མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆ་ཌི་གྷེར་ལགས་བོད་དོན་ཞུ་གཏུག་གི་ཉིན་མོ་དང་བསྟུན་ཁེ་ན་ཌའི་ཨོ་ཊ་ཝ་གྲོས་ཚོགས་ནང་ཉན་ཞིབ་ལ་ཕེབས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་བོད་དོན་གླེང་སློང་གནང་འདུག

Richard Gere en la fiesta de cumpleaños del Dalai LamaHARISH TYAGIAgencia EFE

ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་མཆོག་སྐུ་ཞབས་རི་ཆ་ཌི་གྷེར་(Richard Gere) ལགས་བོད་དོན་ཞུ་གཏུག་གི་ཉིན་མོ་དང་བསྟུན། ཁེ་ན་ཌའི་ཨོ་ཊ་ཝ་གྲོས་ཚོགས་ནང་ཉན་ཞིབ་ལ་ཕེབས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་མུས་ཡིན་པའི་གནད་དོན་སོགས་ཀྱི་ཐད་ཁེ་ན་ཌ་གྲོས་ཚོགས་ཀྱིས་གླེང་སློང་དགོས་སྐོར་སོགས་གསུངས་འདུག

བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་གྷེ་རེ་མཆོག་གིས། གལ་ཏེ་ཁྱེད་ཀྱིས་འཛམ་གླིང་ཡོངས་སུ་རྒྱ་ནག་གིས་བཟོས་པའི་གྲོས་མཐུན་དག་ལ་བལྟས་ན། དེ་དག་སུ་ལའང་ལེགས་པོ་བྱུང་མེད། དེར་བརྟེན། ངས་བལྟས་ན་ང་ཚོས་གྲོས་མཐུན་དེ་དག་ལ་དོགས་པ་ཆེན་པོ་བྱེད་ཐུབ། ང་རང་ཨ་རི་དང་ཁེ་ན་ཌའི་འབྲེལ་བར་སེམས་ཁྲལ་ཆེ་བ་ཡོད། ད་ལྟ་ཅུང་ཙམ་དཀའ་ངལ་ཡོད་ཀྱང་། ངས་འཛིན་སྐྱོང་འདི་རྟག་ཏུ་གནས་མི་སྲིད་པ་དྲན་གྱི་ཡོད། ཅེས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་དང་བོད་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་བྱེད་པ་ཚུད་པའི་བོད་ནང་གི་དངོས་ཡོད་ཀྱི་གནས་བབ་རྒྱུས་ལོན་བྱ་དགོས་སྐོར་སོགས་གསུངས་ཡོད་འདུག

ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་ (James Maloney) མཆོག་གིས་གྲོས་ཚོགས་ཀྱི་དྲི་བ་དྲི་ལན་གྱི་དུས་སྐབས་ཤིག་ལ།  བཀུར་འོས་སྐུ་ཞབས་ཚོགས་གཙོ། ལོ་འདིར་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་སྔའི་སྲིད་བློན་ལེ་སི་ཊར་པར་སོན་(Lester Pearson) ལ་ཞུ་སྐུལ་གནང་བ་ལྟར། ཕྱི་ལོ་ ༡༩༧༠ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་བོད་མི་སྐྱབས་བཅོལ་བ་རྣམས་ཁེ་ན་ཌར་འབྱོར་ཏེ་ལོ་ངོ་ ༥༥ ལྷག་ཙམ་འགྲོ་བཞིན་ཡོད། དེ་ནས་བཟུང་བོད་མི་ཁེ་ན་ཌ་བ་ཚོས་ཁེ་ན་ཌའི་དཔལ་འབྱོར་དང་། སྤྱི་ཚོགས། རྒྱལ་ཁབ་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཡང་ཁོང་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཤུགས་རྐྱེན་ནི་རྒྱ་ཆེ་བ་དང་། ཁོང་གི་ཞི་བདེ་དང་། འཚེ་མེད་ཞི་བ། མཐུན་སྒྲིལ་དང་བདེ་སྐྱིད་འཚོལ་བའི་བཀའ་སློབ་ཀྱིས་འཛམ་གླིང་འདི་ཡག་ཏུ་གཏོང་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དག་གིས། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་སྟོང་ཕྲག་མང་པོ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ས་བཙན་བཟུང་བྱས་རྗེས་བཙན་བྱོལ་དུ་འགྲོ་དགོས་བྱུང་བ་རྗོད་ཀྱི་ཡོད། ངས་དེ་རིང་གྲོས་ཚོགས་ར་བའི་ནང་བོད་དོན་ཞུ་གཏུག་ཉིན་མོ་སྲུང་བརྩི་བྱེད་པར་ཡོང་མཁན་རྣམས་ལ་དགའ་བསུ་ཞུས་པ་དང་། དེ་ནི་བོད་མིའི་ཐོབ་ཐང་དང་རང་དབང་ཆེད་དུ་རྒྱབ་སྐྱོར་བྱེད་པའི་ལོ་འཁོར་གྱི་བྱེད་སྒོ་ཞིག་རེད། ཅེས་གསུངས་འདུག

ཕྱི་ལོ་ ༢༠༢༢ ལོར་ཁེ་ན་ཌ་སྲིད་གཞུང་གིས་བོད་རྒྱ་ཞི་མོལ་དང་བོད་ནང་གི་གནས་བབ་ཐད་ཀྱི་ཡིག་ཆ་ཨང་ ༠༠༠༥༠ ཅན་ཞིག་སྤེལ་བའི་ཁྲོད། ཁེ་ན་ཌས་བོད་ནི་རྒྱ་ནག་གི་ནང་དུ་རིག་གཞུང་གི་ངོ་བོ་ཐུན་མོང་མ་ཡིན་པ་ལྡན་པའི་ས་ཁུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཤུགས་རྐྱེན་ཐེབས་པའི་ཐད་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེའི་ནང་དུ་རང་དབང་གི་བསམ་བློ་དང་ཆོས་དད་རང་དབང་ལ་བཀག་སྡོམ་བྱེད་པ་དང་། སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་བཅས་ཚུད་ཡོད། ཁེ་ན་ཌའི་དཔོན་རིགས་ཚོས་རྒྱ་ནག་གི་འགན་འཁུར་མཁན་ཚོ་དང་མཉམ་དུ་སྤྱི་དང་སྒེར་གཉིས་ཀའི་ཐོག་ནས་བོད་མི་ཚོར་སེམས་ཁུར་བྱེད་པ་དང་། བཙོན་པ་རྣམས་ཀློད་གྲོལ་གཏོང་བ། བོད་ཀྱི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་བའི་ཆེད་དུ་བོད་མི་ཚོའི་ཐོབ་ཐང་ལ་བརྩི་བཀུར་བྱེད་པའི་ཐད་ལ་སེམས་ཁུར་མུ་མཐུད་དུ་བྱེད་ཀྱི་ཡོད།  རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་བར་དུ་ཕན་ཚུན་གཉིས་ཀར་དོན་སྙིང་ལྡན་པ་དང་དོན་དངོས་ཀྱི་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁེ་ན་ཌས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་ཐབས་ལམ་ལ་བསྔགས་བརྗོད་དང་། ཁོང་ནི་ཆོས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་མཁན། ཁེ་ན་ཌའི་མི་སེར་གྱི་གཟེངས་བསྟོད་འཐོབ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་གསལ་འདུག

གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆར་ཌི་གྷེར་ལགས་ནི། བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་ཞིག་དང་དུས་རྟག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩེད་འགྲན་ཚོགས་མ་ཚོགས་པའི་ཡར་སྔོན་ཏུ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་དང་བོད་ལ་རང་བཙན་སྤྲད་དགོས་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གནང་བ་དང་།  ལོ་དེར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་མང་སྤེལ་ཡོད་ལ། བོད་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་སྐད་གསེང་མཐོན་པོས་བོད་ཀྱི་བདེན་དོན་གླེང་སློང་གནང་བ་ཉུང་ཉུང་མིན་ལ། དམིགས་བསལ་འདས་པའི་ལོ་ངོ་མང་པོའི་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་སྟེ། བོད་ནང་འགྲོ་འོང་འདྲ་མཉམ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

ཆུ་ཚོད་ ༡ སྔོན་ལ།
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ཞི་བདེའི་གོམ་བགྲོད་ཀྱིས་བསམ་ཤེས་དང་བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་ཐུགས་སྨོན་མཛད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ལགས། འདི་གར་མཁོ་སྤྲོད་གནང་བའི་པར།
Mobile App

ཨ་ཉག་སེང་སྒྲའི་མིག་དང་མཁལ་མ་ནད་པ་ཆགས་འདུག 

ཆུ་ཚོད་ ༧ སྔོན་ལ།
tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

༢༠༢༦/༠༢/༡༡
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

༢༠༢༦/༠༢/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese