མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

བོད་ཀྱི་དུས་བབ།
༢༠༢༦/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྣེ་འཁྲིད་ནས་ཚོགས་སྡེ་ཁག་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀློད་གྲོལ་གཏང་དགོས་པའི་རེ་སྐུལ་གནང་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དང་ཡན་ལག་ཁག་ཅིག་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་སུམ་ཅུ་ལྷག་གིས། འདི་ལོར་ཨི་རན་ནང་ངོ་རྒོལ་དང་ཕྱོགས་འགལ་གྱི་ལྟ་བ་འཛིན་མཁན་ལ་གདུག་རྩུབ་ཆེན་པོས་དྲག་གནོན་དང་། འབྲེལ་མཐུད་ཡོངས་སུ་ཆད་ལ་ཉེ་བའི་ཛ་དྲག་གི་དུས་སྐབས་འདིར། ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། གསར་འགོད་པ་དང་རང་དབང་གི་རྩོམ་པ་པོ་རྣམས་བཙོན་འཇུག་བྱ་རྒྱུ་མཚམས་འཇོག རྒྱལ་ཡོངས་སུ་སྨྲ་བརྗོད་དང་འདུ་འཛོམས་རང་དབང་སྤྲད་དགོས་པའི་རེ་སྐུལ་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག

བསྒྲགས་གཏམ་དེའི་ཁྲོད། ཨི་རག་ནང་བཀག་ཉར་ཁང་སོགས་སུ་བཙོན་པ་རྣམས་ལ་མནར་གཅོད་དང་རྡུང་རྡེག་སོགས་ཚབས་ཆེན་གཏོང་གིན་ཡོད་པའི་རྐྱེན་གྱིས་ཡུལ་དེར་ཟིང་འཁྲུག་དང་གཏོར་རྒོལ་ཡོང་གི་ཡོད་ཅིང་། ལྷག་པར་དུ་ཚོགས་པ་ཁག་ཅིག་གིས། ཁྲིམས་མཐུན་མིན་པའི་ཐོག་ནས་དམར་གསོད་དང་། རྨས་སྐྱོན་བཟོས་པ། བཙོན་འོག་ནས་གར་སོང་ཆ་མེད་དུ་བཏང་བ།  བཙོན་པ་རྣམས་ཀྱིས་ཚད་ལས་འདས་པའི་སྡུག་བསྔལ་མྱོང་གིན་ཡོད་པ་མ་ཟད། མི་མང་པོ་ཡུན་རིང་ནས་ཕྱི་ཕྱོགས་ལ་འབྲེལ་འདྲིས་མེད་པར་བཀག་སྡོམ་འོག་བཅུག་ཡོད་པ། སྲིད་གཞུང་གི་ཕྱོགས་འགལ་བ་ཚོར་འབུར་འཇོམས་དང་། གང་བྱུང་འཛིན་བཟུང་བཀག་ཉར་སོགས་ཀྱིས་མཚོན་པའི་ཕྱོགས་ཡོངས་ནས་དྲག་གནོན་བྱེད་ཀྱིན་ཡོད་སྐོར་གསལ་འདུག

ཡང་བསྒྲགས་གཏམ་ཁྲོད། ཉེ་ལམ་ཨི་རན་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད། སྤྱི་ཚོགས་སུ་ཆེ་མཐོང་ཡོད་པའི་མི་སྣ་མང་པོ་ཞིག་ཡོད་ཅིང་། དེའི་ནང་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནཱར་གྷེས་མོ་ཧཱ་མཱ་ཌི་(Narges Mohammadi)དང་། སེ་པི་ཌེ་གྷོལ་ཡཱན་(Sepideh Gholian) ། ཨ་ལི་ཡེ་མོ་ཊ་ལེབ་ཛ་དྷེ་ (Alieh Motalebzadeh) ། ཇཱ་ཝཱཌ་ཨ་ལི་ཀོར་ཌི་(Javad Alikord) ། ཧཱ་སི་ཊི་ཨ་མི་རི་(Hasti Amiri)། པུར་ཨཱན་ནཱ་ཛེ་མི་(Pooran Nazemi) ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་གསར་འགོད་པ་གཞན་ཁག་ཅིག་ཀྱང་ཚུད་ཡོད་ཅིང་། ཁོང་ཚོ་ཕྱི་ཚེས་ ༡༢ ཉིན་ཁྲིམས་རྩོད་པ་ཁོ་སི་རོའུ་ཨ་ལི་ཀོར་ཌིའི་(Khosrow Alikordi) དྲན་གསོའི་མཛད་སྒོ་མཱ་ཤ་ཧཱཌ་(Mashhad) གྲོང་ཁྱེར་དུ་འཚོགས་རྗེས་དྲག་པོའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་བ་གཅིག་ལྷག་གི་རིང་ལ་བཀག་ཉར་བྱས་ཏེ་ཁོང་རྣམས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མེད་པའི་ཁར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནཱར་གྷེས་མོ་ཧཱ་མཱ་ཌི་ལགས་ལ་ཁྲིམས་རྩོད་པ་དང་། ནང་མིར་སོགས་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་སྐོར་གསལ་འདུག

ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནཱར་གྷེས་མོ་ཧཱ་མཱ་ཌི་(Narges Mohammadi)སོགས་གསར་འགོད་པ་དང་རྩོམ་པ་པོ་སོགས་འཛིན་བཟུང་བྱས་པ་ཁག་ཅིག

བསྒྲགས་གཏམ་གྱི་རེ་སྐུལ་ནང་དུ། ཨི་རན་རྒྱལ་ཁབ་ཏུ་དོན་མེད་མང་ཚོགས་འཛིན་བཟུང་བཀག་ཉར་དང་། དམར་གསོད། དྲག་སྤྱོད་ཀྱི་ལས་འགུལ་སྣ་མང་སྤེལ་མུས་ཡིན་སྟབས། ང་ཚོས་ཨི་རན་གྱི་མི་མང་གིས་རང་དབང་གི་ལས་འགུལ་དང་མང་གཙོའི་ཁེ་དབང་ཆེད་དུ་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་ཆ་ཚང་ཞུ་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་མི་སྲོག་ཤོར་བ་མང་དུ་མི་འགྲོ་བ་དང་། ཨི་རན་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་བསྒྲུབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་། ཨི་རན་གྱི་རང་དབང་འཐབ་རྩོད་པ་དང་ཕྱི་ལོ་ ༢༠༢༥ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ནཱར་གྷེས་མོ་ཧཱ་མཱ་ཌི་གཙོས།  འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན། སྤྱི་ཚོགས་ལས་འགུལ་བ། གསར་འགོད་པ། ཁྲིམས་རྩོད་པ། རྩོམ་པ་པོ། སྒྱུ་རྩལ་བ། ཆོས་ལུགས་དང་མི་རིགས་གྲངས་ཉུང་གི་འཐུས་མི། ཁོར་ཡུག་དང་ངལ་རྩོལ་སྲུང་སྐྱོབ་བྱེད་མཁན། སློབ་ཕྲུག་བཅས་དང་། གཞན་ཡང་རང་རང་གི་གཞི་རྩའི་ཁེ་དབང་ལག་བསྟར་བྱས་པའི་རྐྱེན་གྱིས་བཀག་ཉར་བྱས་པའམ་ཉེན་ཁའི་ནང་ཚུད་པའི་མི་ཚང་མ་མྱུར་དུ་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་གཏང་དགོས། དྲ་རྒྱ་དང་འཕྲིན་གཏོང་ཞབས་ཕྱིར་ཚད་བཀག་མེད་པའི་སྤྱོད་སྒོ་བསྐྱར་གསོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་གནས་ཚུལ་བཀག་སྡོམ་བྱས་ནས་གསར་འགྱུར་སྤེལ་བར་བཀག་འགོག་བྱེད་མཚམས་འཇོག་དགོས་པ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནས་ཚུལ་ར་སྤྲོད་བྱེད་པར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་མཚམས་འཇོག་བྱ་དགོས། ཞེས་སོགས་གསལ་འདུག

ཐེངས་འདིའི་ངོ་རྒོལ་དེ་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་ནས་བཟུང་མགོ་བཙུགས་ཏེ།  མི་མང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་ལས་ཛ་དྲག་སྐྱོབ་ཐབས་དགོས་པ་དང་། ལྐོག་ཟ་རུལ་སུངས་བཀག་འགོག་པ།  ཨི་རན་གྱི་སྲིད་འཛིན་མ་སུ་ཌི་ (Masoud Pezeshkian)ཀྱིས་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་སོགས་ཀྱི་འབོད་སྒྲ་སྒྲོག་བཞིན་ཡོད་འདུག་ལ། ཝི་ཀེ་རིག་མཛོད་ལྟར་ན། ཡུལ་དེའི་ཞིང་ཆེན་ ༣༡ གི་གྲོང་ཁྱེར་ཁག་ ༡༨༠ ལྷག་གི་ནང་མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག་ཀྱང་། ད་ལྟ་བར་དུ་མི་གྲངས་ ༢༠༠༠ ལྷག་རྐྱེན་འདས་ཕྱིན་པའི་གནས་ཚུལ་ཐོན་གྱི་འདུག་ཀྱང་བརྒྱུད་ལམ་ཁག་ལ་བཀག་སྡོམ་ཆེན་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་པའི་གྲངས་འབོར་སོགས་ཀྱི་གནས་ཚུལ་ཁ་གསལ་མི་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༨ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese