མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་གཙོས་ཁུལ་དེའི་ལྷ་སྡེ་མང་པོར་སྔོག་བཤེར་བྱས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་ཡོད་པ་རྣམས་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་སྐུ་པར་ཁུག་མ་ཆེན་པོ་བཞི་ཙམ་བཙན་འཕྲོག་བྱས་ཡོད་འདུག

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ནས་བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ཐང་ནག སྔོན་ཆགས། གླས་དྲུག བསང་ཁོག མར་སྟེང་སོགས་སུ། རྒྱ་ནག་གཞུང་དང་རྫོང་སྲིད་གཞུང་གི་བཀའ་རེད་ཟེར་ནས་བོད་རིགས་ལས་བྱེད་གསུམ་གྱིས། དགོན་པའི་གྲྭ་ཤག་དང་། ཁྱིམ་ཚང་སོགས་ཀྱི་ནང་བཙན་གྱིས་སྔོག་བཤེར་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་ནི་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་བཙན་འཕྲོག་བྱས་འདུག ཡིན་ནའང་།  ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་བཟུང་འབྲེལ་བ་བྱེད་མ་ཐུབ་པར་བརྟེན་ད་ལྟའི་གནས་སྟངས་ཐད་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག 

འདི་གའི་གསར་འགོད་པར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། རྒྱ་ནག་གཞུང་གིས་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་ནས་བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་། ཁུལ་དེའི་ཐང་ནག་དང་། སྔོན་ཆགས། གླས་དྲུག བསང་ཁོག་སོགས་ནས་བཙན་གྱིས་སྐུ་པར་ཕྲོགས་ཡོད་པ་མ་ཟད། མར་སྟེང་གཅིག་པུ་ནས་བོད་པའི་ཁྱིམ་ཚང་སོགས་ཀྱི་ནང་སྔོག་བཤེར་ནན་པོ་བྱས་ཏེ། སྐུ་པར་གྱིས་ཁུག་མ་ཆེན་པོ་གསུམ་ཁེངས་ཟིན་ཡོད་པ་མ་ཟད། ཁུག་མ་ཆེན་པོ་བཞི་པ་དེའང་ཁེངས་གྲབས་འདུག ཅེས་དང་། ཞིབ་བཤེར་བྱེད་མཁན་གསུམ་ཀ་བོད་པ་ཡིན་པ་མ་ཟད། ཁྱིམ་ཚང་ཁག་ཅིག་གིས་སྐུ་པར་སྔོན་ཚོད་ནས་སྦས་སྐུང་བྱས་ཐུབ་ཡོད་པས། དེ་དག་ལ་ལས་བྱེད་གསུམ་པོས་ཁྱེད་ཚོ་དཔེ་ཡག་པོ་རེད་ཅེས་བཤད་ནས་བསྔགས་བརྗོད་ཀྱང་བྱས་སོང་། ཞེས་བརྗོད་བྱུང་། 

ཡང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། ད་ལན་རྒྱ་ནག་གཞུང་གིས་གོང་རིམ་གྱི་བཀའ་རེད་ཟེར་ནས་ཡུལ་དགོན་དེ་དག་ནས་སྐུ་པར་མང་པོ་བཙན་འཕྲོག་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༡༩ བར་ཉིན་གྲངས་བཞིའི་རིང་མི་མང་ལ་གཅར་རྡུང་དང་འཛིན་བཟུང་བཙན་འཁྲིད་བྱས་པའི་གནས་ཚུལ་བྱུང་མེད་ནའང་། ཁག་ཅིག་གིས་གློ་བུར་དུ་ཁྱིམ་དུ་སྔོག་བཤེར་བྱེད་སྐབས་ཞེད་སྣང་སྐྱེས་ནས་མི་འདོད་བཞིན་དུ་སྐུ་པར་སྤྲད་དགོས་བྱུང་འདུག ཅེས་བརྗོད་བྱུང་། 

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་དམ་དྲག་ཆེན་པོ་བྱས་ཏེ་བོད་མི་མང་པོར་ཉེས་མིང་སྣ་ཚོགས་གཡོགས་ནས་གཅར་རྡུང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོའི་བོད་མིའི་ཁྱིམ་ཚང་རེ་རེར་སྔོག་བཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་རྣམས་བཙན་གྱིས་མར་ལེན་དུ་བཅུག་སྟེ། དེའི་ཚབ་ཏུ་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་པར་བཀལ་བ་མ་ཟད། བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་བྱེད་པའི་དོན་ཚན་ ༥ ཅན་གྱི་ཁས་ལེན་ཡི་གེ་ཞིག་ལ་མིང་རྟགས་ཀྱང་འགོད་བཅུག་ཡོད་པ་དང་། ཁས་ལེན་ཡི་གེ་དེའི་ནང་དུ། ཏང་གི་བཀའ་དྲིན་ཚོར་བ་དང་མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་སྲུང་བའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། རང་ཁྱིམ་དུ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་བྲིས་བཞག་མི་ཆོག་པ་དང་། རང་ཉིད་ཀྱི་གཉེན་ཉེ་ཁྱིམ་ཚང་ལ་བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་བཞག་མི་ཆོག་པའི་སྐུལ་སློང་བྱེད་དགོས་པ། བཀག་སྡོམ་ལས་འགལ་བའི་ཏཱ་ལའི་སྐུ་པར་སྒེར་ཉར་དང་། བརྒྱུད་སྤྲོད། པར་འགྲེམ་བཅས་བྱེད་མི་ཆོག དེ་བཞིན་དྲ་ཐོག་ནས་ཏཱ་ལའི་སྐུ་པར་དང་རི་མོ། དེ་བཞིན་ཁྲིམས་འགལ་གྱི་གཏམ་བརྗོད། རྩོམ་སྒྲིག་དང་བརྒྱུད་སྤེལ་བྱ་རྒྱུ་གཏན་འགོག་བྱེད་དགོས་པ། རང་ཉིད་ཆབ་སྲིད་ཀྱི་ལམ་ལ་ཕྱོགས་ནས་ཏང་ལ་མིག་དཔེ་བལྟས་ཏེ་ཏང་གི་རྗེས་སུ་འབྲང། ཁྲིམས་འགལ་གྱི་རིགས་དབྱེ་བར་འཐབ་རྩོད་བྱས་ནས་དྲང་བདེན་གྱི་ལམ་ལ་བསྒྱུར་དགོས། ཞེས་གསལ་ཡོད་པ་མ་ཟད།  གལ་ཏེ་བོད་མི་སུ་རུང་དོན་ཚན་དེ་དག་དང་འགལ་ཚེ། རྒྱལ་ཁབ་ཀྱི་འཚོ་བའི་རོགས་དངུལ་ཡོངས་རྫོགས་དང་རོགས་སྐྱོར་གཅིག་ཀྱང་མེད་པ་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༣ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༨ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese