མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུས་ཡོད་འདུག

ཨོ་གླིང་གི་གྲོས་ཚོགས་སུ་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ (Barbara Pocock) ལགས་ཀྱིས་གཏམ་བཤད་གནང་བཞིན་པ། ༢༠༢༦།༢།༣ བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།

ཁ་སང་ཕྱི་ཚེས་ ༣ ཉིན་གྱི་དགོང་མོར་ཨོ་གླིང་གི་གྲོས་ཚོགས་སུ་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ (Barbara Pocock) ལགས་ཀྱིས། དེ་རིང་༸གོང་ས་མཆོག་གི་སྐོར་ལ་སྐད་ཆ་བཤད་རྒྱུ་བྱུང་བ་དང་། ཉེ་ཆར་དྷ་རམ་ས་ལར་ཕྱིན་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་བྱུང་བ། བོད་མིའི་སྒྲིག་འཛུགས་སུ་སྐོར་སྐྱོད་བྱས་པ་སོགས་ནི་གཟི་བརྗིད་ཅིག་ལ་ངོས་འཛིན་གྱི་ཡོད། དེ་རིང་གྲོས་ཚོགས་ར་བའི་ནང་ཀརྨ་སེངྒེ་ལགས་ཀྱི་མདུན་ནས་སྐད་ཆ་བཤད་རྒྱུ་བྱུང་བར་དགའ་སྤོབས་ཡོད། འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྷི་རེ་མི་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་སྐབས་ ༦༨ པ་འཚོགས་ཡོད་ཅིང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེའི་གསུང་སྐད་ལྡན་པའི་རོལ་དབྱངས་ཤིག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོག་མ་དེ་ཐོབ་ཡོད་པ་རེད། ཅེས་གསུངས་འདུག

གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས། བྱམས་སྙིང་རྗེ་དང་ཞི་བདེའི་གསུང་སྐད་ལྡན་པའི་རོལ་དབྱངས་ཤིག་ལ་གཟེངས་རྟགས་ཐོབ་པ་ཙམ་མིན་པར། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་བོད་ནས་རྒྱ་གར་བཙན་བྱོལ་དུ་ཕེབས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཕྱག་ལས་གནང་བ་སོགས་འཛམ་གླིང་ཁྱོན་ཡོངས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཡང་བྷར་བྷ་ར་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་བེད་སྤྱད་དེ། རྒྱ་ནག་གཞུང་གིས་གཟེངས་རྟགས་དེ་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་གཡོལ་ཐབས་ཤིག་ཡིན་སྐོར་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། ༸གོང་ས་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེའི་གསུང་སྐད་ལྡན་པའི་རོལ་དབྱངས་ལ་ཉན་མཁན་སུ་འདྲ་ཞིག་གིས་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་དེ་རྒྱུ་མཚན་ལྡན་པ་ཞིག་མེད་པ་ཤེས་ཐུབ་ལ། བོད་ཀྱི་ལོ་རྒྱུས་དང་། ༸མགོན་པོ་གང་ཉིད་མཆོག་གིས་བོད་ནང་དམངས་གཙོ་གོང་འཕེལ་གཏོང་བའི་ཆོད་སེམས་སྐོར་ཤེས་རྟོགས་ཡོད་མཁན་ཚོས། རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་། རང་དབང་སོགས་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་ཤེས་ཐུབ། ཅེས་འགྲེལ་བརྗོད་གནང་འདུག

༸གོང་ས་མཆོག་གི་རོལ་དབྱངས་བརྩམས་ཆོས་དེ་ནི། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲི་དང་ཞི་གནས།  བྱམས་བརྩེ་དང་ཞི་བདེ་སོགས་༸གོང་ས་མཆོག་གི་བཀའ་སློབ་ཀྱི་སྙིང་བོ་དག་གཞས་དབྱངས་གསར་པ་བརྒྱུད་ནས་མི་རྣམས་ལ་སྐུལ་མ་གཏོང་གི་ཡོད་པ་ཞིག་ཡིན་འདུག་ལ། རོལ་དབྱངས་བརྩམས་ཆོས་དེའི་ནང་དུ་ཆུ་ཚོད་ ༡༠༠ ལྷག་གི་༸གོང་ས་མཆོག་གི་བཀའ་སློབ་དང་གསུང་བཤད་སོགས་སྒྲ་འཇུག་བྱས་ཡོད་པ་རེད།

༸གོང་ས་མཆོག་གི་རོལ་མོའི་བརྩམས་ཆོས་དེ་ཕྱི་ལོ་ ༢༠༢༥ ཟླ་ ༨ པའི་ནང་ཐོག་མར་འགྲེམས་སྤེལ་བྱས་པ་དང་། འདས་ལོའི་ཟླ་ ༡༡ ནང་གྷི་རེ་མི་ཡི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་ཡོད། བརྩམས་ཆོས་དེ་ནི་ཕྱི་ལོ་ ༢༠༠༩ ཙམ་ནས་རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་ཨམ་ཇཱ་ཨ་ལི་ཁན་ (Amjad Ali Khan ) ལགས་དང་ཀ་བྷིར་སེ་གྷལ་(Kabir Sehgal) ལགས་གཉིས་ཀྱིས་བཟོ་བསྐྲུན་བྱེད་མགོ་བཙུགས་པ་ཞིག་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese