མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་གཞུང་གིས་རྒྱུ་རྐྱེན་གང་ཡང་མི་ཤེས་པའི་ཐོག་ནས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིག་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་ལགས་རྒྱ་གཞུང་གིས་རྒྱུ་རྐྱེན་གང་ཡང་མི་ཤེས་པའི་ཐོག་ནས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

དེའི་སྐོར་ལ་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་ཚུལ་ལྟར་ན། ཕྱི་ཟླ་ ༡༢ ཚེས་ ༤ ཉིན་རིན་པོ་ཆེ་མཆོག་སྨིན་ཐང་དགོན་ནས་རང་ཁྱིམ་དུ་འགྲོ་བཞིན་པའི་ལམ་བར་དུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། འཛིན་བཟུང་བྱེད་མཁན་རྒྱ་གཞུང་གི་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་གང་ཡིན་མིན་ཤེས་ཀྱི་མི་འདུག ཉིན་དེ་ནས་བཟུང་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། གཙོ་བོ་རིན་པོ་ཆེ་མཆོག་གིས་བཙུགས་པའི་རྡོ་རྗེ་བརྟན་ལས་རིགས་ལག་རྩལ་སློབ་གྲྭ་ཚོགས་མཚམས་བཞག་སྟེ། སློབ་གྲྭའི་སློབ་མ་ཚོ་རང་ཁྱིམ་དུ་ལོག་བཅུག་འདུག ཡིན་ནའང་། རིན་པོ་ཆེ་མཆོག་ལ་ནག་ཉེས་གང་ཡོད་ཀྱི་རྒྱུ་མཚན་གང་ཡང་བཤད་མི་འདུག རྒྱ་ནག་གཞུང་གིས་སྒེར་བཙུགས་སློབ་གྲྭ་ཚང་མ་སྒོ་རྒྱག་བཞིན་ཡོད་པ་དང་། རྡོ་རྗེ་བརྟན་ལས་རིགས་ལག་རྩལ་སློབ་གྲྭའི་ནང་སློབ་ཕྲུག་བཞི་བརྒྱ་ལྷག་ཡོད་པ་མ་ཟད། དེའི་ཁྲོད་གྲྭ་པ་ཆུང་ཆུང་མང་པོའི་སློབ་སྦྱོང་བྱེད་བཞིན་ཡོད་པས། གནད་དོན་དེའི་རྐྱེན་གྱིས་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་པ་རེད་བསམ་གྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

མཚོ་སྔོན་མགོ་ལོག་གཅིག་སྒྲིལ་རྫོང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ།

མཆོག་སྤྲུལ་རྡོ་རྗེ་བརྟན་ནམ་མཆོག་སྤྲུལ་ཐུབ་བསྟན་ཡེ་ཤེས་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༦༧ ལོའི་བོད་ཟླ་ ༡༠ ཚེས་ ༢༥ ཉིན་ཨ་སྐྱོང་ཁང་སར་སྨིན་ཐང་དུ་སྐུ་འཁྲུངས། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པ་དུ་མའི་མདུན་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བླ་མེད་གནང་། གསེར་ལྗོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོའི་ལག་འཁྱེར་ཐོབ། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་། གཞི་ཆེན་བེེ་རོ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཟུང་གིས་གཞི་ཆེན་མཆོག་སྤྲུལ་མགོ་སེར་མཁྱེན་རབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་སྨིན་དགོན་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་ཡིན།

ས་གནས་ཀྱི་སློབ་གསོའི་གནས་བབ་དང་རྒྱ་ཆེའི་མི་མང་གི་རེ་འདུན་བཞིན་ཁྲིམས་མཐུན་ལུགས་ཀྱི་སྒོ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། བཙུན་དགོན་སོགས་གསར་འཛུགས་དང་། དེ་དག་གི་མཐུན་རྐྱེན་དུ་མགྲོན་ཁང་དང་ཐེབས་རྩ་ཚོགས་པ་སོགས་བཙུགས། རིན་པོ་ཆེ་མཆོག་ནས་གཉན་པོ་གཡུ་རྩེའི་སློབ་ཆུང་གི་སློབ་གཙོ་དང་། མགོ་ལོག་གེ་སར་སྒྲུང་རབས་སྨིན་ཐང་ཡུལ་ཚོའི་བྱིས་པའི་མཉམ་ལེན་གྱི་ཚོགས་གཙོ། རྨ་གཡང་ལྷ་མཁར་ཕྱུག་མོའི་གེ་སར་རིག་གནས་རྒྱུད་སྤེལ་ལྟེ་གནས་ཀྱི་ཚོགས་གཙོ། གེ་སར་རིག་གནས་རྒྱུན་འཛིན་གཞི་ས་དང་གེ་སར་རིག་གནས་རྨ་གཡང་ཕྱུག་མོའི་བརྒྱུད་སྦྱོང་བྱེད་གནས་ཀྱི་མགོ་གཙོ། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ། ཇོ་མོའི་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་གི་དགོན་བདག སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག། མཚོ་སྔོན་ཞིང་ཆེན་གཉན་པོ་གཡུ་རྩེ་དགེ་ལས་ཐེབས་རྩ་ཚོགས་པའི་ཚོགས་གཙོ། གཅིག་སྒྲིལ་རྫོང་སྲིད་གྲོས་ཀྱི་མགོ་གཙོ་གཞོན་པ་བཅས་ཀྱི་ཕྱག་ལས་གནང་ཡོད་འདུག

རྡོ་རྗེ་བརྟན་ལས་རིགས་ལག་རྩལ་སློབ་གྲྭ་ནི་ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་ཆོག་མཆན་ཐོབ་པ་ལྟར་མགོ་བཙུགས་ཡོད་ཅིང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ ༩༦༠༠༠ ཡོད་འདུག སློབ་གྲྭའི་ནང་དགེ་རྒན་ ༦༦ དང་། ད་བར་སློབ་མ་ ༡༣༠༠ མཐར་ཕྱིན་ཡོད་འདུག སློབ་གྲྭ་ནང་རྨང་གཞིའི་བསླབ་བྱའི་ནང་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག གྲངས་རིག ཆབ་སྲིད། བསམ་བློ་ཀུན་སྤྱོད། ལུས་རྩལ་སོགས་སློབ་སྦྱོང་དང་། ཆེད་ལས་བསླབ་བྱ་ཁྲོད་སྒྲ་རིག་དང་། ཐང་ག་སྒྱུ་རྩལ། བོད་ཀྱི་གསོ་བ་རིག་པ། གེ་སར་རིག་གནས་སྒྱུ་རྩལ། སྲོལ་རྒྱུན་གླུ་གར་ཆེད་སྦྱོང་། སྲོལ་རྒྱུན་འཚེམ་བཟོ། ཡུལ་སྐོར་དོ་དམ་ཞབས་འདེགས་བཅས་ཀྱི་ཐོག་ཆེད་སྦྱོང་བྱེད་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༥ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༢༤ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese