མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༥༣༦ ཡས་མས་ལ་བཞེངས་བའི་མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་ནག་ཅང་སུའུ་ཞིང་ཆེན་ཀྲང་ཅཱ་ཀང་གི་ཡོང་ཆིང་ནང་པའི་ལྷ་ཁང་ཞིག་ལ་མེ་སྐྱོན་ཆེན་པོ་བྱུང་འདུག

1,500-year-old Buddhist Yongqing Temple in China hit by massive fire on 12th November 2025.

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་འབྲི་ཆུའི་འགྲམ་རྒྱུད་དུ་ཆགས་པའི་རྒྱ་ནག་ཅང་སུའུ་ཞིང་ཆེན་ཀྲང་ཅཱ་ཀང་( Zhang jiagang) དུ་ཡོད་པའི་ཡོང་ཆིང་ཞེས་པའི་ནང་པའི་ལྷ་ཁང་རྙིང་པ་ཞིག་ལ་མེ་ཤོར་ཏེ་ཕྱི་ནང་གི་རྟེན་དང་བརྟེན་པར་འཚིག་སྐྱོན་ཆེན་པོ་བྱུང་ཡོད་འདུག་ལ། ས་གནས་གཞུང་ཕྱོགས་ནས་སྔར་གྱི་བཟོ་བཀོད་ལྟར་ལྷ་ཁང་ཉམས་གསོ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ས་གནས་གཞུང་ཕྱོགས་ཀྱིས་མེ་སྐྱོན་དེ་ནི་ལྷ་ཁང་ཞིག་ལ་ཉམས་གསོ་བྱེད་སྐབས་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་སྐོར་བཤད་འདུག་ལ། མེ་གསོད་རུ་ཁག་དང་ཛ་དྲག་མྱུར་སྐྱོབ་རུ་ཁག་གིས་གནས་ཚུལ་འབྱོར་མ་ཐག་ཡུལ་དངོས་སུ་ཕྱིན་ཏེ་མེ་བསད་དེ་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག ཆེད་མཁས་པ་ཁག་ཅིག་གིས། གློག་སྐུད་སྐྱོན་ཅན་དང་། སྤོས་བེད་སྤྱོད་བྱས་པ། ལྷ་ཁང་གི་བཟོ་བཀོད་ཀྱི་ཞན་ཆ་སོགས་ཀྱིས་མེ་སྐྱོན་བྱུང་བ་ཡིན་སྐོར་བཤད་ཡོད་འདུག

གནའ་བོའི་ཤིང་གི་སྒྱུ་རྩལ་གྱི་མཛེས་ཉམས་ལྡན་པའི་ལྷ་ཁང་དེའི་ཐོག་རྩེག་ཚང་མ་འཚིགས་ཡོད་པ་མ་ཟད། རིན་ཐང་གཞལ་དུ་མེད་པའི་རིག་དངོས་ཁག་ཅིག་ཀྱང་མེས་འཚིགས་ཡོད་སྟབས། སྤྱི་ཚོགས་དྲ་ལམ་དུ་མི་མང་པོས་བརྙན་ཐུང་དང་པར་རིས་བཀྲམ་སྟེ་བློ་ཕམ་ཆེན་པོ་བྱེད་བཞིན་འདུག

ལྷ་ཁང་དེར་དུས་རབས་མང་པོར་ཉམས་གསོ་བྱས་ཡོད་ཀྱང་ནང་པའི་ཤུལ་བཞག་རིག་དངོས་རྩ་ཆེན་མང་པོ་ཉར་ཚགས་བྱས་ཡོད་འདུག་ལ། ལྷ་ཁང་དེའི་དམིགས་བསལ་གྱི་ཁྱད་ཆོས་ནི། གདོད་མའི་དུས་ཀྱི་རང་བྱུང་གི་རྡོ་རྩིག་ཅིག་དང་། མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་ཤུག་སྡོང་དང་། དེང་རབས་ཀྱི་ནང་པའི་རིག་གཞུང་སྐྱེད་ཚལ་ནང་བྱང་ཆུབ་སེམས་དཔའི་སྐུ་བརྙན་ཆེན་པོ་ཞིག དེ་བཞིན་དགྲ་བཅོམ་པ་ལྔ་བརྒྱ་ལྷག་གི་སྐུ་འདྲ་བཞུགས་སའི་ལྷ་ཁང་སོགས་ཡོད་སྟབས། དུས་རབས་མང་པོར་འཛམ་གླིང་གི་ཡུལ་སྐོར་བའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་འདུག

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ལྷ་ཁང་དེ་ནི། ཀྲང་ཅཱ་ཀང་གི་ཕིན་ཧོང་རི་བོའི་(Fenghuang Mountain ) འདབས་རོལ་དུ་ཆགས་ཡོད་ཅིང་། ས་ཁུལ་དེའི་ནང་པའི་ལྷ་ཁང་རྙིང་ཤོས་གྲས་ཀྱི་གཅིག་ཡིན་འདུག ལོ་རྒྱུས་ཀྱི་ཡིག་ཚགས་ལྟར་ན། དགོན་པ་འདི་ཐོག་མར་ལྷོ་ལིང་རྒྱལ་རབས་(Southern Liang Dynasty) ཀྱི་གོང་མ་ཏ་ཐོང་(Datong) གི་དུས་སྐབས་ཏེ། ཕྱི་ལོ་ ༥༣༦ ཙམ་ལ་བཞེངས་ཡོད་པ་དང་། ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཏུ་མུ་(Du Mu) ཡིས་བྲིས་པའི་སྙན་ངག་གྲགས་ཅན་ཞིག་ཏུ་སྔོན་ཆད་ལྷ་ཁང་དེ། ལྷོ་རྒྱལ་རབས་( Southern Dynasties) ཀྱི་ལྷ་ཁང་ ༤༨༠ ཡི་གྲས་སུ་ཚུད་ཡོད་སྐོར་གསལ་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

ཆུ་ཚོད་ ༢ སྔོན་ལ།
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

ཆུ་ཚོད་ ༣ སྔོན་ལ།
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་གལ་ཆེ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༧ སྔོན་ལ།
རྒྱ་གར་དང་འབྲུག་བཅས་ནས་ཕེབས་པའི་བོད་ས་གནས་མགོ་འཛིན་ ༣༥ དང་། སོ་ནམ་སློབ་སྟོན་པ་སོགས་ནས་༧གོང་ས་མཆོག་གི་མདུན་དུ་རྒྱལ་གླུ་ཕུལ། ༢༠༢༥།༡༡།༡༣ དགའ་ལྡན་ཕོ་བྲང་གི་པར།
༸གོང་ས་མཆོག གསར་འགྱུར།

ས་གནས་གཞིས་མགོ་དང་སོ་ནམ་སློབ་སྟོན་པ་རྣམ་པར་བཀའ་སློབ་བསྩལ།

༢༠༢༥/༡༡/༡༣
Mobile App

གོ་ལའི་གནམ་གཤིས་ཀྱི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས།

༢༠༢༥/༡༡/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese