་མེ་ཛོའུ་ར་བྷི་ཆི་ཝི་ལི་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་གསུམ་ཞི་བདེ་གླེང་སྟེགས་ཐེངས་ ༢༩ པའི་ཐོག་མཉམ་ཞུགས་གནང་། ༢༠༢༥།༡༠།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༠ ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རཀ་(prague) རུ། ཉིན་གུང་གསོལ་ཚིགས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་ཇི་རི་ཨོ་བྷར་ཧྥལ་ཛར་(Jiří Oberfalzer) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་ཕི་རི་མི་སིལ་རཱ་བྷ་སི་(Přemysl Rabas) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་ཅིང་།  སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་གཉིས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་སི་ནོ་སཱི་སི་(Sinopsis) ཉམས་ཞིབ་ཁང་གི་འགན་འཛིན་མར་ཊིན་ཧཱ་ལཱ (Martin Hála)ལགས་དང་། རྒྱ་ནག་ཉམས་ཞིབ་པ། གསར་འགོད་པ། དཔྱད་བརྗོད་པ་བཅས་སུ་ཐུག་འཕྲད་གནང་སྟེ། མ་འོངས་པར་རྒྱལ་སྤྱིའི་ཐོག་བོད་དོན་ཐོག་གོ་རྟོགས་ཤུགས་ཆེར་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རཀ་(prague) རུ། སྲིད་སྐྱོང་མཆོག་གིས་འཇར་མན་གྲོས་ཚོགས་འཐུས་མི་རོ་དྷི་རེ་ཁི་སི་ཝེ་ཊར་ (Roderich Kiesewetter) ལགས་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་འདི་ལོའི་བོད་ཀྱི་ཆོས་ཚོགས་ཚོགས་ཆེན་ཐེངས་ ༡༥ པའི་ཐོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡང་སྲིད་རྒྱུན་མཐུད་ཕེབས་ངེས་ཡིན་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་དགའ་ལྡན་ཕོ་བྲང་དགེ་རྩ་ཁང་ལ་ཡོད་པའི་གསལ་བསྒྲགས་བསྐྱངས་ཡོད་པའི་སྐོར་དང་། ད་ལྟའི་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནས་སྟངས་ཐོག་ནས་རྒྱ་ནག་ལ་སློབ་སྦྱོང་བྱ་དགོས་སྐོར། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་བདུན་མཉམ་འབྲེལ་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆོ་མཆོག་་གི་༧སྐུའི་ཡང་སྲིད་གནད་དོན་ཐོག་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུས་འདུག  སྐུ་ཞབས་རོ་དྷི་རེ་ཁི་སི་ཝེ་ཊར་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་པའི་གནས་སྟངས་གསལ་སྟོན་བྱས་ཡོད་པ་འགྲེལ་བརྗོད་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བརྗོད་འདུག

སྲིད་སྐྱོང་མཆོག་གིས་ཞི་བདེ་གླེང་སྟེགས་ཐེངས་ ༢༩ པའི་གསུང་བཤད་གནང་། ༢༠༢༥།༡༠།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེའི་རྗེས་སྲིད་སྐྱོང་མཆོག་གིས་སི་ལོ་ཝ་ཀི་ཡའི་ (Slovakia) སྲིད་བློན་ཟུར་པ་ (Iveta Radicova) ལགས་ལ་མཇལ་འཕྲད་གནང་ཡོད་ཅིང་།  སྐབས་དེར་ཨེ་ཝེ་ཊ་རེ་ཌི་ཁོ་ཝ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགོངས་བཞེས་གནང་བའི་སྤྱི་ཚོགས་དང་།  བསམ་བློ།  བཟང་སྤྱོད་ཀྱི་ཐོག་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། ཤེས་ཡོན་བསྟི་གནས་ཁག་གི་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་དུ་སཱིའི་ཤེས་ཡོན་སློབ་གསོ་འཇུག་འདོད་ཡོད་པའི་སྐོར་དང་། སཱིའི་ཤེས་ཡོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཀྱང་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་ཁོང་གི་དགོངས་ཚུལ་ལ་དགའ་བསུ་ཞུས་ཏེ།  སཱིའི་ཤེས་ཡོན་ཐོག་དགོས་ངེས་ཀྱི་མཐུན་རྐྱེན་མཁོ་སྤྲོད་གནང་རྒྱུ་ཡིན་འདུག

ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters Without Borders (RSF) ཀྱི་འགན་འཛིན་ཐི་བའོ་བྷུ་རུ་ཊིན་ (Thibaut Bruttin) ལགས་དང་། པི་རཀ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འགན་འཛིན་པཱ་ཝོལ་ (Pavol Szalai) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་དང་རྒྱ་ནག་ནང་གི་གསར་འགོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ཐོག་ལ་གླེང་སློང་གནང་ཡོད་པ་དང་། བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་དོ་སྣང་བྱེད་མཁན་རྣམས་རྒྱ་ནག་གཞུང་གི་འཇིགས་སྐུལ་གྱི་གནོན་ཤུགས་འོག་གནས་ཡོད་པའི་གནས་སྟངས་སྐོར།  དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་ཐོག་གསལ་སྟོན་གནང་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག།

དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་ཁང་དུ། སྲིད་སྐྱོང་མཆོག་གིས་ཅེག་གྲོས་ཚོགས་གོང་མའི་འཐུས་མི་ཇི་རི་རུ་ཛི་ཀ་ (Jiri Ruzicka) ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་པེ་རེམ་སིལ་རཱ་པཱ་སེ་ (Přemysl Rabas) ལགས། དེ་བཞིན་གྲོས་ཚོགས་ཀྱི་ལས་བྱེད་གཞན་བཅས་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ཉེ་ལམ་ལ་དྭགས་སུ་ཕེབས་བར་ཐུགས་རྗེ་ཆེ་དང་། རྒྱལ་ཁབ་ཅིག་གི་དབུ་ཁྲིད་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བར་ལ་དྭགས་སུ་ཕེབས་པ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་མིའི་འབྲེལ་ལམ་སྲ་བརྟན་དུ་བཏང་ཡོད་ཅེས་གསུངས་འདུག གྲོས་ཚོགས་འཐུས་མི་རྣམ་གཉིས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་གནང་རྒྱུ་ཡིན་པ་མ་ཟད།  སྲིད་དོན་ཐོག་འགྱུར་བ་གང་འདྲ་ཞིག་ཕྱིན་རུང་གྲོས་ཚོགས་གོང་མའི་ངོས་ནས་དམངས་གཙོ་རྒྱུན་འཛིན་བྱ་རྒྱུར་འགྱུར་བ་མེད་ཅེས་གསུངས་ཡོད་འདུག

སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༡༠།༡༤

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝ་ཁེ་ལེབ་ཧ་ཝེལ་གྱི་ཚོགས་ཁང་ (Václav Havel Hall)དུ། ཞི་བདེའི་གླེང་སྟེགས་ཐེངས་ ༢༩ པའི་ཉིན་གཉིས་པའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མཉམ་ཞུགས་གནང་ཡོད་ཅིང་།  སྐབས་དེར་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་ (Petr Pavel) མཆོག་དང་། ཇོར་ཇི་ཡའི་སྲིད་འཛིན་སཱ་ལོ་མེ་ཛོའུ་ར་བྷི་ཆི་ཝི་ལི་ (Salomé Zourabichvili) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་འདུག ཕྱི་དྲོར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་ག་དུས་དབང་བསྒྱུར་བྱ་མཚམས་འཇོག་རྒྱུ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་ཆེད་དོན་བགྲོ་གླེང་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་མཱག་ལམ་བྷཊ་ (Mark Lambert) ལགས་དང་། ཐའེ་ཝན་དམངས་གཙོ་ཚོགས་པའི་ཏ་ཁྲི་ལའོ་ (Da Chi Lao) ལགས། རྒྱ་ནག་སྐོར་གྱི་རྒྱལ་སྤྱིའི་རང་བཞིན་གྱི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པའི་ (Inter-Parliamentary Alliance on China) ཉི་ཧོང་འགན་འཛིན་ཤི་ཨོ་རི་ཡ་མའོ་ (Shiori Yamao) ལགས། ཧ་ཌི་སོན་བསྟི་གནས་ཁང་ (Hudson Institute) གི་ཉམས་ཞིབ་པ་ཇེ་མི་ཧྥེ་ལེ་ (Jamie Fly) ལགས་བཅས་མཉམ་ཞུགས་གནང་སྟེ། རྒྱ་ནག་གཞུང་གིས་དབང་ཤེད་རྒྱ་བསྐྱེད་ཀྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་སྤྲོད་བཞིན་པའི་མཇུག་འབྲས་སྐོར་ལ་གླེང་སློང་གནང་ཡོད་པ་རེད།

མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ནས་ཕྱི་ཟླ་ ༡༡ ཚེས་ ༡༤ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ། འཇར་མན། ལྷོ་བྱང་ཨ་མེ་རི་ཁ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣར་མཇལ་འཕྲད་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

༢༠༢༥/༡༢/༠༦
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།
Mobile App

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

༢༠༢༥/༡༢/༠༦
Photo Credit : Free Tibet
Mobile App

ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་ཡོད་འདུག

༢༠༢༥/༡༢/༠༦
Mobile App

རྒྱ་ནག་གཞུང་གི་མདའ་སྐད་གླིང་བསྒྱུར་གྱི་མི་རིགས་སྲིད་ཇུས་གསར་བ། 

༢༠༢༥/༡༢/༠༦
Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༠༥
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

༢༠༢༥/༡༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese