མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བ་དགུ་བཅུ་ཙམ་དང་། ཨ་རི་ནས་ཆེད་དུ་ཟབ་འཁྲིད་གནང་བར་ཕེབས་མཁན་གྱི་དགེ་རྒན་ཚུད་པའི་མི་གྲངས་ ༣༠༠ ལྷག་ལ་མཇལ་ཁ་འསྩལ་སོང་།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།

སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རིགས་ལམ་གྱི་འགྲོ་སྟངས་ཐོག་ལ་དེང་སང་གི་ཤེས་ཡོན་གྱི་འགྲོ་སྟངས་སྦྲེལ་ནས་ཏན་ཏན་ཡོང་གི་རེད། སྔོན་མ་ངོས་རང་སེ་འབྲས་ལ་གྲྭ་སྐོར་དུ་ཕྱིན་པའི་སྐབས་སུ་ནམ་རྒྱུན་ཡིག་ཆ་ལ་གོམས་བསྡད་ཡོད་པ་གཏོང་དུས་རྟགས་གསལ་འབེལ་བོ་འདུག སྐབས་དེར་དམ་བཅའ་འཇོག་མཁན་སྐྱོ་ཤོས་དེ་བདེ་ཡངས་རེད། ངོས་རང་ནས་སྒོ་མང་བསམ་བློ་ཁང་ཚན་ནས་དཔེ་ཆར་བལྟས། རྟགས་གསལ་གཏོང་དུས་ངོས་ནས་རྟགས་གསལ་དགའ་རབ་གཏོང་ཐུབ་ཀྱི་ཡོད། གང་ལྟར་ང་ཚོ་བོད་ཀྱི་རིག་གཞུང་ནང་རྩོད་པ་རྩོད་པའི་རིག་གནས་འདི་ཧ་ཅང་རྩ་ཆེན་པོ་རེད། དེར་བརྟེན། ང་ཚོས་རྟགས་གསལ་གཏོང་བའི་འགྲོ་སྟངས་འདིའི་ཐོག་ནས་དེང་སང་གི་ཚན་རིག་དང་མཐུན་མ་མཐུན་གྱི་གནས་ཚུལ་གང་ཡོད་མེད་བརྟག་དགོས། ང་ཚོའི་རྟགས་གསལ་གྱི་ནང་དུ་ཀླད་པའི་སྐོར་རྒྱ་ཆེན་པོ་ཡོད་པ་མ་རེད། ཚན་རིག་པས་ཀླད་པའི་སྐོར་ལ་མང་པོ་བཤད་ཀྱི་ཡོད་པས་ང་ཚོས་དེ་དག་དང་ཕན་ཚུན་སྦྲེལ་ནས་རྩོད་ཐུབ་ན་ཡག་པོ་འདུག ཅེས་དང་། འཆད་རྩོད་རྩོམ་གསུམ་ལས་རྩོད་པ་འགྲོ་བཞིན་པ་དང་། རྩོམ་ཡང་ཡོད། ང་ཚོ་བོད་ལ་འཆད་རྩོད་རྩོམ་གསུམ་ཧ་ཅང་འཛོམས་པོ་ཞེ་དྲགས་རེད། དཔེ་ཡག་པོ་རེད། སྔ་མོ་ངོས་ནས་འཆད་རྩོད་རྩོམ་གསུམ་ཐོག་ལ་སློབ་སྦྱོང་བྱས་པ་རེད། ཅེས་གསུངས་སོང་།

མཇལ་ཁ་གྲུབ་རྗེས་ཨེ་མོ་རི་བྱམས་བརྩེ་ལྟེ་གནས་ཁང་གི་སཱི་ཤེས་ཡོན་སློབ་གསོ་ཚན་པའི་འགན་འཛིན་གཞོན་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས། ད་ལྟ་ང་ཚོའི་ཟབ་སྦྱོང་འགྲོ་བསྡད་པ་དེ་ཞིབ་འཇུག་ཁང་ལ་རེད། རུ་ཁག་གཉིས་ཡོད་རེད། རུ་ཁག་གཅིག་ལ་ང་ཚོས་རྒྱུན་འཁྱོངས་རུ་ཁག་ལབ་ཀྱི་ཡོད་རེད། ཁོང་ཚོས་ཞིབ་འཇུག་གི་ཐབས་ལམ་ད་ལོ་ནས་མགོ་འཛུགས་ཀྱི་ཡོད་རེད། དེ་ནས་འཛིན་གྲྭ་དམའ་བ་དེ་རེད། འཛིན་གྲྭ་མཐོ་བ་དེ་ཆེད་སྦྱོང་གི་རུ་ཁག་ལབ་ཀྱི་ཡོད་རེད། དགེ་འདུན་པ་དེ་དག་གི་ལོ་དགུ་བཅུ་ལ་ཚན་རིག་སློབ་གཉེར་གནངས། ད་ལྟ་རིགས་གཅིག་རྐང་འཛིན་བྱ་རྒྱུའི་འཚམས་ལ་སླེབས་ནས། ཁག་ཅིག་གིས་དངོས་ཁམས་ལ་ཆེད་སྦྱོང་དང་་ཁ་ཤས་ཀྱིས་སྐྱེས་དངོས། དབང་རྩ་བྱས་ནས་ཆེད་སྦྱོང་གནང་གི་ཡོད་རེད། ང་ཚོས་དགུན་ཁ་ཟབ་སྦྱོང་འཚོགས་པ་དེ་གཙོ་བོ་ཚན་རིག་གི་ཞིབ་འཇུག་བྱེད་སྟངས་སྐོར་རེད་ལ། འདས་པའི་ཟླ་བ་གཅིག་ལྷག་གི་རིང་ལ་ཞིབ་འཇུག་གི་ཟབ་སྦྱོང་འགྲོ་བསྡད་རེད། དེ་རིང་ཆེད་སྦྱོང་དང་རྒྱུན་འཁྱོངས་ནང་ཡོད་མཁན་གྱི་དགེ་འདུན་པ་རྣམས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚན་རིག་གི་ཐོག་ནས་རྟགས་གསལ་ཡར་སྤྱན་འབུལ་ཞུས་གནང་སོང་། དུས་ཚོད་ཞེ་དྲགས་མེད་ཙང་རུ་ཁག་བཞི་རུ་དབྱེ་བའི་ཁྲོད། གཅིག་གིས་དངོས་ཁམས་དང་། སྐྱེས་དངོས། དབང་རྩ། ཚན་རིག་གི་ཐབས་ལམ་བཅས་སྡེ་ཚན་བཞི་ཡི་ཐོག་རྟགས་གསལ་ཐོག་ནས་ཚན་རིག་གི་གནད་དོན་ལ་བདར་ཤ་དཔྱད་ནས་རྟགས་གསལ་སྤྱན་འབུལ་ཞུས་པ་རེད། ཞེས་བརྗོད་བྱུང་།

དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་་སྤྱན་འབུལ་ཞུས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།

ཡང་ཁོང་གིས་། ཨེ་མོ་རི་ཡིས་འགྲོ་གྲོན་མང་པོ་བཏང་ནས་དགེ་རྒན་མང་པོ་ཞེ་དྲགས་ཤིག་ཕྱི་རྒྱལ་ནས་གདན་འདྲེན་ཞུས་ནས་དེ་འདྲ་གནང་རྒྱུའི་དགོས་པ་ག་རེ་རེད་ཟེར་ན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྔོན་མ་ནས་ཚན་རིག་སློབ་གཉེར་དེ་དགོན་སྡེ་ཁག་ལ་དགོས་ཀྱི་འདུག་ཅེས་བཀའ་མང་པོ་ཕེབས་ཡོད་རེད། བཀའ་སློབ་ཀྱི་ནང་དོན་སྙིང་པོ་ནི་བོད་པའི་ནང་ཆོས་ནང་མིའི་སེམས་ཁམས་ཡར་རྒྱས་གཏང་རྒྱུ་དང་། བདེ་སྐྱིད་གོང་འཕེལ་གཏང་རྒྱུའི་ཐབས་ལམ་མང་པོ་དཔེ་ཡོད་རེད། དེ་འདྲ་བའི་ཐབས་ལམ་དེ་དག་སྤྱི་ཚོགས་ཀྱི་སྡེ་ཚན་ཆུང་ཆུང་ཞིག་གིས་མ་གཏོགས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་སློབ་གཉེར་གནང་མཁན་དེ་དག་དགོན་སྡེ་གྲྭ་ཚང་གི་དགེ་འདུག་པ་དང་བཙུན་མ་རེད། བོད་པའི་མི་སྐྱ་ལ་བསམ་བློ་བཏང་ན་ཚན་རིག་སློབ་གཉེར་གཏིང་ཟབ་པོ་གནང་ཐུབ་ཀྱི་ཡོད་པ་མ་རེད།  ཐབས་ལམ་ཕྱུག་པོ་ཞེ་དྲགས་ཤིག་འཛམ་གླིང་མི་མང་ལ་ཕན་མ་ཐོགས་པར་ལྷག་བསྡད་ཡོད་རེད། ཡིན་ཡང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐབས་ལམ་དེ་དག་འཛམ་གླིང་གི་མི་སྤྱི་ལ་ཁྱབ་ནས་ཁོང་ཅག་གིས་སྦྱོང་ཐུབ་པ་ཡིན་ན། སེམས་ལ་ཞི་བདེ་ཇེ་མང་དང་། ནང་སེམས་ཀྱི་ཉོན་མོངས་ཇེ་ཉུང་། ཀུན་སྤྱོད་བཟང་དུ་ཕྱིན་ཏེ་འཛམ་གླིང་ལ་ཞི་བདེ་ཟེར་བ་འདི་རང་བཞིན་གྱིས་ཡོང་ཡ་ཞིག་ཡིན་པར་དགོངས་ནས། ངས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་དགོས་ཀྱི་འདུག་གསུངས་པའི་གནད་འགག་ཅིག་འདི་མཐོང་གི་འདུག དཔེར་ན། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ཏུ་དྲན་པ་ཉེར་བཞག་གི་ལག་ལེན་ཤུགས་ཆེན་ཁྱབ་བསྡད་ཡོད་རེད། དེང་སང་དྲན་པ་ཉེར་བཞག་གི་སྐོར་དེ་སྨན་བཅོས་དང་། ཚོང་དོན། མགོ་ཁྲིད་ཀྱི་སྦྱོང་བརྡར། ཤེས་ཡོན་གྱི་ནང་དུའང་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་དཔེ་ཁྱབ་ཆེན་པོ་རེད།  བྱས་ན་དྲན་པ་ཉེར་བཞག་ལབ་པ་དེ་ག་བ་ནས་ཡོང་རེད་ཟེར་ན་ང་ཚོའི་ནང་པའི་རིག་གཞུང་ནས་ཡོང་བ་རེད། ཅེས་བརྗོད་བྱུང་།

དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་སྐུ་པར་མཉམ་བསྒྲོན། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།

གསར་འགོད་པ་དཔལ་ལྡན་གྱིས་དཔལ་ལྡན་འབྲས་སྤུངས་སྒོ་མང་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese