མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་ཨ་སམ་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

སྲིད་སྐྱོང་སྤེན་པ་ཚ་ེརིང་མཆོག་གིས་རྟ་དབང་གནས་སྐོར་ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་ཐེངས་བཅུ་བཞི་བའི་ཐོག་གསུང་བཤད་གནང་། ༢༠༢༥།༡༡།༡༩ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༧ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། གུ་ཝཱ་ཧཱ་ཊི། ལ་ཁ་ནའོ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་ཨ་སམ་མངའ་སྡེའི་གུ་ཝཱ་ཧཱ་ཊིའི་ཀོ་ཌིན་གཙུག་ལག་སློབ་གླིང་(Cotton University) གི་ཚོགས་ཁང་དུ། སྲིད་སྐྱོང་མཆོག་གིས་ཁོར་ཡུག་དང་། བདེ་སྲུང་། ཞི་བདེ་ཞེས་པའི་བརྗོད་གཞི་དང་འབྲེལ་ནས་བོད་དོན་གོ་རྟོགས་ཀྱི་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སློབ་གླིང་དེའི་དགེ་ལས་སློབ་གཉེར་བ་ ༢༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ཀོན་ཌིན་གཙུག་ལག་སློབ་གླིང་གི་ཉེ་བའི་རིགས་བདག་རཱ་མེ་ཤ་ཅ་དེ་ཀ་ (Dr. Ramesh Ch. Deka) ལགས་དང་། རིགས་དྲུང་ཧི་རེན་ཌེ་ཀ་ (Dr. Hiren Deka) ལགས། བོད་ཀྱི་རང་དབང་། ཨ་སམ་ཀྱི་འབོད་སྒྲ་ཞེས་པའི་ཚོགས་པའི་ཚོགས་གཙོ་ (Free Tibet- A Voice from Assam,President) སོམ་ཡི་དིབ་དཏྟ་ (Soumyadeep datta) ལགས་དང་། འབྲེལ་མཐུད་པ་ནོ་ཝ་ནི་ཏ་ཤར་མ་(Novanita Sharma) ལགས་སོགས་སུ་མཇལ་འཕྲད་གནང་ཡོད་འདུག

ཉིན་རྒྱབ་ཏུ་ཨ་སམ་མངའ་སྡེའི་གུ་ཝཱ་ཧཱ་ཊིའི་པ་རཱ་གྷི་ཇོ་ཏི་ཤ་པུར་(Pragjyotishpur University) གཙུག་ལག་སློབ་གླིང་གི་ཚོགས་ཁང་དུ། སྲིད་སྐྱོང་མཆོག་གིས་བོད་དོན་ཆབ་སྲིད་ཀྱི་གལ་གནད་སྐོར་ལ་གསུང་བཤད་གནང་ཡོད་ཅིང་། གཏམ་བཤད་སྐབས་སློབ་གླིང་དེའི་དགེ་ལས་སློབ་གཉེར་བ་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་གཙུག་ལག་སློབ་གླིང་དེའི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་མོ་སྨྲི་ཏི་ཀུ་མར་སིངྷ་ (Prof. Smriti Kumar Sinha) ལགས་དང་རིགས་དྲུང་ཇོ་གེ་ཤ་ཀ་ཀ་ཏི་ (Jogesh Kakati) ལགས་རྣམ་གཉིས་ལ་མཇལ་འཕྲད་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་གར་ཨ་སམ་མངའ་སྡེའི་གུ་ཝཱ་ཧཱ་ཊི་རུ། འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག རྟ་དབང་གནས་སྐོར་ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་ཐེངས་བཅུ་བཞི་པ་འཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་སམ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འབུམ་རམས་པ་ནུ་མོལ་མོ་མིན་ (Dr.Numol Momin) ལགས་དང་།  ཨ་སམ་མངའ་སྡེའི་རྩེད་རིགས་དང་ན་གཞོན་བདེ་དོན་བློན་ཆེན་ནན་དི་ཏ་གོར་ལོ་སཱ་ (Nandita Gorlosa) ལགས། ཨ་སམ་མངའ་སྡེའི་གྲོས་ཚོགས་འཐུས་མི་བྷི་དྷི་ཡ་སིང་ཨིང་ལེན་ (Bidya Sing Engleng)ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་རིན་ཆེན་མཁའ་འགྲོ་ལགས། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ལས་བྱེད་རུ་པེཤ་ཀུ་མར་ (Shri Rupesh Kumar) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་པན་ཀ་ཇི་གྷོ་ཡལ་ (Pankaj Goyal) ལགས། ཨ་སམ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ཀེ་ལཱ་ཤ་སར་མ་ (Kailash Sarma) ལགས། དེ་བཞིན་རྒྱ་གར་གྱི་མངའ་སྡེ་ ༡༨ ནས་ཚོགས་བཅར་བ་གྲངས་ ༣༠༠ ཙམ་མཉམ་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྟོན་པ་བཅོམ་ལྡན་འདས་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་བསླབ་བྱ་ལས་བོད་མི་ཚོས་བོད་དོན་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་ནས་བྱས་དང་བྱེད་མུས་ཡིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞིའི་སྐོར་ངོ་སྤྲོད་གནང་སྟེ། བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་བོད་མི་རྣམས་ནས་རེ་བ་མ་བརླག་པར་བོད་དོན་འཐབ་རྩོད་རྒྱུན་མཐུད་གནང་རྒྱུ་ཡིན་ཞེས་གསུངས་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་དང་ཡོན། མིང་། ཆིང་རྒྱལ་རབས། རྒྱ་གར་དབྱིན་གཞུང་བཅས་ཀྱི་བར་འབྲེལ་བའི་ལོ་རྒྱུས་སྐོར་ངོ་སྤྲོད་གནང་སྟེ་རྒྱ་ནག་གཞུང་གིས་བོད་དེ་བཞིན་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་ནི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་ཡིན་པ་དང་། བོད་ནི་གནའ་སྔ་མོ་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ནན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཉེ་ལམ་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེསཏེ་མི་ལོ་ ༧༥ འཁོར་བའི་དུས་དྲན་སྲུང་གཙི་ཞུས་པའི་སྐོར་དང་། འཕགས་བོད་གཉིས་བར་གྱི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ཀྱི་འབྲེལ་བའི་སྐོར། བོད་ཀྱི་ས་བབ་ཆགས་དབྱིབས་སོགས་ཀྱི་ལོ་རྒྱུས་ཀྱི་གལ་གནད། དེ་བཞིན་བོད་བཙན་པོའི་སྐབས་ཀྱི་ཆབ་སྲིད་མངའ་ཐང་རྒྱས་པའི་སྐོར་བཅས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ (India International Centre) དུ། ལྡི་ལི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་་ཐུགས་འགན་བཞེས་ཏེ་མི་ལོ་ ༧༥ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་ཆེད་མཁས་མི་སྣའི་བགྲོ་གླེང་ཞིག་འཚོགས་ཡོད་ཅིང་།  ཚོགས་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གྱི་གཞུང་ཚབ་ཟུར་པ་ཤི་ཝ་ཤང་ཀར་མེ་ནོན་(Shivshankar Menon) ལགས། རྒྱ་གར་གྱི་ཕྱི་འབྲེལ་ཞིབ་འཇུག་པ་སི་ར་ཇ་མོ་ཧན་ (Dr.C. Raja Mohan) ལགས། རྩོམ་པ་པོ་དྷི་ལིབ་སིན་ཧཱ་ (Dilip Sinha) ལགས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས། ལྡི་ལིར་ཡོད་པའི་རྒྱལ་ཁབ་བཅུའི་གཞུང་ཚབ་པ། དེ་བཞིན་བོད་ཀྱི་མཐོ་སློབ་ཀྱི་སློབ་གཉེར་བ་དང་རྒྱ་གར་བ་བཅས་ཚོགས་བཅར་བ་ ༢༠༠ ལྷག་མཉམ་ཞུགས་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཏེ་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་མཛད་པའི་སྐོར་དང་། ཉེ་ལམ་༧གོང་ས་མཆོག་ནས་དགའ་ལྡན་ཕོ་བྲང་རྒྱུན་མཐུད་གནས་ངེས་ཡིན་པ་དང་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཞལ་བཞེས་བཟང་པོ་གནང་བའི་སྐོར། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ཀྱིས་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་པའི་སྐོར། དེ་བཞིན་བོད་རྒྱའི་དཀའ་རྙོག་དེ་ཞི་བའི་གྲོས་མོལ་གྱིས་དཀའ་ངལ་མ་སེལ་བར་དུ་རྒྱལ་སྤྱིའི་སྟེང་ཞུ་གཏུག་མུ་མཐུད་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese