མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཐད་བྱས་རྗེས་ཆེ་བའི་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་འབུམ་རམས་པ་ལྕམ་སོ་ཧྥི་རི་ཆར་ཌི་སོན་ལགས་རྣམ་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་གངས་སེང་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་ཐོབ།

Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཡུ་རོབ་འཇར་མན་རྒྱལ་ཁབ་ཀྱི་བྷར་ལིན་ (Berlin) གྲོང་ཁྱེར་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་འབུམ་རམས་པ་ལྕམ་སོ་ཧྥི་རི་ཆར་ཌི་སོན་ (Dr. Sophie Richardson) ལགས་རྣམ་གཉིས་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་ཕུལ་འདུག

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མའེ་ཁལ་ (Mr. Michael Brand) ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཆར་ཌི་གྷེར་ (Richard Gere) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས། བྲག་གཡབ་སྐྱབས་མགོན་རིན་པོ་ཆེ། སྤྲུལ་སྐུ་ཐོས་བསམ་རིན་པོ་ཆེ། ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི། ཡུལ་དེར་གནས་སྡོད་བོད་མི། དེ་བཞིན་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་བཅས་མཉམ་ཞུགས་གནང་ཡོད་འདུག

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གསར་འཛུགས་གནང་སྟེ། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་དང་སྨོན་ལམ་མིས་བཟོས་རིག་ནུས་སོགས་ལོ་མང་པོའི་རིང་འཕྲུལ་རིག་དང་འབྲེལ་བའི་ཕྱག་ལས་འབུར་དུ་ཐོན་པ་གནང་བ་དང་། དམིགས་བསལ་གྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཆེད་ལས་གཞི་སྣ་ཚོགས་བརྩམས་དང་རྩོམ་བཞིན་པར་ཆེ་བསྟོད་ངོས་འཛིན་དུ་ཕུལ་བ་ཞིག་ཡིན་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཚན་པའི་འགན་འཛིན་ཟུར་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་མཉམ་འབྲེལ་འགན་འཛིན་འབུམ་རམས་པ་ལྕམ་སོ་ཧྥི་ལགས་ཀྱིས་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་གསལ་སྟོན་དང་ཞུ་གཏུག་བྱས་པར་ཆེ་བསྟོད་དུ་གཟེངས་རྟགས་དེ་ཕུལ་བ་ཞིག་ཡིན་འདུག ཁོང་མོ་ནི་ཤར་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་བྱེད་མཁན་གཙོ་བོ་ཞིག་ཡིན་པ་རེད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་དེ་བོད་དང་ཤར་ཊུར་ཀི་སི་ཐན། རྒྱ་ནག ལྷོ་སོག ཧོང་ཀོང་། ཐའེ་ཝན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་གྱུར་བའི་སྤྱི་ཚོགས་དང་། ཆབ་སྲིད། རིག་གཞུང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་ཐད་སྐུ་ལས་བསྐྱོན་མཁན་གྱི་ཚོགས་སྒེར་ཁག་གི་ཆོད་སེམས་ལ་ཡི་རངས་བསྔགས་བརྗོད་ཞུ་བའི་ཆེད་དུ་འབུལ་སྲོལ་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཨ་རིར་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ལྟེ་གནས་ཁང་ (Tibet Action Institute) གི་ངེས་སྟོན་པ་བཀྲས་མཐོང་ལྷ་སྒྲོན་ལགས་དང་། ཧོང་ཀོང་རང་དབང་མཐུན་ཚོགས་ (Freedom for Hong Kong) གཉིས་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་ཐོབ་ཡོད་པ་རེད། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༥ ཉིན་མི་རྒྱུད་རིག་པ་བ་དང་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་འབུམ་རམས་པ་ཨེ་ཌེ་རི་ཨན་ (Adrian Zenz) ལགས་དང་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པ་གཉིས་ལ་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་ཐོབ་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

༢༠༢༥ ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་བཅུ།

ཆུ་ཚོད་ ༧ སྔོན་ལ།
རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།
Mobile App

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།

༢༠༢༥/༡༢/༣༠
Batang County
Mobile App

འབའ་ཐང་རྫོང་ཁོངས་སུ་རི་ཉིལ་བ་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་།

༢༠༢༥/༡༢/༣༠
Mobile App

བོད་མི་སྲི་ཞུ་བ་ཞིག་གི་གྲོགས་འཕྲིན།

༢༠༢༥/༡༢/༣༠
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

༢༠༢༥/༡༢/༢༩
༸རྒྱལ་དབང་ཀརྨ་པ་མཆོག་གིས་ཤེས་རབ་སྐོར་གསུང་བཤད་གནང་བཞིན་པ། ༢༠༢༥།༡༢།༢༩ ཐད་གཏོང་ནས་པར་བླངས།
Mobile App

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ འཚོག་བཞིན་པ།

༢༠༢༥/༡༢/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese