མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

བོད་ཀྱི་དུས་བབ།
༢༠༢༦/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་དོལ་པོ་སྨད་ཀྱི་བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དར་སྤེལ་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་གནང་འདུག

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/

བལ་གཞུང་བློན་ཆེན་ལྷན་ཚོགས་ཀྱི་ཐག་གཅོད་གནང་བ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་བལ་ཡུལ་རིག་གཞུང་དང་ཡུལ་སྐོར། དེ་བཞིན་མི་འབོར་འགྲིམ་འགྲུལ་བློན་ཆེན་ཨ་ནིལ་ཀུ་མར་སིང་ཧཱ་(Anil Kumar Sinha)མཆོག་གིས། སྨན་རིའི་དགེ་བཤེས་མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དར་སྤེལ་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་(the Buddhist Philosophy Promotion and Monastery Development Committee)ཀྱི་ཚོགས་གཙོར་བསྐོ་བཞག་བྱུང་བའི་ཕྱག་ཡིག་གནང་ཡོད་འདུག་ལ། ཁོང་གིས་མ་འོངས་ལོ་ལྔའི་རིང་ཚོགས་གཙོའི་ཐུགས་འགན་བཞེས་དགོས་ཀྱི་ཡོད་འདུག

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་ནི་བལ་ཡུལ་དོལ་པོ་སྨད་དུ་སྐུ་འཁྲུངས་པ་དང་། ཆུང་དུས་ནས་ཆོས་ཞུགས་གནང་སྟེ་ཕྱི་ལོ་ ༡༩༨༢ ནས་ ༡༩༩༤ བར་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྨན་རིའི་གླིང་དུ་སློབ་གཉེར་གནང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༩༤ ནས་ ༢༠༠༧ བར་ལོ་ ༡༣ རིང་ཝ་ཎ་མཐོ་སློབ་ཏུ་བོན་གཞུང་དགེ་རྒན་གནང་། དེ་བཞིན་ཕྱི་ལོ་ ༢༠༠༧ ནས་ ༢༠༡༤ བར་དུ་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། ༢༠༡༥ ནས་ ༢༠༢༦།༡།༡༤ བར་དུ་ལྷན་ཚོགས་དེའི་ཚོགས་གཙོའི་འགན་བཞེས། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གི་བཀའ་འབྲེལ་འོག ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ ཉིན་མཁན་པོ་མཆོག་དོལ་པོ་སྨད་ཏི་ཆུ་རོང་གི་ཁོངས་གཏོགས་ཀྱི་བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོར་ཁྲི་འདོན་མཛད།

ཕྱི་ལོ་ ༢༠༢༠ ལོར་མཁན་པོ་ཉི་མ་ཀུན་ཁྱབ་མཆོག་དོལ་པོ་སྨད་ཏི་ཆུ་རོང་གི་ཁོངས་གཏོགས་ཀྱི་བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོར་ཁྲི་འདོན་མཛད། པར་རྣམས་མཁན་པོའི་ངོ་དེབ་ནས་བླངས།

མཁན་པོ་མཆོག་གིས་ཕྱི་ལོ་ ༢༠༠༩ ལོར་དོལ་པོའི་རྫོང་དུང་ཉལ་ཞེས་པར་དོལ་པོ་བོན་གྱི་སློབ་གཉེར་ཁང་ཞེས་པ་གསར་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་སློབ་ཕྲུག་གྲངས་ ༩༥ ཙམ་དང་འཛིན་རིམ་ ༨ བར་ཡོད་པ་མ་ཟད།  སློབ་གཉེར་ཁང་དེས་དོལ་པོའི་ཡུལ་གྱི་དབུལ་ཕོངས་དང་ཉམ་ཐག་བྱིས་པ་རྣམས་ལ་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཡང་གནང་གི་ཡོད་འདུག་ལ། དགེ་སློབ་རྣམས་དོལ་པོའི་ཡུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་བུ་ཕྲུག་རྐྱང་རྐྱང་ཡིན་འདུག

མཁན་པོ་མཆོག་གིས་ཕྱི་ལོ་ ༢༠༠༩ ལོར་དོལ་པོའི་རྫོང་དུང་ཉལ་ཞེས་པར་དོལ་པོ་བོན་གྱི་སློབ་གཉེར་ཁང་ཞེས་པ་གསར་འཛུགས་གནང་།

འབྲེལ་ཡོད་གསར་འགྱུར།

Theft at Kinmay Monastery raises security concerns in Arunachal’s Tawang. Photo:India Today NE
Mobile App

མོན་རྟ་དབང་གི་ཁིན་མེ་དགོན་པར་རྐུན་མ་ཤོར།

ཆུ་ཚོད་ ༤ སྔོན་ལ།
STEVE REED, STAND FOR TIBETANS. Tibet Action's photo
Mobile App

རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷ་ཌ་ཝ་ཇི་ལགས། དྲ་ལམ་གྱི་པར།
Mobile App

དྷ་རམ་ས་ལར་ནང་བསྟན་རིག་པའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་གྲོས་གཞི་གྲོས་འཆར་གདོན་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images
Mobile App

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༡/༡༤
On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

༢༠༢༦/༠༡/༡༣
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese