མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ལོ་རྒྱུས་ཀྱི་ཉམས་མྱོང་འཁྱེར་ནས་མ་འོངས་པའི་རང་དབང་འཐབ་རྩོད་ནང་མདུན་སྐྱོད་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

ཕྱི་ལོ་་ ༡༩༩༥ ལོར་རྒྱ་ནག་པེ་ཅིང་ནང་རྒྱལ་ཚོགས་ཀྱི་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་ཐོག་བོད་ཀྱི་བུད་མེད་དགུས་ངོ་རྒོལ་བྱས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་པར།

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པར་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གི་པེ་ཅིང་དུ་རྒྱལ་ཚོགས་ཀྱི་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་སྐབས་བཙན་བྱོལ་བུད་མེད་དགུས་སྨྲ་བརྗོད་རང་དབང་དང་ལྟ་རྟོག་ཁྲིམས་སྲོལ་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་གསལ་སྟོན་བྱས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། སྤྱི་ཟུར་ངག་དབང་ལྷ་མོ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

ཐེངས་འདིའི་དུས་དྲན་དང་འབྲེལ་བའི་སྐོར་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གི་པེ་ཅིང་དུ་རྒྱལ་ཚོགས་ཀྱི་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་སྐབས་སུ་བོད་ཀྱི་བུད་མེད་ཀྱི་སྐུ་ཚབ་དགུ་བཅར་ཐུབ་པ་བྱུང་བ་རེད། དེ་ནི་ལོ་རྒྱུས་ཐོག་བསྡད་དགོས་པའི་གལ་གནད་ཅིག་ཆགས་ཡོད། རྒྱ་ནག་ནང་ཚོགས་འདུ་འདྲ་མིན་འཚོགས་ཡོད་ཀྱང་། བཙན་བྱོལ་ནང་གི་བོད་པ་རྣམས་མཉམ་ཞུགས་བྱེད་པའི་གོ་སྐབས་རག་གི་མེད་པས། བོད་ནང་གི་དཀའ་ངལ་གང་ཡོད་མེད་བཤད་ཐུབ་ཀྱི་ཡོད་པ་མ་རེད། འདི་དང་འདི་འདྲ་བའི་ཚོགས་འདུའི་གོ་སྐབས་ལེན་རྒྱུ་གལ་ཆེན་པོ་རེད། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་དུ་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་མཚོན་པའི་བརྗོད་གཞི་འདྲ་མིན་ཐོག་ཚོགས་འདུ་འཚོགས་ཡོད། བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་ཚོགས་འདུ་དེ་དག་གལ་ཆེན་པོ་ཆགས་ཡོད། ང་ཚོ་རང་དབང་ལུང་པའི་ནང་ཡོད་དུས་སྐད་ཆ་བཤད་པའི་གོ་སྐབས་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་སློབ་སྦྱོང་ཐོབ་ཡོད། རྒྱལ་ཁབ་གང་གི་སྐད་རིགས་ཐོག་ནས་སྐད་ཆ་བཤད་ཐུབ་པའི་མཐུན་རྐྱེན་ཡོད། རྒྱལ་སྤྱིའི་ཚོགས་འདུ་ཁག་ཏུ་མཉམ་ཞུགས་བྱེད་པའི་ཐབས་ཤེས་བྱ་རྒྱུ་གལ་ཆེན་པོ་རེད། རྒྱལ་ཁབ་མང་པོའི་སྐུ་ཚབ་འཛོམས་པའི་ཚོགས་འདུ་ཐོག་ཏུ་མཉམ་ཞུགས་བྱ་ཐུབ་ཚེ་རྒྱབ་སྐྱོར་ཐོབ་རྒྱུ་ཕན་ཐོགས་ཆེན་པོ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

པེ་ཅིང་གི་རྒྱལ་ཚོགས་ཚོགས་ཆེན་ཐོག་ངོ་རྒོལ་གྱི་གལ་གནད་སྐོར་ལ་སྤྱི་ཟུར་ངག་དབང་ལྷ་མོ་ལགས་ཀྱིས་འདི་གའི་གསར་འགོད་པར། ང་ཚོས་ཕྱི་རྒྱལ་ཁག་ཏུ་བོད་དོན་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། རྒྱ་ནག་ནང་དུ་བོད་དོན་ཐོག་ལས་འགུལ་སྤེལ་ཐུབ་ཀྱི་ཡོད་པ་མ་རེད། ཕྱི་ལོ་ ༡༩༩༥ ལོར་པེ་ཅིང་གི་རྒྱལ་ཚོགས་ཀྱི་བུད་མེད་ཚོགས་ཆེན་ཐོག་བོད་དོན་ལས་འགུལ་སྤེལ་ཐུབ་ཡོད་ལ། ཕྱི་རྒྱལ་གྱི་སྐུ་ཚབ་རྣམས་ལ་བོད་ཀྱི་དཀའ་ངལ་བཤད་པ་དངོས་ཡོད་གནས་ཚུལ་ཡིན་པ་ངོ་སྤྲོད་བྱུང་སྟེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ནང་དུ་བཀོད་ཐུབ་པ་བྱུང་བ་རེད། དེ་ཡང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་མི་རིགས་རྩ་མེད་གཏོང་བཞིན་ཡོད་པའི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་བསྒྲགས་ཐུབ་པ་བྱུང་བ་རེད། དེང་སྐབས་ཀྱང་འཛམ་གླིང་ཐོག་བོད་པའི་གནས་སྟངས་ཧ་མ་གོ་བ་མང་པོ་ཡོད་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་ཐོག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མཉམ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གི་པེ་ཅིང་དུ་རྒྱལ་ཚོགས་ཀྱི་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་ཐོག་ངོ་རྒོལ་བྱས་ཏེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་བཞིན་པ། ༢༠༢༥།༡༢།༥ བོད་ཀྱི་དུས་བབ་གསར་ཁང་གི་པར།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ལོ་ངོ་ ༣༠ དུས་དྲན་ལ་ཕྱིར་བལྟས་བྱེད་དུས། འདི་ནི་བཙན་བྱོལ་ནང་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་གནད་འགག་ཅིག་ཆགས་ཀྱི་འདུག དེ་ཡང་བུད་མེད་ཙམ་མ་ཡིན་པར་བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ། རྒྱ་ནག་ནང་བོད་ཀྱི་གནད་དོན་ཐོག་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུ་ལས་སླ་བོ་མ་རེད། དེའི་བརྒྱུད་རིམ་ནང་དུ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་རེད། དེའི་ཐོག་ལ་རྒྱལ་སྤྱིའི་ཐོག་ནས་སྙན་ཐོ་རིང་པོ་ཞིག་བྲིས་འདུག ལོ་རྒྱུས་ཀྱི་བྱུང་བ་དེ་ཡི་རངས་ཞུ་དགོས་པ་ཞིག་རེད། ཡིན་ནའང་། མ་འོངས་པར་ང་ཚོས་ལོ་རྒྱུས་ཉམས་མྱོང་འཁྱེར་ནས་རང་དབང་འཐབ་རྩོད་ནང་མདུན་སྐྱོད་བྱ་རྒྱུ་གལ་ཆེན་པོ་ཞིག་ཆགས་ཡོད། ཅེས་དང་། དེ་བཞིན་དུས་ཚོད་ཀྱི་འགྱུར་བ་དང་མཐུན་པའི་ཐོག་ནས་རང་དབང་འཐབ་རྩོད་ཀྱི་འབྲས་བུ་བཟང་ཤོས་ཤིག་ཐོབ་པར་རིག་པ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་རྒྱལ་ཚོགས་ཀྱི་བུད་མེད་ཚོགས་ཆེན་ཐེངས་བཞི་པའི་སྐབས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་གྱི་བུད་མེད་དགུ་མཉམ་ཞུགས་བྱས་ཐུབ་ཡོད་པའི་ཁྲོད། ཁེ་ན་ཌ་ནས་རྒྱལ་སྟོང་ཚེ་རིང་སྒྲོལ་མ་དང་ཁེ་རོལ་བསལ་གྲུབ། བསྟན་འཛིན་སྒྲོལ་དཀར་སྦྱིན་པ། ཨ་རི་ནས་འཆི་མེད་དོན་ལྡན་དང་གཡུ་སྒྲོན་དོན་ལྡན། ཕུན་ཚོགས་སྒྲོལ་མ། ཨོ་སི་ཊོ་ལི་ཡ་ནས་སྐལ་བཟང་དབང་མོ་དང་རྡོ་རྗེ་སྒྲོལ་མ་ཁེ་རེལ། ནོར་ཝེ་ནས་མཚོ་མོ་རྣམ་རྒྱལ་བཅས་ཡོད་འདུག སྐབས་དེར་རྒྱལ་ཁབ་ ༡༨༠ ནས་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་བཅར་བ་ ༦༠༠ དང་། གསར་འགོད་པ་ ༢༠༠༠ ལྷག་འཛོམས་ཡོད་འདུག་ལ། དོན་ཚན་གསུམ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དང་པོ། གཞིས་ལུས་བོད་ཀྱི་བུད་མེད་ཀྱི་སྐྱེ་སྒོ་རྩ་འགོག་དང་། སྦྲུམ་ལྡན་བུད་མེད་ཀྱི་མངལ་གྱི་ཕྲུ་གུ་གསོད་པ་དང་བཏོན་པ་བཅས་བོད་ཀྱི་བུད་མེད་ཀྱི་འཕྲོད་བསྟེན་ཧ་ཅང་ཉམས་ཞན་ཡིན་པ། གཉིས་པ། བུད་མེད་འགའ་དོན་མེད་འཛིན་བཟུང་བྱས་ཏེ་བཙོན་ཁང་ནང་བཙན་གཡེམ་བྱེད་པ་སོགས་བུད་མེད་ལ་དམིགས་བསལ་མནར་གཅོད་གཏོང་བ། གསུམ་པ། བོད་ནང་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་བྱེད་པ་དང༌། རྒྱལ་ཁབ་གཞན་གྱི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གཡུག་སྟེ་ཁོར་ཡུག་ཧ་ཅང་ཉམས་ཞན་གཏོང་གི་ཡོད། ཅེས་བཀོད་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese