མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་གཅིག་སྒྲིལ་རྫོང་ཉེན་རྟོག་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་དུ་བཀག་ཉར་བྱས་ཡོད་སྐོར་ཙམ་བརྗོད་པ་ལས་ཁོང་གི་གནས་སྟངས་ཐོག་གསལ་ཁ་ཅི་ཡང་བཟོས་མི་འདུག

རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག

བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་འདི་ག་དུས་བབ་གསར་ཁང་དུ་འབྱོར་ཡོད། ཉེ་སྔོན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཉེན་རྟོག་པས་རིན་པོ་ཆེ་མཆོག་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དུ་བཀག་ཉར་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད་ཚུལ་བཤད་པ་ལས། ཁོང་བཀག་ཉར་ཁང་གང་དུ་ཡོད་པ་དང་།གནས་སྟངས་ག་འདྲ་ཡོད་མེད་སོགས་གསལ་བཤད་གང་ཡང་བྱས་མེད་པ་མ་ཟད། ཁོང་འཛིན་བཟུང་བྱས་ཏེ་ཉིན་ ༢༦ འགོར་ཡོད་ཀྱང་གཉེན་ཉེ་སོགས་ལ་ཡང་ཐུག་འཕྲད་བྱེད་དུ་བཅུག་མི་འདུག་ལ། སྨིན་ཐང་གི་དགོན་གྲོང་གཉིས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲག་དང་གནོན་ཤུགས་སྤྲོད་བཞིན་ཡོད་འདུག

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། མཆོག་སྤྲུལ་རྡོ་རྗེ་བརྟན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་རྒྱ་གཞུང་གིས་ས་གནས་ཡུལ་མི་རྣམས་ལ་རྒྱུན་དུ་ཚོགས་འདུ་བསྐོང་འཚོག་བྱེད་བཞིན་ཡོད་པ་དང་། ཚོགས་འདུའི་ཁྲོད་དུ་ཏང་གི་སློབ་གསོ་ཁྱབ་བསྒྲགས་དང་། ཞི་ཅིན་ཕིང་གི་མི་རིགས་སློབ་གསོའི་དགོངས་པ་ལག་བསྟར་བྱ་དགོས་པའི་སྐོར། རྒྱ་གཞུང་གི་བཀའ་མ་ཉན་ན་གྲོང་གསེབ་བཅོས་སྐྱོང་གསོག་སྐར་གྱི་དངུལ་སྤྲོད་རྒྱུ་མིན་པའི་སྐོར་སོགས་བརྗོད་དེ་གནོན་ཤུགས་སྤྲོད་བཞིན་ཡོད་འདུག རྒྱ་གཞུང་གིས་གཞུང་འབྲེལ་ཐོག་ནས་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་ཚོགས་མི་ཆོག་པའི་བཀའ་རྒྱ་འབྱོར་མེད་ཀྱང་། རྡོ་རྗེ་བརྟན་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་རྗེས་སློབ་གྲྭ་འཚོགས་མ་ཐུབ་པར་ལྷག་འདུག་ལ།  ཉེན་རྟོག་པས་དགོང་མོ་རྟག་པར་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་དགོན་པར་ལྟ་ཞིབ་བྱེད་བཞིན་ཡོད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

མཚོ་སྔོན་མགོ་ལོག་གཅིག་སྒྲིལ་རྫོང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ།

མཆོག་སྤྲུལ་རྡོ་རྗེ་བརྟན་ནམ་མཆོག་སྤྲུལ་ཐུབ་བསྟན་ཡེ་ཤེས་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༦༧ ལོའི་བོད་ཟླ་ ༡༠ ཚེས་ ༢༥ ཉིན་ཨ་སྐྱོང་ཁང་སར་སྨིན་ཐང་དུ་སྐུ་འཁྲུངས། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པ་དུ་མའི་མདུན་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བླ་མེད་གནང་། གསེར་ལྗོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོའི་ལག་འཁྱེར་ཐོབ། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་། གཞི་ཆེན་བེེ་རོ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཟུང་གིས་གཞི་ཆེན་མཆོག་སྤྲུལ་མགོ་སེར་མཁྱེན་རབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་སྨིན་དགོན་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་ཡིན།

རྡོ་རྗེ་བརྟན་ལས་རིགས་ལག་རྩལ་སློབ་གྲྭ་ནི་ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་ཆོག་མཆན་ཐོབ་པ་ལྟར་མགོ་བཙུགས་ཡོད་ཅིང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ ༩༦༠༠༠ ཡོད་འདུག སློབ་གྲྭའི་ནང་དགེ་རྒན་ ༦༦ དང་། ད་བར་སློབ་མ་ ༡༣༠༠ མཐར་ཕྱིན་ཡོད་འདུག སློབ་གྲྭ་ནང་རྨང་གཞིའི་བསླབ་བྱའི་ནང་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག གྲངས་རིག ཆབ་སྲིད། བསམ་བློ་ཀུན་སྤྱོད། ལུས་རྩལ་སོགས་སློབ་སྦྱོང་དང་། ཆེད་ལས་བསླབ་བྱ་ཁྲོད་སྒྲ་རིག་དང་། ཐང་ག་སྒྱུ་རྩལ། བོད་ཀྱི་གསོ་བ་རིག་པ། གེ་སར་རིག་གནས་སྒྱུ་རྩལ། སྲོལ་རྒྱུན་གླུ་གར་ཆེད་སྦྱོང་། སྲོལ་རྒྱུན་འཚེམ་བཟོ། ཡུལ་སྐོར་དོ་དམ་ཞབས་འདེགས་བཅས་ཀྱི་ཐོག་ཆེད་སྦྱོང་བྱེད་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

སྐར་མ ༨ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༢
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

༢༠༢༦/༠༤/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese