མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གིས་རྒྱ་གར་ལྷོ་ཕྱོགས་དང་། བྱང་ཤར་ཁུལ། བྱང་ཕྱོགས་ཁུལ་བཅས་སུ་ཕྱི་ལོ་ ༢༠༢༥་་༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐོར་ལ་གོ་རྟོགས་སྤེལ་བཞིན་འདུག

འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་དུ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།

བཙན་བྱོལ་བོད་མིའི་ཕྱི་ལོ་ ༢༠༢༥་་་༢༦ ལོའི་འོས་བསྡུ་ཆེན་མོའི་ལས་རིམ་ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་དངོས་སུ་མགོ་འཛུགས་གནང་བའི་གསལ་བསྒྲགས་གནང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༨ ནས་ཕྱི་ཟླ་ ༡༡ ཚེས་ ༨ བར་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟིན་པ་གནང་རྒྱུ་དང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༣ བར་བོད་མི་རང་ལོ་ ༡༨ ཧྲིལ་པོར་ལོན་པ་ཚོས་མིང་གཞུང་དེབ་འགོད་ཟིན་རྗེས། ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༢ ཚེས་ ༡ ཉིན་སྔོན་འགྲོ་དང་། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་འཕེན་རྒྱུ་ཡིན་སྟབས། དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་གོ་རྟོགས་སྤེལ་ཆེད་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་། འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས། འགན་འཛིན་ལས་འཕར་སྣང་ས་ཆོས་སྒྲོན་ལགས་བཅས་རྒྱ་གར་ལྷོ་ཕྱོགས་ཁུལ་དང་། རྒྱ་གར་བྱང་ཤར་ཁུལ། རྒྱ་གར་བྱང་ཕྱོགས་ཁུལ་བཅས་སུ་ས་གནས་ཆ་བགོས་ཀྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག་ལ། མུ་མཐུད་ནས་བཙན་བྱོལ་བོད་མིའི་གནས་ཡུལ་ཕྱི་རྒྱལ་ཁག་ཏུའང་གཞུང་འབྲེལ་སྐོར་སྐྱོད་གནང་སྟེ་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་གནང་འཆར་ཡོད་འདུག

སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༢ བར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། ལུགས་ཟུང་བསམ་གྲུབ་གླིང་། ཧོན་སུར་རབ་རྒྱས་གླིང། སེར་བྱེས་མཁས་སྙན་གྲྭ་ཚང་དང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་། སྨད་རྒྱུད་གྲྭ་ཚང་། རྫོང་དཀར་ཆོས་སྡེ་གྲྭ་ཚང་། དེ་བཞིན་མོན་གྷོ་གཞིས་ཆགས། ཀོ་ལི་གྷལ་དོན་ལྡན་གླིང་བཅས་ལ་བཙན་བྱོལ་བོད་མིའི་ལས་འགན་དང་། ཕྱི་ལོ་ ༢༠༢༥་་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་འོས་བསྡུའི་སྒྲིག་གཞི་དང༌། ལས་རིམ། རྩ་འཛིན་ལམ་སྟོན་ཁག་ངོ་སྤྲོད་ཀྱིས་མང་ཚོགས་ལ་གོ་རྟོགས་གཏམ་བཤད་དང་དྲི་བར་ལན་འདེབས་གནང་འདུག

འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་བྱང་ཤར་ཁུལ་དུ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༦ བར་རྒྱ་གར་ལྷོ་ཕྱོགས་མེ་སོར་ཁྱབ་ཁོངས་སུ་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་གྲངས་ ༥༠ ཙམ་དང་། སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་གྲངས་ ༡༥༠ དང་ཁྱབ་ཁོངས་མི་མང་། དེ་བཞིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བཅས་སུ་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་དང་དྲི་བར་ལན་འདེབས་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༧ བར་རྒྱ་གར་བྱང་ཤར་ཁུལ་གྱི་ཀ་སྦུག་དང་། བསུ་ན་མདའ་བཀྲ་ཤིས་གླིང་། རྡོ་རྗེ་གླིང་། སྒང་ཏོག། ར་ཝང་ལ་ཀུན་ཕན་གླིང་བཅས་བོད་མིའི་གཞིས་ཆགས་ཁག་ཏུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་དམངས་གཙོའི་ལམ་ནས་མི་མང་གིས་འོས་འཕེན་པའི་ལས་འགན་དང་རང་དབང་སྐོར་ངོ་སྤྲོད་དང་། མི་མང་གིས་འོས་བསྡུའི་ནང་མཉམ་ཞུགས་བྱེད་དགོས་པའི་གལ་གནད་དང་། འོས་བསྡུའི་བརྒྱུད་རིམ་ཁྲོད་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱ་དགོས་སྐོར་གཏམ་བཤད་གནང་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༡༩ བར་ཤིས་ལོང་དང་། མེའོ་ཆོས་འཕེལ་གླིང། ཏི་ཛུ་དར་རྒྱས་གླིང་བཅས་སུ་ས་གནས་མི་མང་ལ་འོས་བསྡུའི་སྒྲིག་གཞི་དང་། ལས་རིམ། དེ་བཞིན་རྩ་འཛིན་ཁག་ངོ་སྤྲོད་གནང་བ་མ་ཟད། ས་གནས་འོས་བསྡུའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་སྟེ་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་འདུག

དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་སྣང་ས་ཆོས་སྒྲོན་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༢ བར་སིམ་ལ་དང་། ཌོ་ལན་ཇི་བོན་གཞིས། ཀུམ་རའོ། ས་ཊོན། སྤུ་རུ་ཝ་ལ། སྤོན་ཊ། སེ་ལ་ཀུའི་བོད་ཁྱིམ། གླིང་ཚང་། དོན་གྲུབ་གླིང་། ཚེ་རིང་དོན་ལྡན། བདེ་སྐྱིད་གླིང་། རཱ་ཇི་སྤུར་བུད་མེད་མཉམ་ལས་བཟོ་གྲྭ་བཅས་སུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་སྣང་ས་ཆོས་སྒྲོན་ལགས་ཀྱིས་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་། འོས་བསྡུ་ཆེན་མོའི་ནང་བོད་མི་ཆ་ཤས་གང་མང་ལེན་དགོས་པའི་གལ་གནད་དང་། འོས་བསྡུའི་སྒྲིག་གཞིའི་དགོངས་དོན། འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་ཕྱོགས། འོས་འཕེན་སྟངས་དང་གསང་རྒྱ། འོས་ཤོག་གྲངས་བཤེར་སྐབས་འོས་རྩིས་མེད་དུ་གཏོང་ཕྱོགས། འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese