མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུ་ཤུ་ཁ་པར་གྱི་མཉེན་མཛོད་ལས་མཚན་མཐུན་དགའ་རོགས་སྒྲིག་སའི་མཉེན་ཆས་གཉིས་ཕྱིར་འཐེན་བྱས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཀུ་ཤུ་ཚོང་གཉེར་ཁང་གིས་རྒྱ་ནག་ཏུ་བཀོལ་མུས་ཡིན་པའི་ཀུ་ཤུའི་མཉེན་མཛོད་ལས་མཚན་མཐུན་དགའ་རོགས་སྒྲིག་སའི་མཉེན་ཆས་གཉིས་ཕྱིར་འཐེན་བྱ་དགོས་ཁེལ་འདུག

A Chinese resident uses the gay dating app Blued on his smartphone in Shanghai, China. (Alamy)

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཀུ་ཤུ་རྟགས་ཅན་གྱི་ཚོང་གཉེར་ཁང་གིས། རྒྱ་ནག་གཞུང་གི་ཁྲིམས་སྒྲིག་བརྩི་སྲུང་བྱེད་མུས་ཡིན་ལུགས་བཤད་ནས། བྷུ་ལུ་ཌི་( Blued) དང་ཧྥན་ཁ་( Finca ) ཞེས་པའི་མཚན་མཐུན་དགའ་རོགས་སྒྲིག་སའི་མཉེན་ཆས་གཉིས། རྒྱ་ནག་ཏུ་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ཕབ་ལེན་གྱི་མཛོད་ལས་བླངས་ཡོད་སྟབས། རྒྱལ་སྤྱིའི་མཚན་མཐུན་དགའ་རོགས་ཀྱི་ཨེལ་ཇི་བྷི་ཊི་ ( LGBT) ཚོགས་སྡེ་ཁག་གིས། ཀུ་ཤུ་རྟགས་ཅན་ཚོང་གཉེར་ཁང་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་འཇོག་བྱས་མེད་སྐོར་གྱི་སྐྱོན་བརྗོད་བྱེད་མུས་ཡིན་འདུག

ཀུ་ཤུ་ཚོང་གཉེར་ཁང་གི་མགྲིན་ཚབ་པས། ང་ཚོས་ལས་དོན་སྤེལ་སའི་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་ཀྱི་ཡོད། རྒྱ་ནག་གི་དྲ་རྒྱའི་བདག་སྐྱོང་ལས་ཁུངས་ཀྱི་བཀའ་རྒྱ་ཞིག་གཞིར་བཟུང་ནས་ང་ཚོས་མཉེན་ཆས་འདི་གཉིས་རྒྱ་ནག་གི་ཁྲོམ་ར་ནས་ཕྱིར་འཐེན་བྱས་པ་ཡིན། ཞེས་བརྗོད་འདུག

ཀུ་ཤུ་ཚོང་གཉེར་ཁང་གིས། རྒྱ་ནག་རྒྱལ་ཁབ་ཀྱི་དམ་དྲག་ཆེ་བའི་དྲ་རྒྱའི་ཁྲིམས་ལུགས་དང་མཐུན་པའི་ལོགས་སུ་བཀོལ་སྤྱོད་བྱ་ཐུབ་པའི་མཉེན་མཛོད་( App Store ) ཞིག་བཟོས་ཡོད། རྒྱ་ནག་ནང་དུ་ཨིན་སི་ཊ་གྷ་རམ་(Instagram)དང་ཝ་ཊ་སི་ཨེབ་ (Whatsapp) ལྟ་བུའི་དར་ཁྱབ་ཆེ་བའི་མཉེན་ཆས་རྣམས་བཀོལ་མི་ཐུབ་ལ། རྒྱ་ནག་ནང་གི་ཨན་ཌོ་རོའི་ (Android) ཡོ་བྱད་བེད་སྤྱོད་བྱེད་མཁན་ཚོས་ས་གནས་དང་བསྟུན་པའི་ཨན་ཌོ་རོའི་མ་ལག་བེད་སྤྱོད་བྱེད་ཀྱི་ཡོད་པ་ལས།  གྷུ་གྷལ་གྱི་མཉེན་མཛོད་(Google Play Store) ཀྱང་རྒྱ་ནག་ནང་དུ་བཀག་འགོག་བྱས་ཡོད།

ཕྱི་ལོ་ ༢༠༢༢ ལོར་ཨ་རིར་གནས་སྡོད་མཚན་མཐུན་དགའ་རོགས་རྣམས་ཀྱི་དྲ་རྒྱ་གྲགས་ཅན་གྲིན་ཌར་(Grindr) ཞེས་པ་དེ་རྒྱ་ནག་གི་ཀུ་ཤུའི་མཉེན་མཛོད་ལས་ཕྱིར་འཐེན་བྱས་ཏེ། རྒྱ་ནག་གི་དྲ་རྒྱའི་བདག་སྐྱོང་ལས་ཁུངས་ཀྱིས་ནང་དོན་ཁྲིམས་འགལ་ཡིན་པས་འོས་འཚམ་མིན་ལུགས་བརྗོད་ནས་དམ་དྲག་བྱེད་མགོ་བཙུགས་རྗེས།  ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ཀུ་ཤུ་དང་ཨེན་ཌོ་རོ་མ་ལག་གི་མཉེན་ཆས་ཚང་མར་ཆོག་མཆན་ཐོ་འགོད་བྱ་དགོས་པའི་སྒྲིག་གཞི་གསར་པ་གསལ་བསྒྲགས་ཏེ། ཕྱི་རྒྱལ་གྱི་མཉེན་ཆས་མང་པོ་མཉེན་མཛོད་ནས་ཕྱིར་འཐེན་བྱས་ཡོད།

ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གཞུང་གིས་མཚན་མཐུན་དགའ་རོགས་འབྲེལ་འདྲིས་བྱེད་སའི་ (Zank) ཟེར་བའི་མཉེན་ཆས་དེའི་ནང་། འཆལ་སྤྱོད་ཀྱི་རྣམ་འགྱུར་དང་འབྲེལ་བའི་གནད་དོན་ཡོད་པའི་སྐྱོན་བརྗོད་བྱས་ཏེ་མཉེན་ཆས་དེ་བཀག་སྡོམ་བྱས་ཡོད་པ་དང་།  ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་གཞུང་གིས་དྲ་ཐོག་གི་དཀྲོག་གཏམ་དང་ཆགས་སྤྱོད་ཀྱི་རིགས། རྨོངས་དད་ལ་སོགས་པར་སྟངས་འཛིན་བྱེད་ཀྱི་ཡོད་ལུགས་བརྗོད་ནས། ཆེད་དུ་ཨེལ་ཇི་བྷི་ཊིའི་སྤྱི་ཚོགས་དང་འབྲེལ་བའི་དྲ་ཐོག་གི་མཉེན་ཆས་དང་བྱེད་སྒོ་ཡོངས་སྒོ་རྒྱག་གི་ཡོད་པ་མ་ཟད། རྒྱ་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་ཚོང་ལས་དང་ཁྲིམས་ཀྱི་ཁོར་ཡུག་སོགས་མེད་པར་བཟོས་ཏེ་ཨེལ་ཇི་བྷི་ཊི་སྤྱི་ཚོགས་ལ་དཀའ་ངལ་ལྷག་མ་འཕྲད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༡༩༩༧ ལོར་རྒྱ་ནག་གཞུང་གིས་མཚན་མཐུན་འཁྲིག་སྦྱོད་ནི་ཁྲིམས་འགལ་མིན་པར་ངོས་འཛིན་བྱས་ཡོད་ཅིང་། རྒྱལ་ཚོགས་ཀྱི་ལྷན་ཚོགས་སྐབས་རིམ་པར་རྒྱ་ནག་གཞུང་གིས་མཚན་མཐུན་དང་མ་ནིང་མ་ལོག་གི་ཐོབ་ཐང་ལ་རྒྱལ་སྐྱོར་བྱས་དང་བྱེད་མུས་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟ་ད་དུང་རྒྱ་ནག་ནང་མཚན་མཐུན་གཉེན་སྒྲིག་དང་མཚན་མཐུན་གྱི་སྤྱི་ཚོགས་ལ་ཁྲིམས་ཐོག་ནས་རྒྱབ་སྐྱོར་དང་ངོས་འཛིན་ཐོབ་མེད་པར་བརྟེན། ཁོ་ཚོར་ད་དུང་རང་དབང་ངང་རང་ཉིད་ཀྱི་བཟའ་ཟླ་འཚོལ་བའམ་མཚན་མཐུན་འཁྲིག་སྤྱོད་བྱེད་པའི་ཐོབ་ཐང་མེད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese